Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 18 - གློ་བ།


བཱ་བི་ལོན་རྒྱལ་ས་མེད་ད་ལ་འགྲོ་གིན་གྱི་སྐོར།

1 འོ་དེ་གཤམ་ནས་ནམ་མཁའི་ཞིང་ཁམས་ནས་དབང་ཆེ་འོད་ཀྱིན་ནམ་མཁའི་བང་ཆེན་གཞན་མ་གཅིག་མ་ལ་ཕེབས་ཀྱིན་གོ་ངས་མཐོང་སོང་། འོ་དེའི་གཟི་བརྗིད་ཀྱི་ས་གཞི་ལ་འོད་ཕྲ་ཆག་བའི་བྱུང་བ་ལགས།

2 དེ་ནས་འོ་དེ་ཡིས་གསུང་སྐད་ཆེ་ལ་དེ་རེ་གསུངས་བ་ལགས། མེད་ད་ལ་ལ་སོ། རྒྱལ་ས་ཆེ་བཱ་བི་ལོན་གོ་མེད་ད་ལ་ལ་སོ། མོ་ནི་འདྲེ་ཀྱ་ཡི་གནས་ས་བྱུང་འདུག། དེ་ནས་སེམས་ཉིད་མེད་གཙང་ང་སྣ་ཚོགས་ཀྱི་གནས་ས། དང་བྱ་མེད་གཙང་ང་སྣ་ཚོགས་ཀྱི་གནས་ས། དེ་ནས་སེམས་ཅན་མེད་གཙང་ང་དང་ཨམ་ལོག་བ་སྣ་ཚོགས་ཀྱི་གནས་ས་བྱུང་འདུག།

3 གི་བྱས་རེ་སྨྲ་ན་མི་རིགས་གི་རི་ཡིས། མོའི་འདོད་ཆགས་ཀྱི་རྒུན་ཆང་ག་ར་གོ་འཐུང་འདུག། དེ་ནས་ས་གཞིའི་རྒྱལ་བོ་ཀྱ་ཡི་མོའི་མུ་ལ་ལོག་གཡེམ་བྱས་འདུག། དེ་ནས་ས་གཞིའི་ཚོང་པ་ཀྱ་མོའི་འདོད་ཡོན་གྱི་བྱས་རེ་ཕྱུག་པོ་བྱུང་འདུག།

4 དེ་ནས་ངས་ནམ་མཁའི་ཞིང་ཁམས་ནས་དེ་རེ་གསུངས་ཀྱིན་གསུང་སྐད་གཞན་མ་གཅིག་གོ་སོང་། ངའི་མི་ཀྱ་བོ། ཁྱེད་ཀྱ་མོའི་སྡིག་པ་མུ་ལ་མེད་འདྲེ་ཡས་དང་། མོའི་ཆད་པ་ཀྱ་མེད་འཕོག་ཡས་ཀྱི་ཕྱིར་ལ། ཁྱེད་ཀྱ་མོའི་ནང་ནས་ཐོན་ཏེ་ཤོག།

5 གི་བྱས་རེ་སྨྲ་ན་མོའི་སྡིག་པ་ཀྱ་མང་ང་བྱུང་རེ་ནམ་མཁའི་ཞིང་ཁམས་ཐུག་པའི་སླེབས་འདུག། དེ་ནས་དཀོན་མཆོག་གིས་མོའི་ལས་ཀ་ངན་པ་ཀྱ་དྲན་གསོ་མཛད་འདུག།

6 མོས་གཞན་མ་ལ་བྱས་བྱ་ཅོག་རེ་མོ་ལ་བྱེད། མོས་བྱས་བྱ་ནས་ལྡབ་གཉིས་མོ་ལ་ལོག། མོས་གཞན་མ་ལ་གྲ་སྒྲིག་བྱས་བྱ་སྡུག་པོའི་རྒུན་ཆང་ནས། ལྡབ་གཉིས་ག་ར་མོའི་ཕོར་ར་ནང་དུ་བླུགས།

7 མོས་མོ་རང་ལ་གཟི་བརྗིད་བཏང་གིན་དང་འདོད་ཡོན་ལ་བསྡད་ཀྱིན་ཙོ་ཚོད། མོ་ལ་སྡུག་པོ་དང་སྡུང་ང་སྟེར། གི་བྱས་རེ་སྨྲ་ན་མོས་རང་གི་སེམས་ལ་དེ་རེ་སྨྲ་ལགས། ང་རྒྱལ་མོ་བྱུང་རེ་བསྡད་འོད། ང་ཡུགས་ས་མ་མིན། ང་ནམ་མའང་སྡུག་སྲུང་དགོས་གུ་མ་ལགས།

8 འོ་བྱས་རེ་ཉིན་མ་གཅིག་ལ་རང་མོའི་ཁར་ལ་སྡུག་པོ་ཀྱ་འབྱུང་གི་ལགས། འཆི་བ་དང་སེམས་སྡུག་དང་མུ་གེ། མེ་ཡིས་ཐོག་ནས་མོ་ལ་བསྲག་གི་ལགས། གི་བྱས་རེ་སྨྲ་ན་མོ་ལ་ཁྲིམས་བཅད་མཛད་ཀྱིན་གཙོ་བོ་དཀོན་མཆོག་ནི་ཀུན་དབང་དཀོན་མཆོག་ལགས།

9 མོའི་མུ་ལ་ལོག་གཡེམ་བྱས་བྱ་དང་མོའི་འདོད་ཡོན་ལ་བསྡད་ད་ས་གཞིའི་རྒྱལ་བོ་ཀྱ་ཡིས། མོ་ལ་བསྲགས་ཀྱིན་དུད་པ་མཐོང་རེ། མོའི་ཆེད་དུ་ངུ་གི་ལགས། དེ་ནས་སྡུག་བསྲུང་གི་ལགས།

10 མོའི་སྡུག་པོ་གོ་ལ་འཇིགས་ཏེ་ཁོང་ཀྱ་ཐག་རིང་ང་ལ་ལངས་རེ་བསྡད་དེ་དེ་རེ་སྨྲ་གི་ལགས། ཨ་ཙི། ཨ་ཙི། ཁྱོད་རྒྱལ་ས་ཆེ། ཁྱོད་རྒྱལ་ས་དབང་ཆེ་བཱ་བི་ལོན། ཆུ་ཚོད་གཅིག་ལ་རང་ཁྱོད་ལ་ཆད་པ་ཕོག་སོང་།

11 ས་གཞིའི་ཚོང་པ་ཀྱ་མོའི་ཕྱིར་ལ་ངུ་གི་ལགས། དེ་ནས་སྡུག་བསྲུང་གི་ལགས། གི་བྱས་རེ་སྨྲ་ན་སུས་འང་ཁོང་ཀྱ་ཡི་ཚོང་ཟོག་ཡང་ནམ་མའང་མེད་ཉོ་གི་ལགས།

12 ཚོང་ཟོག་ཀྱ་ནི་གསེར་དང་། དངུལ་དང་། རྡོ་རིན་པོ་ཆེ་དང་། མུ་ཏིག་ཀྱ་དང་། རས་སྤུས་མ་ཀྱ་དང་། རས་རྒྱ་སྨུག་ཀྱ་དང་། དར་གོས་དང་། རས་དམར་བོ་ཀྱ། དེ་ནས་དྲི་ཞིམ་འོད་ཀྱིན་ཤིང་སྣ་ཚོགས་དང་། གླང་ཆེན་གྱི་མཆེ་བ་ནས་བཟོས་ཟ་ཅ་ལག་སྣ་ཚོགས། དེ་ནས་རིན་ཆེ་ཤིང་དང་། ལི་དིང་དང་ལྕགས་དང་། རྡོ་ཀ་མ་རུ་ཡིས་བཟོས་ཟ་ཅ་ལག་སྣ་ཚོགས།

13 དང་། ཤིང་ཚ་དང་། སྨན་སྣ་དང་། སྤོས་དང་། མུར་ར་དང་། སྤོས་དཀར་དང་། རྒུན་ཆང་དང་། སྐྱུར་རུ་ཤིང་གི་སྣུམ་དང་། ཕེ་དང་། གྲོ་དང་། བ་གླང་དང་། ལུག་དང་། རྟ་དང་། ཤིང་རྟ་འཁོར་ལོ་དང་། བྲན་གཡོག་དང་མི་ཀྱ་ལགས།

14 ཁོང་ཀྱ་ཡིས་སྨྲ་གི་ལགས། ཁྱོས་འདོད་པ་བྱས་བྱ་འབྲས་བུ་ཀྱ་ཁྱོད་ནས་ཤོར་འདུག།དེ་ནས་ཁྱོའི་འདོད་ཡོན་དང་རྒྱུ་ནོར་ཀྱ་མེད་ད་ལ་སོང་འདུག།དེ་ནས་འོ་དེ་ཁྱོད་ལ་ནམ་མའང་འཐོབ་ཀྱི་མ་ལགས།

15 འོ་དེ་རྒྱལ་ས་ལ་ཚོང་ཟོག་ཀྱ་བཙོངས་རེ་ཕྱུག་པོ་བྱུང་བྱ་ཚོང་པ་ཀྱ། མོའི་སྡུག་པོ་ལ་འཇིགས་ཏེ་ཐག་རིང་ང་ལ་ལངས་རེ་བསྡད་ཀྱི་ལགས། དེ་ནས་ཁོང་ཀྱ་སྐད་ཆེ་ལ་དེ་རེ་སྨྲས་རེ་ངུ་གི་ལགས། དེ་ནས་སྡུག་བསྲུང་གི་ལགས།

16 ཨ་ཙི། ཨ་ཙི། ཁྱོད་རྒྱལ་ས་ཆེ། ཁྱོད་རས་སྤུས་མ་དང་རྒྱ་སྨུག་དང་དམར་བོ་གོན་ག། དེ་ནས་གསེར་དང་རྡོ་རིན་པོ་ཆེ་དང་མུ་ཏིག་ཀྱ་ཡི་རྒྱན་ཆ་གོན་ག།

17 ཆུ་ཚོད་གཅིག་ལ་རང་ཁྱོའི་རྒྱུ་ནོར་གི་རི་མེད་ད་ལ་ལ་སོང་། གྲུ་གཟིངས་ཀྱི་དཔོན་པོ་ཀྱ་དང་གྲུ་གཟིངས་ཞོན་གྱིན་མི་ཀྱ་དང་། གྲུ་པ་ཀྱ་དང་རྒྱ་མཚོ་ནས་འཚོ་བ་བསྐྱལ་གྱིན་ཚོང་པ་ཀྱ་ཐག་རིང་ང་ལ་ལངས་རེ་བསྡད་ཀྱི་ལགས།

18 དེ་ནས་འོ་དེ་རྒྱལ་ས་ཆེ་གོ་འཚིག་སྟེ་དུད་པ་གོ་མཐོང་རེ་ཁོང་ཀྱ་ཡིས་དེ་རེ་སྨྲས་རེ་སྐད་བརྒྱབ་ཀྱི་ལགས། དེ་ཅོག་རེ་རྒྱལ་ས་ཆེ་གཞན་མ་ག་རུ་འོད་ད་ལགས་སེ།

19 ཁོང་ཀྱ་ཡིས་རང་གི་མགོ་ལ་ཐལ་ལ་གཏོར་ཏེ་ངུ་གི་ལགས། དེ་ནས་སྡུག་བསྲུངས་རེ་དེ་རེ་སྨྲ་གི་ལགས། ཨ་ཙི། ཨ་ཙི། ཁྱོད་རྒྱལ་ས་ཆེ། རྒྱ་མཚོ་ལ་གྲུ་གཟིངས་འོད་ཀྱིན་གི་རི། མོའི་ཐོག་ནས་ཕྱུག་པོ་བྱུང་བ་ལགས། དེ་ནས་ཆུ་ཚོད་གཅིག་ལ་རང་མོ་མེད་ད་ལ་ལ་སོང་།

20 ཀྱེ་ནམ་མཁའི་ཞིང་ཁམས། མོའི་ཁྲིམས་གཅོད་ལ་ཉམ་མོ་དགའོ། ཀྱེ་དམ་པའི་མི་ཀྱ་དང་སྐུ་ཚབ་ཀྱ་དང་མངོན་ཤེས་མཁན་ཀྱ་ཉམ་མོ་དགའོ། ཁྱེད་ཀྱ་ལ་བརྙས་བཅོས་བྱེད་མཁན་གོ་ལ། དཀོན་མཆོག་གིས་མོ་ལ་ཁྲིམས་བཅད་མཛད་འདུག།

21 དེ་ནས་ནམ་མཁའི་བང་ཆེན་སྟོབས་ཆེ་གཅིག་གིས་འཐག་རྡོ་ཆེ་ཅོག་རེ། རྡོ་གོང་གཅིག་བཀྱགས་ཏེ་དེ་རེ་གསུངས་རེ་རྒྱ་མཚོ་ནང་ལ་གཡུགས་སོང་། རྒྱལ་ས་ཆེ་བཱ་བི་ལོན་གོ་ལ། དེ་རེ་རང་ཤུགས་ཆེ་བྱས་རེ་གཡུག་གི་ལགས། དེ་ནས་འོ་དེ་ལྡབ་ལེ་ནམ་མའང་མེད་མཐོང་གི་ལགས།

22 པི་ཝང་བཏང་མཁན་དང་། གླུ་ལེན་མཁན་དང་། གླིང་བུ་བཏང་མཁན་དང་། དུང་ཆེན་འབུད་མཁན་ཀྱ་ཡི་སྒྲ་ཀྱ། ཁྱོའི་ནང་དུ་ཡང་ནམ་མའང་མེད་གོ་གི་ལགས། བཟོ་རིགས་གིན་གྱིའང་བཟོ་པ་ཀྱ། ཁྱོའི་ནང་དུ་ཡང་ནམ་མའང་མེད་རྙེད་ཀྱི་ལགས། འཐག་རྡོའི་སྐད། ཁྱོའི་ནང་དུ་ཡང་ནམ་མའང་མེད་གོ་གི་ལགས།

23 གློག་གི་འོད། ཁྱོའི་ནང་དུ་ཡང་ནམ་མའང་མེ་འབར་གྱི་ལགས། མག་པ་དང་བག་མའི་སྐད། ཁྱོའི་ནང་དུ་ཡང་ནམ་མའང་མེད་གོ་གི་ལགས། གི་བྱས་རེ་སྨྲ་ན་ཁྱོའི་འཚོང་པ་ཀྱ་ས་གཞིའི། མི་ཁག་ཆེ་ཀྱ་ལགས། དེ་ནས་ཁྱོས་མཐུ་བརྒྱབ་སྟེ་མི་རིགས་གི་རི་ལ་བླུས་བ་ལགས།

24 དེ་ནས་ཁྱོའི་ནང་དུ་མངོན་ཤེས་མཁན་ཀྱ་དང་དམ་པའི་མི་ཀྱ་ཡི་ཁྲག། དང་ས་གཞི་རུ་བསད་ས་མི་གི་རིའི་ཁྲག་རྙེད་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan