Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 12 - གློ་བ།


བུ་མོ་དང་འབྲུག་གི་སྐོར།

1 ནམ་མཁའི་ཞིང་ཁམས་དུ་ཧང་སང་གིན་རྟགས་གཅིག་ངས་མཐོང་སོང་། བུ་མོ་གཅིག་ལུས་ལ་ཉི་མ་གོན་ག་དང་། རྐང་པའི་འོག་ལ་ཟླ་བ་དང་། མགོ་བ་ལ་སྐར་མ་བཅུ་གཉིས་ཀྱི་ཅོད་པན་གོན་ག་གཅིག་འདུག།

2 མོའི་ཕོ་བ་ལ་ཕྲུ་འོད་ད་ལགས། དེ་ནས་མོ་ཕྲུ་སྐྱེ་གུ་བྱས་རེ་སྐྱེ་ཟུག་བརྒྱབ་སྟེ་ངུས་འོད་ད་ལགས།

3 དེ་ནས་ནམ་མཁའི་ཞིང་ཁམས་དུ་རྟགས་གཞན་མ་གཅིག་མཐོང་བ་ལགས། མགོ་བ་བདུན་དང་རྭ་ཀྱོག་བཅུ་བྱས་བྱ། དེ་ནས་མགོ་བ་བདུན་པོའི་ཁར་ལ་ཅོད་པན་རེ་རེ་གོན་ག་འབྲུག་དམར་བོ་ཆེ་གཅིག་མཐོང་བ་ལགས།

4 དེ་ནས་འོ་དེའི་རྔ་མ་ཡིས་གནམ་ནས་སྐར་མ་དུམ་བུ་གསུམ་ནས་གཅིག་རུག་སྟེ་ས་གཞི་དུ་གཡུགས་པ་ལགས། དེ་ནས་ཕྲུ་སྐྱེ་ལུང་མེད་ད་ལ་འོ་དེ་ཕྲུ་གོ་ལ་མིད་ཡས་ཀྱི་བསམ་བློ་བཏང་རེ། འོ་དེ་འབྲུག་གོ་འོ་དེ་ཕྲུ་སྐྱེ་ཡས་བྱེད་ཀྱིན་བུ་མོའི་གདོང་དུ་ལངས་རེ་བསྡད་འོད་ད་ལགས།

5 དེ་ནས་འོ་དེ་བུ་མོ་ཡིས་མི་རིགས་གི་རི་ལ་ལྕགས་ཀྱིས་བེར་ཀྱོག་གིས་དབང་བསྒྱུར་བྱེད་ཡས་ཡིན་གྱིན་བི་ཛ་གཅིག་སྐྱེས་བ་ལགས། དེ་ནས་མོའི་བི་ཛ་གོ་དཀོན་མཆོག་དང་ཁོང་པ་ཡི་བཞུགས་ཁྲིའི་གདོང་དུ་ཡར་ལ་ཁྱེར་པ་ལགས།

6 དེ་ནས་བུ་མོ་གོ་རི་སྟོང་ཕྱོགས་ལ་བྲོས་རེ་སོང་བ་ལགས། འོ་དུ་རུ་མོ་ལ་ཉིན་མ་གཅིག་སྟོང་ཉིས་བརྒྱ་དྲུག་ཅུ་ཐུག་པའི་གསོ་སྐྱོང་བྱེད་ཡས་ལ། དཀོན་མཆོག་གིས་ཨེན་མ་ནས་རང་མོའི་ཕྱིར་ལ་འོ་དེ་བསྡད་ས་གྲ་སྒྲིག་མཛད་འོད་ད་ལགས།

7 དེ་ནས་ནམ་མཁའི་ཞིང་ཁམས་དུ་དམག་བྱུང་བ་ལགས། དེ་ནས་མི་ཀ་ཨེལ་དང་ཁོའི་བང་ཆེན་ཀྱ་དང་འབྲུག་དང་། འོ་དེའི་བང་ཆེན་ཀྱ་གུང་དུ་དམག་འཐྲབས་པ་ལགས།

8 ཡིན་ནའང་འོ་དེ་འབྲུག་དང་ཁོའི་བང་ཆེན་ཀྱ་ཕམ་པ་ལགས། དེ་ནས་ཁོང་ཀྱ་ལ་ནམ་མཁའི་ཞིང་ཁམས་དུ་བསྡད་དུ་མ་བཅུག་པ་ལགས།

9 འོ་དེ་འབྲུག་ཆེ་གོ་མ་ལ་གཡུགས་པ་ལགས། དེ་ནི་འཇིག་རྟེན་གྱི་མི་གི་རི་ལ་བསླུ་གིན་བདུད་ཡང་ན་སཱ་ཏན་སྨྲས་རེ་སྨྲ་མཁན་ཨེན་མ་ཨེན་མའི་སྦྲུལ་གོ་ལགས། འོ་དེ་ལ་ས་གཞི་རུ་གཡུགས་པ་ལགས། དེ་ནས་འོ་དེ་མུ་ལ་ཁོའི་བང་ཆེན་ཀྱའང་གཡུགས་པ་ལགས།

10 དེ་ནས་ངས་ནམ་མཁའི་ཞིང་ཁམས་དུ་དེ་རེ་གསུངས་ཀྱིན་གསུང་སྐད་ཆེ་གོ་སོང་། ད་འོ་རི་དཀོན་མཆོག་གི་ཐར་པ་དང་ནུས་མཐུ་དང་རྒྱལ་སྲིད། དེ་ནས་ཁོང་པ་ཡི་མཱ་ཤི་ཀའི་དབང་ཆ་གོ་ཕེབས་འདུག། གི་བྱས་རེ་སྨྲ་ན་འོ་རི་དཀོན་མཆོག་གི་དྲུང་དུ་འོ་རི་སྤུན་ཀྱ་ལ་ཉིན་མཚན་སྐྱོན་འཛུགས་ཀྱིན། འོ་དེ་སྐྱོན་འཛུགས་མཁན་གོ་ལ་མ་ལ་གཡུགས་འདུག

11 འོ་རི་སྤུན་ཀྱ་ཡི་ལུག་ཕྲུག་གི་ཁྲག་དང་། རང་གི་བདེན་དཔང་གི་ཚིག་གིས་བྱས་རེ། འོ་དེ་སྐྱོན་འཛུགས་མཁན་གྱི་ཁར་ལ་རྒྱལ་བ་ལགས། དེ་ནས་འཆི་བའི་ཁ་ཐུག་པའི་སླེབས་དགོས་ན། ཁོང་ཀྱ་ཡིས་རང་གི་སྲོག་ལ་མ་བལྟས་བ་ལགས།

12 འོ་བྱས་རེ་ནམ་མཁའི་ཞིང་ཁམས། དང་འོ་དུ་རུ་བཞུགས་ཀྱིན་ཁྱེད་ཀྱ་དགའ་སྤྲོ་བྱེད། ཡིན་ནའང་ས་གཞི་དང་རྒྱ་མཚོ་དེ་མྱངས་བ་ལི། གི་བྱས་རེ་སྨྲ་ན་རང་གི་དུས་ཚོད་ཉུང་ང་འོད་ཀྱིན་གོ་ཤེས་རེ། བདུད་གོ་ཁོང་ཁྲོ་ཆེ་ལངས་རེ་ཁྱེད་ཀྱི་རྩ་རུ་མ་ལ་འོངས་འོད་ད་ལགས།

13 ད་འོ་དེ་འབྲུག་གི་རང་ལ་ས་གཞི་རུ་གཡུགས་ཡ་གོ་མཐོང་རེ་འོ་དེ་བི་ཛ་སྐྱེས་ཀྱིན་བུ་མོ་གོ་ལ་འདེད་པ་ལགས།

14 ཡིན་ནའང་འོ་དེ་འབྲུག་གི་ལག་ནས་སྐྱོབ་སྟེ་རི་སྟོང་ཕྱོགས་ལ་འཕུར་ཏེ་འགྲོ་ཡས་ཀྱི་ཕྱིར་ལ། མོ་ལ་བྱ་གླག་ཆེའི་གཤོག་པ་གཉིས་སྟེར་འོད་ད་ལགས། འོ་དེ་རི་སྟོང་ནི་ལོ་གསུམ་དང་ཕེ་ཐུག་པའི་འོ་དེ་བུ་མོའི་གསོ་སྐྱོང་བྱེད་ཡས་ཀྱི་ཆེད་དུ་གྲ་སྒྲིག་བྱས་བ་ལགས།

15 དེ་ནས་བུ་མོ་གོ་ལ་ཆུ་ཡིས་ཏག་ཏུ་བཅུག་ཡས་ལ་འོ་དེ་འབྲུག་གིས། རང་གི་ཁ་ནས་བུ་མོའི་གཤམ་པ་ལ་གཙང་པོ་ཅོག་རེ་ཆུ་བཏོན་པ་ལགས།

16 ཡིན་ནའང་ས་གཞི་ཡིས་བུ་མོ་གོ་ལ་རོགས་བ་བྱེད་ཡས་ལ། རང་གི་ཁ་པེ་རེ་འབྲུག་གི་ཁ་ནས་བཏོན་ད་ཆུ་གཙང་པོ་གོ་མིད་པ་ལགས།

17 དེ་ནས་འོ་དེ་འབྲུག་གོ་འོ་དེ་བུ་མོ་མུ་ལ་ཁོང་ཁྲོ་ལངས་བ་ལགས། དེ་ནས་མོའི་ཕྲུ་བ་གཞན་མ་ཀྱ་མུ་ལ་འཐྲབ་ཏུ་སོང་བ་ལགས། ཡང་ན་དཀོན་མཆོག་གི་བཀའ་སྲུང་མཁན་ཀྱ་དང་ཡེ་ཤུའི་དཔང་པོ་བྱེད་མཁན་ཀྱ་མུ་ལ་འཐྲབ་ཏུ་སོང་བ་ལགས།

18 དེ་ནས་འབྲུག་གོ་རྒྱ་མཚོའི་འགྲམ་དུ་ལངས་རེ་བསྡད་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan