Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 15 - གློ་བ།


ནམ་མཁའི་བང་ཆེན་བདུན་དང་སྡུག་པོ་བདུན་གྱི་སྐོར།

1 དེ་ནས་ངས་ནམ་མཁའི་ཞིང་ཁམས་དུ་གཞན་མ་རྟགས་ཆེ་དང་ཧང་སང་གིན་གཅིག་མཐོང་སོང་། ནམ་མཁའི་བང་ཆེན་བདུན་ཀྱ་ཡིས་མཐའ་མའི་སྡུག་པོ་བདུན་འཁྱེར་འོད་ད་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་ཁྲོ་ནི་འོ་དེ་སྡུག་པོ་ལ་འགྲུབ་འོད་ད་ལགས།

2 དེ་ནས་མེ་མུ་ལ་འདྲེས་དྲ་ཤེལ་གྱི་རྒྱ་མཚོ་ཅོག་རེ་གཅིག་ངས་མཐོང་སོང་། དེ་ནས་རྒྱ་མཚོའི་འགྲམ་དུ་སེམས་ཅན་དང་འོ་དེའི་སྐུ་དང་། འོ་དེའི་མིང་གི་གྲངས་ཀ་ཁར་ལ་རྒྱལ་ཁ་ཐོབ་ཐ་ཀྱ་རང་གི་ལག་པ་ལ་དཀོན་མཆོག་གི་གནང་ན་པི་ཝང་འཁྱེར་ཏེ་ལངས་རེ་བསྡད་འདུག།

3 དེ་ནས་ཁོང་ཀྱ་ཡིས་དཀོན་མཆོག་གི་ཞབས་ཕྱི་མོ་ཤེ་དང་ལུག་ཕྲུག་གི་མགུར་གླུ་དེ་ལེན་པ་ལགས། ཀྱེ་གཙོ་བོ་ཀུན་དབང་དཀོན་མཆོག་ལགས། ཁྱེད་རང་གི་ཕྱག་ལས་ནི་ཆེ་དང་ཧ་ལས་ཀྱིན་འདུག། ཀྱེ་མི་རིགས་ཀྱ་ཡི་རྒྱལ་བོ། ཁྱེད་རང་གི་ལམ་ནི་དྲང་པོ་དང་བདེན་པ་འདུག།

4 ཀྱེ་གཙོ་བོ། ཁྱེད་རང་ལ་འཇིགས་སྐྲག་སུས་མི་བྱེད་ཀྱི་ལགས་སེ། དེ་ནས་ཁྱེད་རང་གི་མཚན་ལ་སུས་བསྟོད་པ་མི་འབུལ་གྱི་ལགས་སེ། གི་བྱས་རེ་སྨྲ་ན་ཁྱེད་རང་གཅིག་ཀ་དམ་པ་འོད་ད་ལགས། དེ་ནས་མི་རིགས་གི་རི་འོངས་རེ་ཁྱེད་རང་ལ་ཕྱག་མཆོད་པ་འབུལ་གྱི་ལགས། གི་བྱས་རེ་སྨྲ་ན་ཁྱེད་རང་གི་དྲང་བདེན་གྱི་ཕྱག་ལས་ཀྱ་མངོན་འདུག།

5 དེ་གཤམ་ནས་ངས་བལྟས་བའི། དེ་ནས་ནམ་མཁའི་ཞིང་ཁམས་དུ་དཀོན་མཆོག་གི་གུར་ཁང་གི་མཆོད་ཁང་གི་སྒོ་གོ་པེ་རེ་བཞག་ཞ་གོ་ངས་མཐོང་སོང་།

6 འོ་དེ་མཆོད་ཁང་ནང་ནས་ནམ་མཁའི་བང་ཆེན་བདུན་སྡུག་པོ་བདུན་ཁྱེར་ཏེ་ཕེབས་སོང་། ཁོང་ཀྱ་ཡི་གོས་གཙང་མ་དང་འོད་བརྒྱབ་ཀྱིན། དེ་ནས་བྲང་ཁོག་ལ་གསེར་གྱི་སྐུ་རགས་བསྣུམས་འོད་ད་ལགས།

7 དེ་ནས་འོ་དེ་སེམས་ཅན་བཞི་བོ་ནས་གཅིག་གིས་དུས་གཏན་དུ་གནས་ཀྱིན། དཀོན་མཆོག་ཁོང་པའི་ཐུགས་ཁྲོ་ཡིས་ཁང་ཁ་གསེར་གྱི་ཕོར་ར་བདུན་གོ། འོ་དེ་ནམ་མཁའི་བང་ཆེན་བདུན་ལ་གནང་བ་ལགས།

8 དེ་ནས་དཀོན་མཆོག་གི་གཟི་བརྗིད་དང་ནུས་མཐུ་ཡིས་བྱས་རེ་མཆོད་ཁང་ནི་དུད་པ་ཡིས་ཁངས་བ་ལགས། དེ་ནས་འོ་དེ་ནམ་མཁའི་བང་ཆེན་བདུན་ཀྱ་ཡི་སྡུག་པོ་བདུན་གོ་མ་འགྲུབ་ཀྱིན་ཐུག་པའི། སུའང་འོ་དེ་མཆོད་ཁང་ནང་དུ་འཛུལ་མ་ཐུབ་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan