Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 14 - གློ་བ།


ལུག་ཕྲུ་དང་མི་འབུམ་གཅིག་དང་སྟོང་བཞི་བཅུ་ཞེ་བཞིའི་སྐོར།

1 ད་ངས་བལྟས་བའི། དེ་ནས་ལུག་ཕྲུག་གོ་སི་ཡོན་གྱི་རི་ལ་བཞེངས་ཏེ་བཞུགས་ཀྱིན་དང་། ཁོང་མུ་ལ་མི་འབུམ་གཅིག་དང་སྟོང་བཞི་བཅུ་ཞེ་བཞི་གོ་མཐོང་སོང་། ཁོང་ཀྱ་ཡི་དཔྲལ་ལེ་ལ་ཁོང་པ་ཡི་མཚན་དང་ཁོང་པ་ཡི་ཡབ་ཀྱིན་མཚན་བྲིས་འདུག།

2 དེ་ནས་ནམ་མཁའི་ཞིང་ཁམས་ནས་རྒྱུག་ཆུ་ཆེའི་འུར་སྒྲ་དང་། འབྲུག་སྒྲ་ཆེའི་སྐད་ཅོག་རེ་ཐོན་གྱིན་གསུང་སྐད་གཅིག་ངས་གོ་སོང་། ངས་གོ་ག་གསུང་སྐད་དེ་པི་ཝང་བཏང་མཁན་ཀྱ་ཡིས་པི་ཝང་བཏང་གིན་སྒྲ་ཅོག་རེ་འདུག།

3 དེ་ནས་དཀོན་མཆོག་གི་བཞུགས་ཁྲི་དང་། འོ་དེ་སེམས་ཅན་བཞི་དང་། སློབ་དཔོན་ཀྱ་ཡི་གདོང་དུ་ཁོང་ཀྱ་ཡིས་གླུ་གསར་པ་གཅིག་ཕུལ་བ་ལགས། དེ་ནས་ས་གཞི་ནས་རིན་སྟེར་ཏེ་བླུས་ལ་མི་འབུམ་གཅིག་དང་བཞི་བཅུ་ཞེ་བཞི་ཀྱ་མ་ན། གཞན་མ་སུས་འང་འོ་དེ་གླུ་གོ་སྦྱངས་མ་ཐུབ་པ་ལགས།

4 ཁོང་ཀྱ་ནི་བུ་མོ་ཀྱ་མུ་ལ་མ་འདྲེས་བ་རང་ལ་གཙང་མ་བཞག་འོད་ད་ལགས། ཁོང་ཀྱ་ནི་ལུག་ཕྲུ་ག་རུ་ཕེབས་ས་རུ་གཤམ་པ་ལ་འབྲང་མཁན་ཀྱ་ལགས། དེ་ནས་ཁོང་ཀྱ་ནི་དཀོན་མཆོག་དང་ལུག་ཕྲུག་གི་ཆེད་དུ། ལོ་ཏོག་གི་ཕུད་ཅོག་རེ་མི་ཀྱ་ནས་རིན་སྟེར་ཏེ་བླུས་ལོ་བ་ཀྱ་ལགས།

5 ཁོང་ཀྱ་ཡི་ཁར་ལ་ཟོག་གིའང་མེད་ད་ལགས། དེ་ནས་ཁོང་ཀྱ་སྐྱོན་མེད་ཀྱིན་ལགས།


ནམ་མཁའི་བང་ཆེན་གསུམ་གྱི་སྐོར།

6 དེ་ནས་ནམ་མཁའི་བང་ཆེན་གཞན་མ་གཅིག་གནམ་གྱི་བར་སྣང་ལ་འཕུར་ཏེ་བསྡད་ཀྱིན་གོ་ངས་མཐོང་སོང་། དེ་ནས་ས་གཞི་དུ་འོད་ཀྱིན་མི་རིགས་དང་། བརྒྱུད་པ་དང་། སྐད་རིགས་དང་། མི་གི་རི་ལ་གསལ་བསྒྲགས་བྱེད་ཡས་ཡིན་གྱིན་མཐའ་མེད་ཀྱིན་གཏམ་བཟང་གོ་ཁོང་པ་ལ་འོད་ད་ལགས།

7 ཁོང་པ་ཡིས་གསུང་སྐད་ཆེ་ལ་གསུངས་བ་ལགས། དཀོན་མཆོག་ལ་འཇིགས་སྣང་བྱེད། དེ་ནས་བསྟོད་པ་ཕུལ། གི་བྱས་རེ་སྨྲ་ན་ཁོང་པ་ཡི་ཁྲིམས་གཅོད་ཀྱི་དུས་ཚོད་གོ་སླེབས་འདུག། ནམ་མཁའི་ཞིང་ཁམས་དང་། ས་གཞི་དང་། རྒྱ་མཚོ་དང་། ཆུ་ཆུ་མིག་ཀྱ་བཀོད་མཛད་ཀྱིན་ཁོང་པ་ལ་ཕྱག་མཆོད་པ་ཕུལ།

8 དེ་ནས་ནམ་མཁའི་བང་ཆེན་གཉིས་བ་གོ་འོ་དེའི་གཤམ་གཤམ་ལ་འབྲངས་རེ་དེ་རེ་གསུངས་བ་ལགས། རྒྱལ་ས་ཆེ་བཱ་བི་ལོན་གོ་རྡིབ་སོ། རྡིབ་སོ། འདི་རྒྱལ་ས་ཡིས་མི་རིགས་གི་རི་ལ་རང་གི་ལོག་གཡེམ་གྱི་རྒུན་ཆང་གར་ར་གོ་འཐུང་དུ་བཅུག་པ་ལགས།

9 དེ་ནས་ནམ་མཁའི་བང་ཆེན་གསུམ་པ་གོ་འོ་དེ་ཀྱ་ཡི་གཤམ་ལ་འབྲངས་རེ་གསུང་སྐད་ཆེ་ལ་དེ་རེ་གསུངས་སོང་། འོ་དེ་སེམས་ཅན་དང་། འོ་དེའི་སྐུ་ལ་ཕྱག་མཆོད་པ་འབུལ་ཡས་དང་། འོ་དེའི་རྟགས་གོ་རང་གི་དཔྲལ་ལེ་ཡང་ན་ལག་པ་ལ་བརྒྱབ་འོད་ན།

10 འོ་དེ་མི་ཡིས་འང་དཀོན་མཆོག་གི་ཐུགས་ཁྲོའི་མཆོད་ཞལ་ནང་དུ་གིའང་མ་བསྲེས་བ་བླུགས་ལ། དཀོན་མཆོག་གི་ཐུགས་ཁྲོའི་རྒུན་ཆང་གོ་འཐུང་གི་ལགས། དེ་ནས་དམ་པའི་ནམ་མཁའི་བང་ཆེན་ཀྱ་དང་ལུག་ཕྲུག་གི་དྲུང་དུ་ཁོ་ལ་མེ་དང་མུ་ཟི་ཡིས་སྡུག་པོ་བཏང་གི་ལགས།

11 དེ་ནས་ཁོང་ཀྱ་ཡིས་སྡུག་པོ་མྱངས་ཀྱིན་གྱི་དུད་པ་གོ་དུས་གཏན་གྱི་ཆེད་དུ་ཡར་ལ་འགྲོ་གི་ལགས། དེ་ནས་འོ་དེ་སེམས་ཅན་དང་འོ་དེའི་སྐུ་ལ་ཕྱག་མཆོད་པ་འབུལ་གྱིན་དང་། འོ་དེའི་མིང་གི་རྟགས་གོ་ཐོབ་ཐ་ཀྱ་ལ་ཉིན་མཚན་ངལ་གསོ་ཡས་རག་གུ་མ་ལགས།

12 དེ་ནི་དཀོན་མཆོག་གི་བཀའ་སྲུང་གིན་དང་། ཡེ་ཤུ་ལ་དད་པ་བྱེད་ཀྱིན་དམ་པའི་མི་ཀྱ་ཡི་ཆེད་དུ་བཟོད་པ་ཡི་འབོད་བསྒྲགས་ལགས།

13 དེ་ནས་ནམ་མཁའི་ཞིང་ཁམས་ནས་དེ་རེ་གསུང་སྐད་གཅིག་ངས་གོ་སོང་། དེ་རེ་བྲིས། ད་དེ་ནས་ཧ་ལ་གཙོ་བོ་ལ་དད་པ་བྱས་རེ་གྲོངས་མཁན་ཀྱ་བྱིན་རླབས་ཆེ་ལགས། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་གསུངས་ང་ལགས། ལགས། ཁོང་ཀྱ་རང་གི་དཀའ་ལས་ནས་ངལ་གསོ་གི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡི་ལས་ཀའི་བྱ་དགའ་ཁོང་ཀྱ་ལ་གནང་གི་ལགས།


ས་གཞིའི་ལོ་ཏོག་སྡུད་ཀྱིན་གྱི་སྐོར།

14 དེ་ནས་ངས་བལྟས་བའི། དེ་ནས་སྲིང་པ་དཀར་བོ་གཅིག་དང་འོ་དེའི་ཁར་ལ་མིའི་བུ་ཅོག་རེ་བཞུགས་ཀྱིན་གཅིག་ངས་མཇལ་སོང་། ཁོང་གི་དབུ་ལ་གསེར་གྱི་ཅོད་པན་དང་ཁོང་གི་ཕྱག་ལ་ཟོར་ར་རྣོ་བ་གཅིག་འདུག།

15 དེ་ནས་ནམ་མཁའི་བང་ཆེན་གཞན་མ་གཅིག་མཆོད་ཁང་ནང་ནས་ཕེབས་ཏེ། སྲིང་པ་ཁར་ལ་བཞུགས་མཁན་གོ་ལ་གསུང་སྐད་ཆེ་ཡིས་གསུངས་བ་ལགས། ཁྱེད་རང་གི་ཟོར་ར་བསྣུམས་མ་མཛད། དེ་ནས་རྔ་རོགས་མཛད། གི་བྱས་རེ་སྨྲ་ན་ས་གཞིའི་ལོ་ཏོག་གི་རི་ཚོས་ཚར་ས་བྱས་རེ་ལོ་ཏོག་རྔ་ཡས་ཀྱི་དུས་ཚོད་བབས་འདུག།

16 འོ་བྱས་རེ་སྲིང་པ་ཁར་ལ་བཞུགས་མཁན་གྱིས་རང་གི་ཟོར་ར་ས་གཞི་ཁར་ལ་རྒྱལ་བ་མཛད་པ་ལགས། དེ་ནས་ས་གཞིའི་སྟོན་བསྡུས་བ་ལགས།

17 དེ་ནས་ནམ་མཁའི་ཞིང་ཁམས་དུ་འོད་ཀྱིན་མཆོད་ཁང་ནས་ནམ་མཁའི་བང་ཆེན་གཞན་མ་གཅིག་ཕེབས་སོང་། དེ་ནས་ཁོང་པ་ལའང་ཟོར་ར་རྣོ་བ་གཅིག་འདུག།

18 དེ་ནས་མཆོད་ཁྲིའི་མེའི་ལྟ་རྟོག་མཛད་ཀྱིན་ནམ་མཁའི་བང་ཆེན་གཞན་མ་གཅིག་མཆོད་ཁྲི་ནང་ནས་ཕེབས་སོང་། དེ་ནས་ཟོར་ར་རྣོ་བ་འོད་ཀྱིན་ནམ་མཁའི་བང་ཆེན་གོ་ལ་གསུང་སྐད་ཆེ་ལ་གསུངས་སོང་། ཁྱོད་རི་ཟོར་ར་རྣོ་བ་གོ་རྒྱོབ། དེ་ནས་ས་གཞིའི་རྒུན་འབྲུམ་གྱི་ཆག་པ་ཀྱ་རུག། གི་བྱས་རེ་སྨྲ་ན་ས་གཞིའི་རྒུན་འབྲུམ་གི་རི་ཚོས་ཚར་འདུག།

19 འོ་བྱས་རེ་འོ་དེ་ནམ་མཁའི་བང་ཆེན་གྱིས་རང་གི་ཟོར་ར་ས་གཞིའི་ཁར་ལ་བརྒྱབ་པ་ལགས། དེ་ནས་ས་གཞིའི་རྒུན་འབྲུམ་ཀྱ་རུག་པ་ལགས། དེ་ནས་དཀོན་མཆོག་གི་ཐུགས་ཁྲོའི་རྒུན་ཆང་བཙིར་ས་གཞོང་ཆེ་ནང་དུ་གཡུགས་པ་ལགས།

20 འོ་དེ་རྒུན་འབྲུམ་ཀྱ་རྒྱལ་ས་ཕི་ལ་འོད་ཀྱིན་རྒུན་ཆང་བཙིར་ས་གཞོང་ནང་དུ་བཙིར་པ་ལགས། དེ་ནས་འོ་དེ་གཞོང་ནས་ཁྲག་ཐོན་ཏེ་འོངས་བ་ལགས། དེ་ནས་འོ་དེ་ཁྲག་གོ་རྟའི་སྲབ་ཐུག་པའི་སླེབ་ཀྱིན་དང་རྒྱང་གྲགས་ཀི་ལོ་མི་ཊར་གསུམ་བརྒྱ་ཚོད་ཐོན་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan