Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 13 - གློ་བ།


རྒྱ་མཚོ་ནས་ཐོན་ཏེ་འོངས་བ་སེམས་ཅན་གྱི་སྐོར།

1 དེ་ནས་རྒྱ་མཚོ་ནང་ནས་རྭ་ཀྱོག་བཅུ་དང་། མགོ་བ་བདུན་འོད་ཀྱིན་སེམས་ཅན་གཅིག་ཐོན་ཏེ་འོང་གིན་གོ་ངས་མཐོང་སོང་། འོ་དེའི་རྭ་ཀྱོག་ཀྱ་ལ་ཅོད་པན་བཅུ་འདུག།དེ་ནས་འོ་དེའི་མགོ་བ་ཀྱ་ལ་དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་མིང་འདུག།

2 ངས་མཐོང་ཐ་སེམས་ཅན་གོ་གཟིག་ཅོག་རེ་འདུག།དེ་ནས་འོ་དེའི་རྐང་པ་གོ་དོམ་གྱི་རྐང་པ་དང་ཁ་གོ་སེང་གེའི་ཁ་ཅོག་རེ་འདུག། དེ་ནས་འོ་དེ་འབྲུག་གིས་འོ་དེ་སེམས་ཅན་གོ་ལ་རང་གི་ནུས་མཐུ་དང་། རང་གི་ཁྲི་དང་། རང་གི་དབང་ཆ་ཆེ་གོ་སྟེར་པ་ལགས།

3 འོ་དེ་སེམས་ཅན་གྱི་མགོ་བ་ཀྱ་ནས་གཅིག་ལ་རྨ་ཚབས་ཆེ་ཅོག་རེ་གཅིག་མཐོང་བའི། ཡིན་ནའང་རྨ་གོ་གསོས་རེ་ལ་སོང་། དེ་ནས་འཇིག་རྟེན་འོད་ལེ་ཧ་ལས་རེ་འོ་དེ་སེམས་ཅན་གྱི་གཤམ་པ་ལ་འབྲངས་བ་ལགས།

4 དེ་ནས་འབྲུག་གིས་རང་གི་དབང་ཆ་གོ་འོ་དེ་སེམས་ཅན་ལ་སྟེར་ཏ་བྱས་རེ་མི་ཀྱ་ཁོ་ལ་ཕྱག་མཆོད་པ་འབུལ་ལ་ལགས། དེ་ནས་འོ་དེ་སེམས་ཅན་གོ་ལའང་དེ་རེ་སྨྲས་རེ་ཕྱག་མཆོད་པ་འབུལ་ལ་ལགས། སེམས་ཅན་འདི་ཅོག་རེ་སུ་འོད་དོ། དེ་ནས་འདིའི་མུ་ལ་འཐྲབ་ཐུབ་མཁན་སུ་འོད་དོ།

5 འོ་དེ་སེམས་ཅན་ལ་རང་བསྟོད་བྱས་རེ་དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་གྱི་ཁ་སྟེར་འོད་ད་ལགས། དེ་ནས་ཟླ་བ་བཞི་བཅུ་ཞེ་གཉིས་ཐུག་པའི་དབང་བསྒྱུར་བྱེད་རུ་བཅུག་འོད་ད་ལགས།

6 དེ་ནས་འོ་དེ་ཡིས་དཀོན་མཆོག་ལ་སྐུར་བ་འདེབས་ཡས་ལ། ཁོང་པ་ཡི་མཚན་དང་། ཁོང་པ་ཡི་བཞུགས་ཁྲི་དང་། ནམ་མཁའི་ཞིང་ཁམས་དུ་བཞུགས་མཁན་གི་རི་ལ་སྨད་སྤྲ་བཏང་བ་ལགས།

7 དེ་ནས་འོ་དེ་ལ་དམ་པའི་མི་ཀྱ་མུ་ལ་འཐྲབ་ཡས་དང་ཁོང་ཀྱ་ཁར་ལ་རྒྱལ་ཡས་ཀྱི་ནུས་མཐུ་སྟེར་པ་ལགས། དེ་ནས་བརྒྱུད་པ་གི་རི་དང་། མི་གི་རི་དང་། སྐད་རིགས་གི་རི་དང་། མི་རིགས་གི་རིའི་ཁར་ལ་ཁོ་ལ་དབང་ཆ་སྟེར་པ་ལགས།

8 དེ་ནས་བསད་དེ་བཞག་ཞ་ལུག་ཕྲུག་གི་ཚེ་སྲོག་གི་དེབ་ནང་ལ་འཇིག་རྟེན་མ་བཀོད་ཨེན་ལ་རང་། མིང་མ་བྲིས་བྲ་ས་གཞི་དུ་བསྡད་མཁན་མི་གི་རི་ཡིས་འོ་དེ་སེམས་ཅན་ལ་ཕྱག་མཆོད་པ་འབུལ་གྱི་ལགས།

9 ཨམ་མཆོག་འོད་མཁན་ཀྱ་ཡིས་ཉན་ད་ཤོག།

10 བཙོན་དུ་འགྲོ་དགོས་མཁན་ཀྱ་བཙོན་དུ་རང་འགྲོ་གི་ལགས། དེ་ནས་རལ་གྲི་ཡིས་བསད་ཡས་ཡིན་མཁན་ཀྱ་རལ་གྲི་ནས་རང་བསད་ཀྱི་ལགས། དེ་ནི་དཀོན་མཆོག་གི་མི་ཀྱ་ཡི་ཆེད་དུ་བཟོད་པ་དང་དད་པའི་འབོད་བསྒྲགས་གཅིག་ལགས།


ས་གཞི་ནས་ཐོན་ཏེ་འོངས་བ་སེམས་ཅན་གྱི་སྐོར།

11 དེ་ནས་ས་གཞི་ནང་ནས་སེམས་ཅན་གཞན་མ་གཅིག་ཐོན་ཏེ་འོང་གིན་གོ་ངས་མཐོང་སོང་། འོ་དེ་ལ་ལུག་ཕྲུག་གི་ཅོག་རེ་རྭ་ཀྱོག་གཉིས་འདུག། ཡིན་ནའང་འབྲུག་ཅོག་རེ་ལབ་བཏང་བའི།

12 འོ་དེ་ཡིས་སེམས་ཅན་དང་པོའི་ཚབ་ལ་ཁོའི་དབང་གི་རི་བེད་སྤྱོད་བྱེད་ད་ལགས། དེ་ནས་ས་གཞི་དང་དུ་རུ་འོད་ཀྱིན་གི་རི་ལ། རྨ་ཚབས་ཆེ་གསོས་ས་གོ་སེམས་ཅན་དང་པོ་གོ་ལ་ཕྱག་མཆོད་པ་འབུལ་རུ་བཅུག་བ་ལགས།

13 དེ་ནས་མི་ཀྱ་ཡི་མཐོང་ས་རུ་གནམ་ནས་ས་ལ་མེ་པབ་ཀྱིན་ཅོག་རེ་ཧང་སང་གིན་རྟགས་ཆེ་ཀྱ་འོ་དེ་ཡིས་སྟོན་པ་ལགས།

14 དེ་ནས་སེམས་ཅན་དང་པོའི་ཚབ་ལ་ཧང་སང་གིན་རྟགས་ཀྱ་སྟོན་ཡས་ཀྱི་ནུས་མཐུ་ཁོ་ལ་སྟེར་འོད་ད་ལགས། དེ་ནས་འདིའི་ཐོག་ནས་འོ་དེ་ཡིས་ས་གཞིའི་མི་ཀྱ་ལ་བསླུས་བ་ལགས། དེ་ནས་རལ་གྲི་གིས་རྨ་བཟོས་རེའང་གསོན་པོ་བྱུང་བྱ་སེམས་ཅན་དང་པོ་ལ་དམིགས་ཏེ་སྐུ་བཟོ་ཡས་ལ་འོ་དེ་ཡིས་མི་ཀྱ་ལ་བསྐུལ་བ་ལགས།

15 དེ་ནས་འོ་དེ་སྐུ་གོ་ལབ་བཏང་ཐུབ་ཀྱིན་འབྱུང་ཡས་དང་། འོ་དེ་ལ་ཕྱག་མཆོད་པ་མི་འབུལ་གྱིན་གི་རི་བསད་དུ་བཅུག་ཡས་ཀྱི་ཕྱིར་ལ། འོ་དེ་སེམས་ཅན་དང་པོའི་སྐུ་ལ་དབུགས་སྟེར་ཡས་ཀྱི་ནུས་མཐུ་འོ་དེ་སེམས་ཅན་གཉིས་བ་གོ་ལ་སྟེར་འོད་ད་ལགས།

16 དེ་ནས་འོ་དེ་ཡིས་ཆུང་ང་དང་ཆེ། དེ་ནས་ཕྱུག་པོ་དང་དབུལ་སྤྲེ། དེ་ནས་རང་དབང་འོད་ཀྱིན་དང་བྲན་གཡོག་གི་རི་ལ་ཁོང་ཀྱ་ཡི་ལག་པ་གཡས། ཡང་ན་དཔྲལ་ལེ་ལ་རྟགས་བརྒྱབ་ཏུ་བཅུག་པ་ལགས།

17 དེ་ནས་འོ་དེ་རྟགས་དེ་མེད་ད་ལ་སུས་འང་ཉོ་བཙོང་བྱེད་མེད་ཆོག་བ་ལགས། འོ་དེ་རྟགས་གོ་འོ་དེ་སེམས་ཅན་དང་པོའི་མིང་ཡང་ན་འོ་དེའི་མིང་གི་གྲངས་ཀ་ལགས།

18 དོན་དེ་ཧ་གོ་ཡས་ཀྱི་ཤེས་རབ་དགོས་ཡས་འདུག། ཤེས་རབ་འོད་ཀྱིན་གྱིས་འོ་དེ་སེམས་ཅན་གྱི་གྲངས་ཀ་གོ་རྩི་བརྒྱབ་དགོས། གི་བྱས་རེ་སྨྲ་ན་འོ་དེ་ནི་མི་གཅིག་གི་གྲངས་ཀ་ལགས། དེ་ནས་གྲངས་ཀ་གོ་ ༦༦༦ ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan