Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 16 - གློ་བ།


དཀོན་མཆོག་གི་ཐུགས་ཁྲོའི་ཕོར་ར་བདུན།

1 དེ་ནས་མཆོད་ཁང་ནང་ནས་གསུང་སྐད་ཆེ་གཅིག་གིས་ནམ་མཁའི་བང་ཆེན་བདུན་ལ་དེ་རེ་གསུངས་ཀྱིན་གོ་ངས་གོ་སོང་། ཁྱེད་ཀྱ་སོང་། དེ་ནས་དཀོན་མཆོག་གི་ཐུགས་ཁྲོའི་ཕོར་ར་བདུན་གོ་ས་གཞི་ཁར་ལ་པོས།

2 དེ་ནས་ནམ་མཁའི་བང་ཆེན་དང་པོ་གོ་སོང་རེ་རང་གི་ཕོར་ར་གོ་ས་གཞི་ཁར་ལ་པོས་བ་ལགས། དེ་ནས་སེམས་ཅན་གྱི་རྟགས་འོད་ཀྱིན་དང་། འོ་དེའི་སྐུ་ལ་ཕྱག་མཆོད་པ་འབུལ་གྱིན་མི་གི་རི་ལ་འཇིགས་སྐྲག་ཆེ་དང་། ཟུག་ཆེ་བརྒྱབ་ཀྱིན་རྨ་ཐོན་པ་ལགས།

3 དེ་ནས་ནམ་མཁའི་བང་ཆེན་གཉིས་བ་ཡིས་རང་གི་ཕོར་ར་གོ་རྒྱ་མཚོ་ཁར་ལ་པོས་བ་ལགས། དེ་ནས་འོ་དེ་གོ་མི་ཤི་ཤའི་ཁྲག་ཅོག་རེ་བྱུང་བ་ལགས། དེ་ནས་རྒྱ་མཚོ་ནང་འོད་ཀྱིན་སྲོག་འོད་ཀྱིན་སེམས་ཅན་གི་རི་ཤི་བ་ལགས།

4 དེ་ནས་ནམ་མཁའི་བང་ཆེན་གསུམ་པ་ཡིས་རང་གི་ཕོར་ར་གཙང་པོ་དང་ཆུ་མིག་ཀྱ་ཡི་ཁར་ལ་པོས་བ་ལགས། དེ་ནས་འོ་དེ་ཀྱ་ཁྲག་བྱུང་བ་ལགས།

5 དེ་ནས་ཆུ་ཀྱ་ཡི་ཁར་ལ་དབང་ཆ་བྱེད་ཀྱིན་ནམ་མཁའི་བང་ཆེན་གྱིས་དེ་རེ་གསུངས་ཀྱིན་གོ་ངས་གོ་སོང་། ཀྱེ་དམ་པ་དཀོན་མཆོག། ད་ལྟ་བཞུགས་གནང་གིན་དང་ཨེན་མ་བཞུགས་མྱོང་འོད་ཀྱིན། ཁྱེད་རང་རང་གི་ཁྲིམས་གཅོད་ལ་དྲང་པོ་འདུག།

6 ཁོང་ཀྱ་ཡིས་ཁྱེད་རང་གི་དམ་པའི་མི་ཀྱ་དང་མངོན་ཤེས་མཁན་ཀྱ་ལ་བསད་ས་བྱས་རེ། ཁྱེད་རང་གིས་ཁོང་ཀྱ་ལ་ཁྲག་འཐུང་དུ་བཅུག་པ་ལགས། དེ་ནི་ཁོང་ཀྱ་ལ་བྱུང་དགོས་ཡས་རང་ལགས།

7 དེ་ནས་མཆོད་ཁྲི་ནས་དེ་རེ་གསུངས་ཀྱིན་གོ་ངས་གོ་སོང་། ལགས། ཀྱེ་གཙོ་བོ་ཀུན་དབང་དཀོན་མཆོག། ཁྱེད་རང་གི་ཁྲིམས་གཅོད་ནི་བདེན་པ་དང་དྲང་པོ་འདུག།

8 དེ་ནས་ནམ་མཁའི་བང་ཆེན་བཞི་བ་ཡིས་རང་གི་ཕོར་ར་གོ་ཉི་མ་ཁར་ལ་པོས་བ་ལགས། དེ་ནས་མི་ཀྱ་ལ་མེ་ཡིས་བསྲགས་ཡས་ཀྱི་དབང་ཆ་ཉི་མ་ལ་སྟེར་པ་ལགས།

9 དེ་ནས་ཁོང་ཀྱ་ཚ་བ་ཚ་རག་ཏེ་ཚིག་པ་ལགས། དེ་ནས་ཁོང་ཀྱ་ཡིས་དེ་སྡུག་པོ་ཀྱ་ཡི་ཁར་ལ་དབང་ཆ་འོད་ཀྱིན་དཀོན་མཆོག་གི་མཚན་ལ་སྐུར་བ་འདེབས་པ་ལགས། ཡིན་ནའང་ཁོང་ཀྱ་རང་གི་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་དང་ཁོང་པ་ལ་བསྟོད་པ་འབུལ་ཡས་ལ་མ་མཉན་པ་ལགས།

10 དེ་ནས་ནམ་མཁའི་བང་ཆེན་ལྔ་བ་ཡིས་རང་གི་ཕོར་ར་གོ། འོ་དེ་སེམས་ཅན་གྱི་བཞུགས་ཁྲི་ཁར་ལ་པོས་བ་ལགས། དེ་ནས་འོ་དེའི་རྒྱལ་སྲིད་གོ་མུན་ནག་པ་བྱུང་བ་ལགས། དེ་ནས་མི་ཀྱ་སྡུག་པོ་ཆེ་ཡིས་བྱས་རེ་རང་གི་ལྕེ་མོ་ལ་སོ་བརྒྱབ་པ་ལགས།

11 དེ་ནས་ཁོ་རང་ཀྱ་ཡི་ཟུག་དང་རྨ་ཡིས་བྱས་རེ་ནམ་མཁའི་ཞིང་ཁམས་ཀྱི་དཀོན་མཆོག་ལ་སྐུར་བ་འདེབས་པ་ལགས། ཡིན་ནའང་རང་གི་བྱས་བྱ་ལས་ངན་ཀྱ་སྤངས་རེ་སེམས་སྒྱུར་བ་མ་བཏང་བ་ལགས།

12 དེ་ནས་ནམ་མཁའི་བང་ཆེན་དྲུག་པ་ཡིས་རང་གི་ཕོར་ར་གོ་གཙང་པོ་ཆེ་ཡུ་ཕ་རཱད་ཀྱི་ཁར་ལ་པོས་བ་ལགས། དེ་ནས་ཤར་ཕྱོགས་ནས་འོངས་ཡས་ཡིན་གྱིན་རྒྱལ་བོ་ཀྱ་ཡི་ལམ་གྲ་སྒྲིག་བྱེད་ཡས་ཀྱི་ཆེད་དུ་འོ་དེ་གཙང་པོའི་ཆུ་སྐམས་པ་ལགས།

13 དེ་ནས་ངས་འོ་དེ་འབྲུག་གི་ཁ་དང་། སེམས་ཅན་གྱི་ཁ་དང་། མངོན་ཤེས་མཁན་ཟོག་པོའི་ཁ་ནས་སྦལ་བ་ཅོག་རེ་སེམས་ཉིད་མེད་གཙང་ང་གསུམ་ཐོན་ཏེ་འོང་གིན་གོ་མཐོང་སོང་།

14 དེ་ཀྱ་ནི་ཧ་ལས་བ་རྟགས་ཀྱ་སྟོན་གྱིན་འདྲེའི་སེམས་ཉིད་ཀྱ་ལགས། ཀུན་དབང་དཀོན་མཆོག་གི་ཉིན་མ་ཁག་ཆེེ་གོ་ལ་དམག་འཐྲབ་ཡས་ཀྱི་ཆེད་དུ། དེ་སེམས་ཉིད་ཀྱ་འཛམ་བུ་གླིང་གི་རིའི་རྒྱལ་བོ་ཀྱ་རྩ་རུ་སོང་རེ་ཁོང་ཀྱ་ལ་རུབས་པ་ལགས།

15 ལྟོས་དང་། ང་རྐུན་མོ་ཅོག་རེ་ཧ་ཏག་པ་ལ་འོང་ཡས་ཡིན། དེ་ནས་དམར་ཧྲང་ང་མི་རྒྱུག་ཡས་དང་ངོ་ཚ་མི་འབྱུང་ཡས་ཀྱི་ཆེད་དུ། གཉིད་མ་ལོག་བ་རང་གི་གོས་ལག་གོན་ཏེ་བསྡད་ཀྱིན་མི་གོ་བྱིན་རླབས་ཆེ་ལགས།

16 དེ་ནས་ཁོང་ཀྱ་ཡིས་རྒྱལ་བོ་ཀྱ་ལ་ཨིབ་རི་པ་སྐད་ལ་ཧར་མ་གེ་དོན་སྨྲ་གིན་ས་ཆ་རུ་རུབས་པ་ལགས།

17 དེ་ནས་ནམ་མཁའི་བང་ཆེན་བདུན་པ་ཡིས་རང་གི་ཕོར་ར་གོ་རླུང་ལ་པོས་བ་ལགས། དེ་ནས་མཆོད་ཁང་གི་བཞུགས་ཁྲི་ནས་གསུང་སྐད་ཆེ་གཅིག་གིས་དེ་རེ་གསུངས་བ་ལགས། ད་རྫོགས་སོ།

18 དེ་ནས་གློག་དམར་དང་། ལྡིར་སྒྲ་དང་། འབྲུག་སྒྲ་ཀྱ་ཐོན་པ་ལགས། དེ་ནས་སུང་གུ་འཇིགས་སྐྲག་ཆེ་སོང་བ་ལགས། ས་གཞི་དུ་མི་རིགས་བཀོད་ནས་ཧ་ལ་བྱུང་མ་མྱོང་གིན་སུང་གུ་དེ་རེ་འཇིགས་སྐྲག་ཆེ་གཅིག་སོང་བ་ལགས།

19 དེ་ནས་བཱ་བི་ལོན་གྱི་རྒྱལ་ས་ཆེ་གོ་དུམ་བུ་གསུམ་ལ་གས་བ་ལགས། དེ་ནས་ས་གཞི་ཀྱའི་རྒྱལ་ས་ཀྱ་བརྡིབས་པ་ལགས། དཀོན་མཆོག་གིས་བཱ་བི་ལོན་རྒྱལ་ས་ཆེ་གོ་ལ་དྲན་པ་ལགས། དེ་ནས་རང་གི་ཐུགས་ཁྲོའི་རྒུན་ཆང་ཁངས་ཁ་ཕོར་ར་གོ་མོ་ལ་འཐུང་དུ་བཅུག་མཛད་པ་ལགས།

20 དེ་ནས་གླིང་ཕྲན་གི་རི་ཡལ་རེ་སོང་བ་ལགས། དེ་ནས་རི་གི་རི་མེད་ཀྱིན་བྱུང་བ་ལགས།

21 དེ་ནས་གནམ་ནས་མ་ལ་ཀི་ལོ་བཞི་བཅུ་བཞི་བཅུ་ཚོད་འོད་ཀྱིན་སེར་ར་ཆེ་ཀྱ་མི་ཀྱའི་ཁར་ལ་བབས་པ་ལགས། དེ་ནས་སེར་ར་བརྒྱབ་ཀྱིན་སྡུག་པོ་ཡིས་བྱས་རེ་མི་ཀྱ་ཡིས་དཀོན་མཆོག་ལ་སྐུར་བ་འདེབས་པ་ལགས། གི་བྱས་རེ་སྨྲ་ན་སྡུག་པོ་དེ་དམི་ཅིག་གི་འཇིགས་སྐྲག་ཆེ་འོད་ད་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan