Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 11 - གློ་བ།


དཔང་པོ་གཉིས་ཀྱི་སྐོར།

1 འོ་དེ་གཤམ་ནས་ཚད་བརྒྱབ་ཀྱིན་ཤིང་ཅོག་རེ་རྒྱུག་པ་གཅིག་ང་ལ་གནང་སོང་། དེ་ནས་ང་ལ་གསུངས་སོང་། སོང་། དེ་ནས་དཀོན་མཆོག་གི་མཆོད་ཁང་དང་མཆོད་ཁྲིའི་ཚད་རྒྱོབ། དེ་ནས་འོ་དུ་རུ་ཕྱག་མཆོད་པ་འབུལ་གྱིན་མི་ཀྱ་ཡི་གྲངས་ཀ་རྒྱོབ།

2 ཡིན་ནའང་མཆོད་ཁང་ཕི་ལ་འོད་ཀྱིན་ཨང་སྒོ་གོ་འབོར་ཤོག།དེ་ནས་ཚད་མ་བརྒྱབ། གི་བྱས་རེ་སྨྲ་ན་འོ་དེ་མི་རིགས་ཀྱ་ལ་གནང་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་དམ་པའི་རྒྱལ་ས་ལ་ཟླ་བ་བཞི་བཅུ་ཞེ་གཉིས་ཐུག་པའི་རྐང་པས་ལད་ཀྱི་ལགས།

3 དེ་ནས་ངའི་དཔང་པོ་གཉིས་བོ་གོ་ལ་ང་ཉིན་མ་སྟོང་གཅིག་དང་ཉིས་བརྒྱ་དྲུག་ཅུ་ཐུག་པའི། རྩྭ་རས་གོན་ཏེ་མངོན་བཤད་ཡས་ཀྱི་དབང་སྟེར་ཡས་ཡིན།

4 ཁོང་ཀྱ་ནི་ས་གཞིའི་གཙོ་བོའི་གདོང་དུ་ལངས་རེ་བསྡད་ཀྱིན་སྐྱུར་རུ་ཤིང་གི་སྡོང་པོ་གཉིས་དང་ཀྱུང་གཉིས་བོ་ལགས།

5 དེ་ནས་ཁོང་ཀྱ་ལ་གནོད་བསྐྱལ་ཡས་འདོད་པ་བྱེད་ན། ཁོང་ཀྱ་ཡི་ཁ་ནས་མེ་ཐོན་ཏེ་རང་གི་དགྲ་ཀྱ་ལ་མེད་ད་ལ་བཏང་ང་ལགས། དེ་ནས་ཁོང་ཀྱ་ལ་གནོད་བསྐྱལ་ཉིད་འདོད་ཀྱིན་རེ་འོད་ན། འོ་དེ་ལ་དེ་རེ་རང་བྱས་རེ་བསད་ཀྱི་ལགས།

6 ཁོང་ཀྱ་ཡིས་མངོན་ཤེས་བཤད་ཀྱིན་ཉིན་མ་ཀྱ་ལ་ཆ་བ་མ་བརྒྱབ་བ་ཤོག་སྨྲས་རེ། གནམ་ཀྱ་ཁ་བཀག་ཡས་ཀྱི་ནུས་མཐུ་ཁོང་ཀྱ་ལ་འོད་ད་ལགས། དེ་ནས་ཆུ་ཀྱ་ལ་ཁྲག་བཟོ་ཡས་དང་། ས་གཞི་རུ་རང་གི་འཐད་ཀྱིན་གྱི་དུས་ལ་སྡུག་པོ་སྣ་གི་རི་འཁྱེར་ཏེ་འོང་ཡས་ཀྱི་ནུས་མཐུ་ཁོང་ཀྱ་ལ་འོད་ད་ལགས།

7 དེ་ནས་ཁོང་ཀྱ་ཡིས་རང་གི་བདེན་དཔང་གོ་བྱས་ཚར་ཏེ་མཐིལ་མེད་ཀྱིན་དོང་དོང་ནས་ཐོན་ཏེ་འོང་གིན་སེམས་ཅན་གོ་ཁོང་ཀྱ་མུ་ལ་འཐབ་ཀྱི་ལགས། དེ་ནས་ཁོང་ཀྱ་ཁར་ལ་རྒྱལ་རེ་ཁོང་ཀྱ་ལ་བསད་ཀྱི་ལགས།

8 དེ་ནས་ཁོང་ཀྱ་ཡིས་གཙོ་བོ་ལ་རྒྱང་ཤིང་ཁར་ལ་བརྐྱངས་ཀྱ་རྒྱལ་ས་ཡིན་གྱིན་རྒྱལ་ས་ཆེའི་སྲང་གག་ལ། ཁོང་ཀྱ་ཡི་རོ་གོ་ལས་རེ་བསྡད་ཀྱི་ལགས། འདི་རྒྱལ་ས་ཆེ་ལ་སཱ་དོམ་ཡང་ན་ཨེ་ཇེབ་སྨྲས་རེ་མིང་བཏགས་འོད་ད་ལགས།

9 ཉིན་མ་གསུམ་དང་ཕད་ཐུག་པའི་མི་མང་ཀྱ་དང་། རྒྱུད་པ་ཀྱ་དང་། སྐད་རིགས་ཀྱ་དང་། མི་རིགས་ཀྱ་ཡིས་ཁོང་གཉིས་བོ་ཡི་རོ་ལ་བལྟས་རེ་བསྡད་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་རོ་ཀྱ་སྦ་རུ་མི་བཅུག་གི་ལགས།

10 ས་གཞི་རུ་འོད་ཀྱིན་མི་ཀྱ་ཁོང་ཀྱ་གྲོངས་ཀྱིན་གོ་ལ་ཉམ་མོ་དགའ་གི་ལགས། དེ་ནས་དགའ་སྤྲོ་བྱེད་ཀྱི་ལགས། དེ་ནས་ཧ་ལ་ཚུར་ལ་རྔན་པ་སྟེར་གྱི་ལགས། གི་བྱས་རེ་སྨྲ་ན་འོ་དེ་མངོན་ཤེས་མཁན་གཉིས་བོ་ཡིས་ས་གཞི་རུ་བསྡད་མཁན་ཀྱ་ལ་སྡུག་པོ་བཏང་བ་ལགས།

11 ཡིན་ནའང་ཉིན་མ་གསུམ་དང་ཕད་གཤམ་ནས་དཀོན་མཆོག་ནས་ཚེ་སྲོག་གི་དབུགས་གོ་ཁོང་ཀྱ་ཡི་ནང་ལ་འཛུལ་བ་ལགས། དེ་ནས་ཁོང་ཀྱ་རྐང་པ་བཙུགས་ཏེ་ལངས་པ་ལགས། དེ་ནས་ཁོང་ཀྱ་ལ་མཐོང་གིན་གི་རིའི་ཁར་ལ་འཇིགས་སྐྲག་ཆེ་སྐྱེས་བ་ལགས།

12 དེ་ནས་ནམ་མཁའི་ཞིང་ཁམས་ནས་ཁོང་ཀྱ་ལ་དེ་རེ་གསུངས་ཀྱིན་གསུང་སྐད་ཆེ་གཅིག་ཁོང་ཀྱ་ཡིས་གོ་པ་ལགས། དུ་རུ་ཡར་ལ་ཤོག། དེ་ནས་ཁོང་ཀྱ་ནམ་མཁའི་ཞིང་ཁམས་ཕྱོགས་ལ་སྲིང་པ་ནང་ལ་ཕེབས་པ་ལགས། དེ་ནས་ཁོང་ཀྱ་ཡི་དགྲ་ཀྱ་ཡིས་ཁོང་ཀྱ་ལ་བལྟས་རེ་བསྡད་པ་ལགས།

13 འོ་དེ་དུས་ལ་རང་སུང་གུ་ཆེ་གཅིག་སོང་བ་ལགས། དེ་ནས་རྒྱལ་སའི་དུམ་བུ་བཅུ་ནས་གཅིག་བརྡིབས་པ་ལགས། དེ་ནས་སུང་གུ་གོ་ལ་མི་སྟོང་བདུན་ཤི་བ་ལགས། དེ་ནས་ལྷག་མ་ལྷག་ལ་ཀྱ་འཇིགས་པ་ལགས། དེ་ནས་ཁོང་ཀྱ་ཡིས་ནམ་མཁའི་ཞིང་ཁམས་ཀྱི་དཀོན་མཆོག་ལ་བསྟོད་པ་ཕུལ་བ་ལགས།

14 ད་སྡུག་པོ་གཉིས་བ་གོ་རྫོགས་པ་ལགས། དེ་ནས་སྡུག་པོ་གསུམ་པ་གོ་མགྱོགས་བ་འོང་བའི་འོད་ད་ལགས།


དུང་ཆེན་བདུན་པ་གོ།

15 དེ་ནས་ནམ་མཁའི་བང་ཆེན་བདུན་པ་ཡིས་རང་གི་དུང་ཆེན་གོ་བུས་བ་ལགས། དེ་ནས་འོ་དེ་གཤམ་ནས་ནམ་མཁའི་ཞིང་ཁམས་དུ་གསུང་སྐད་ཆེ་ཀྱ་ཡིས་དེ་རེ་གསུངས་བ་ལགས། འཇིག་རྟེན་གྱི་རྒྱལ་སྲིད་འོ་རི་གཙོ་བོ་དང་ཁོང་པ་ཡི་མཱ་ཤི་ཀའི་རྒྱལ་སྲིད་བྱུང་འདུག། དེ་ནས་ཁོང་པ་ཡིས་རྒྱུན་ནས་རྒྱུན་དུ་དབང་འགྱུར་མཛད་ཀྱི་ལགས།

16 དེ་ནས་དཀོན་མཆོག་གི་གདོང་དུ་རང་རང་གི་བཞུགས་ཁྲིའི་ཁར་ལ་བཞུགས་ཀྱིན་སློབ་དཔོན་ཉི་ཤུ་རྩ་བཞི་ཀྱ་ཡིས་ཕྱག་འཚལ་རེ་དཀོན་མཆོག་ལ་ཕྱག་མཆོད་པ་ཕུལ་རེ།

17 གསུངས་བ་ལགས། ད་ལྟ་བཞུགས་འོད་ཀྱིན་དང་། ཨེན་མ་བཞུགས་མྱོང་འོད་ཀྱིན་དང་། གཙོ་བོ་ཀུན་དབང་དཀོན་མཆོག་ལགས། འེ་ཀྱ་ཁྱེད་རང་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་རང་གིས་རང་གི་དབང་ཆེ་གོ་བཞེས་ལ་མཛད་དེ། དབང་འགྱུར་མཛད་ཡས་འགོ་བཙུགས་མཛད་པ་ལགས།

18 མི་རིགས་ཀྱ་ཁོང་ཁྲོ་ལངས་བ་ལགས། ཡིན་ནའང་ཁྱེད་རང་གི་ཐུགས་ཁྲོ་ཕོག་ཡས་ཀྱི་དུས་གོ་སླེབས་འདུག། གཤིན་པོ་ཀྱ་ལ་ཁྲིམས་བཅད་མཛད་ཡས། དང་ཁྱེད་རང་གི་ཞབས་ཕྱི་མངོན་ཤེས་མཁན་ཀྱ་དང་དམ་པའི་མི་ཀྱ། དེ་ནས་ཁྱེད་རང་གི་མཚན་ལ་འཇིགས་སྣང་བྱེད་མཁན་ཆེ་ཆུང་གི་རི་ལ། བྱ་དགའ་གནང་ཡས་ཀྱི་དུས་གོ་སླེབས་འདུག། དེ་ནས་འཇིག་རྟེན་ལ་གཏོར་བཤིག་བཏང་མཁན་ཀྱ་ལ་མེད་ད་ལ་བཏང་ཡས་ཀྱི་དུས་གོ་སླེབས་འདུག།

19 དེ་ནས་ནམ་མཁའི་ཞིང་ཁམས་དུ་དཀོན་མཆོག་གི་མཆོད་ཁང་གི་སྒོ་གོ་བས་བ་ལགས། དེ་ནས་ཁོང་པ་ཡི་མཆོད་ཁང་ནང་དུ་ཁོང་པ་ཡི་དམ་བཅའ་འི་སྒམ་གོ་མཐོང་བ་ལགས། དེ་ནས་འོ་དུ་རུ་གློག་དམར་དང་། ལྡིར་སྒྲ་དང་། འབྲུག་སྒྲ་ཀྱ་ཐོན་པ་ལགས། དེ་ནས་སུང་གུ་སོང་བ་ལགས། དེ་ནས་སེར་ར་ཆེ་ཀྱ་བབ་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan