མངོན་པ། 17 - གློ་བ།བུ་མོ་དང་སེམས་ཅན་གྱི་སྐོར། 1 འོ་དེ་ཕོར་ར་བདུན་འོད་ཀྱིན་ནམ་མཁའི་བང་ཆེན་བདུན་ནས་གཅིག་ངའི་རྩ་རུ་ཕེབས་ཏེ་དེ་རེ་གསུངས་སོང་། དུ་རུ་ཤོག། ང་ཁྱོད་ལ་ཆུ་མང་ང་ཡི་འགྲམ་ལ་བསྡད་ཀྱིན་འོ་དེ་གཞང་འཚོང་མ་སྐད་གྲགས་ཆེ་ལ་འཕོག་ཡས་ཡིན་གྱིན་ཁྲིམས་གཅོད་གོ་སྟོན་དོ། 2 འོ་དེ་མུ་ལ་ས་གཞིའི་རྒྱལ་བོ་ཀྱ་ཡིས་ལོག་གཡེམ་བྱས་འདུག། དེ་ནས་མོའི་ལོག་གཡེམ་གྱི་རྒུན་ཆང་འཐུང་རེ་ས་གཞིའི་མི་གི་རི་བཟི་རེ་བསྡད་འདུག། 3 དེ་ནས་ང་དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ་འོ་དེ་ནམ་མཁའི་བང་ཆེན་གྱིས་ང་ལ་རི་སྟོང་གཅིག་ལ་ཁྲིད་བ་མཛད་སོང་། དེ་ནས་ངས་འོ་དུ་རུ་མགོ་བ་བདུན་དང་། རྭ་ཀྱོག་བཅུ་འོད་ཀྱིན་དང་། དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་མིང་ཀྱ་ཡིས་ཁངས་ཁ་སེམས་ཅན་དམར་བོ་གཅིག་གི་ཁར་ལ་བསྡད་ད་བུ་མོ་གཅིག་ལ་མཐོང་སོང་། 4 འོ་དེ་བུ་མོ་ཡིས་གོས་རྒྱ་སྨུག་དང་དམར་བོ་གོན་འོད་ད་ལགས། དེ་ནས་གསེར་དང་རྡོ་རིན་པོ་ཆེ་དང་མུ་ཏིག་ཀྱ་ཡི་རྒྱན་ཆ་ཀྱ་ཡིས་བཏུམས་འོད་ད་ལགས། མོའི་ལག་པ་ལ་ཨམ་ལོག་བ་དང་རང་གི་ལོག་གཡེམ་གྱི་མེད་གཙང་ང་དོན་ཀྱ་ཡིས་ཁངས་ཁ་གསེར་གྱི་ཕོར་ར་གཅིག་ཟིམ་ཏེ་བསྡད་འོད་ད་ལགས། 5 དེ་ནས་མོའི་དཔྲལ་ལེ་ཁར་ལ་དེ་རེ་གསང་བ་ཡི་དོན་དག་འོད་ཀྱིན་དེ་རེ་མིང་བྲིས་འོད་ད་ལགས། རྒྱལ་ས་ཆེ་བཱ་བི་ལོན། ས་གཞིའི་གཞང་འཚོང་མ་ཀྱ། དང་ཨམ་ལོག་བ་དོན་ཀྱ་ཡི་ཨ་མ། 6 དེ་ནས་འོ་དེ་བུ་མོ་ཡིས་ཡེ་ཤུ་ལ་བདེན་དཔང་བྱས་ཀྱིན་དམ་པའི་མི་ཀྱ་ཡི་ཁྲག་འཐུང་རེ་བཟི་གིན་གོ་ངས་མཐོང་སོང་། འོ་དེ་ལ་མཐོང་རེ་ང་དམི་ཅིག་གི་ཧང་སངས་སོང་། 7 དེ་ནས་འོ་དེ་ནམ་མཁའི་བང་ཆེན་གྱིས་ང་ལ་གསུངས་སོང་། ཁྱོད་གི་བྱས་རེ་ཧང་སངས་ང་ལེ། འོ་དེ་བུ་མོ་དང་མོ་ལ་འཁུར་གྱིན་མགོ་བ་བདུན་དང་རྭ་ཀྱོག་བཅུ་འོད་ཀྱིན་འོ་དེ་སེམས་ཅན་གྱི་གསང་བ་གོ་ངས་ཁྱོད་ལ་བཤད་དོ། 8 ཁྱོས་མཐོང་གིན་འོ་དེ་སེམས་ཅན་གོ་ཨེན་མ་ཐེངས་གཅིག་ལ་འོད་ད་ལགས། ཡིན་ནའང་ད་ལྟ་མེད་ད་ལགས། དེ་ནས་མེད་ད་ལ་འགྲོ་ཡས་ཀྱི་ཆེད་དུ་འོ་དེ་མཐིལ་མེད་ཀྱིན་དོང་དོང་ནས་ཐོན་ཡས་བྱེད་འདིག། དེ་ནས་ས་གཞི་བཀོད་ནས་ཧ་ལ་ཚེ་སྲོག་གི་དེབ་ནང་དུ་མིང་མ་བྲིས་བྲ། ས་གཞིའི་མི་ཀྱ་འོ་དེ་སེམས་ཅན་ལ་མཐོང་རེ་ཧང་སངས་ཀྱི་ལགས། གི་བྱས་རེ་སྨྲ་ན་འོ་དེ་ཐེངས་གཅིག་ལ་འོད་ད་ལགས། ཡིན་ནའང་ད་ལྟ་མེད་ད་ལགས། དེ་ནས་གཤམ་ལ་འོང་གི་ལགས། 9 དོན་དེ་ཧ་གོ་ཡས་ཀྱི་ཤེས་རབ་དགོས་ཡས་འདུག། མགོ་བདུན་གོ་འོ་དེ་བུ་མོ་བསྡད་ཀྱིན་རི་བདུན་ཀྱ་ལགས། 10 དེ་ཀྱ་རྒྱལ་བོ་བདུན་ཀྱའང་ལགས། རྒྱལ་བོ་ལྔ་ནི་ཤི་ཚར་ར་ལགས། དེ་ནས་གཅིག་ད་ལྟ་དབང་བྱེད་འདིག་འོད་ད་ལགས། དེ་ནས་གཞན་མ་གཅིག་པོ་གོ་དོ་རང་འང་མ་ཡོང་འོད་ད་ལགས། འོ་དེ་འོང་བའི་གང་ལ་དུས་ཏི་ཏེ་གཅིག་ཀ་བསྡད་དགོས་ཀྱི་ལགས། 11 དེ་ནས་ཨེན་མ་ཐེངས་གཅིག་འོད་ཀྱིན་དང་ད་ལྟ་མེད་ཀྱིན་འོ་དེ་སེམས་ཅན་གོ་རྒྱལ་བོ་བརྒྱད་པ་གོ་ལགས། ཁོ་རྒྱལ་བོ་བདུན་པ་ཀྱ་ཅོག་རེ་གཅིག་ལགས། དེ་ནས་ཁོའང་མེད་ད་ལ་འགྲོ་ཡས་འོད་ད་ལགས། 12 ཁྱོས་མཐོང་ཐ་འོ་དེ་རྭ་ཀྱོག་བཅུ་གོ་ད་ལྟ་ཐུག་པའི་རྒྱལ་ཁབ་མ་ཐོབ་ཐ་རྒྱལ་བོ་བཅུ་གོ་ལགས། ཡིན་ནའང་ཁོང་ཀྱ་ལ་འོ་དེ་སེམས་ཅན་མུ་ལ་དབང་བསྒྱུར་བྱེད་ཡས་ལ། ཆུ་ཚོད་གཅིག་གི་རྒྱལ་བོའི་དབང་ཆ་འཐོབ་ཀྱི་ལགས། 13 ཁོང་ཀྱ་ཡི་བསམ་བློ་གཅིག་པ་འོད་ད་ལགས། དེ་ནས་ཁོང་ཀྱ་ཡི་རང་གི་ནུས་མཐུ་དང་དབང་ཆ་འོ་དེ་སེམས་ཅན་ལ་སྟེར་གྱི་ལགས། 14 ཁོང་ཀྱ་ཡི་ལུག་ཕྲུག་མུ་ལ་དམག་འཐྲབ་ཀྱི་ལགས། ཡིན་ནའང་ལུག་ཕྲུ་ཡིས་ཁོང་ཀྱ་ཁར་ལ་རྒྱལ་གྱི་ལགས། གི་བྱས་རེ་སྨྲ་ན་ཁོང་པ་གཙོ་བོ་ཀྱ་ཡི་གཙོ་བོ་དང་རྒྱལ་བོ་ཀྱ་ཡི་རྒྱལ་བོ་ལགས། དེ་ནས་ཁོང་པ་མུ་ལ་རང་གི་བོས་པ་ཀྱ་དང་། བདམས་ད་ཀྱ་དང་། བློ་གཏད་ཆོག་པ་མི་ཀྱ་འོད་ད་ལགས། 15 དེ་ནས་འོ་དེ་ནམ་མཁའི་བང་ཆེན་གྱིས་ང་ལ་གསུངས་སོང་། ཁྱོས་མཐོང་ཐ་འོ་དེ་གཞང་འཚོང་མ་བསྡད་ད་ཆུ་ཀྱ་ནི་མི་ཀྱ་དང་། མི་མང་ཀྱ་དང་། མི་རིགས་ཀྱ་དང་། སྐད་རིགས་ཀྱ་ལགས། 16 དེ་ནས་ཁྱོས་མཐོང་ཐ་འོ་དེ་རྭ་ཀྱོག་བཅུ་དང་འོ་དེ་སེམས་ཅན་གྱིས་འོ་དེ་གཞང་འཚོང་མ་ལ་སྡང་ང་བྱེད་ཀྱི་ལགས། དེ་ནས་མོ་ལ་འོད་ཀྱིན་གི་རི་ཕྲོགས་ཏེ་མོ་ལ་དམར་ཧྲང་ང་བཟོ་གི་ལགས། དེ་ནས་ཁོང་ཀྱ་ཡིས་མོའི་ཤ་ཟ་གི་ལགས། དེ་ནས་མོ་ལ་མེ་ལ་བསྲགས་ཏེ་མེད་ད་ལ་གཏང་གི་ལགས། 17 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་བཀའ་མ་འགྲུབ་ཀྱིན་ཐུག་པའི་ཁོང་པ་རང་གི་འཆར་གཞི་གོ་སྒྲུབ་ཏུ་བཅུག་ཡས་ལ། ཁོང་པ་ཡིས་ཁོང་ཀྱ་ལ་སེམས་གཅིག་བྱུང་རེ་རང་གི་རྒྱལ་བོ་ཡི་དབང་ཆ་གོ་འོ་དེ་སེམས་ཅན་ལ་སྟེར་དུ་བཅུག་པ་ལགས། 18 ཁྱོས་མཐོང་ཐ་འོ་དེ་བུ་མོ་གོ་ནི་ས་གཞིའི་རྒྱལ་བོ་ཀྱ་ཡི་ཁར་ལ་དབང་བསྒྱུར་བྱེད་ཀྱིན་འོ་དེ་རྒྱལ་ས་ཆེ་གོ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.