མངོན་པ། 10 - གློ་བ།ནམ་མཁའི་བང་ཆེན་དང་ཤོག་སྒྲིལ་ཅི་མེའི་སྐོར། 1 དེ་ནས་ངས་ནམ་མཁའི་ཞིང་ཁམས་ནས་གཞན་མ་དབང་ཆེ་ནམ་མཁའི་བང་ཆེན་གཅིག་བབ་སྟེ་ཕེབས་ཀྱིན་གོ་མཐོང་སོང་། ཁོང་ནི་སྲིང་པ་ཡིས་བཏུམས་ཏ་དང་ཁོང་གི་དབུ་ལ་འཇའ་འོད་ད་ལགས། དེ་ནས་ཁོང་གི་ཞལ་གོ་ཉི་མ་ཅོག་རེ་དང་ཞབས་ཀྱ་ནི་མེའི་ཀ་བ་ཅོག་རེ་འོད་ད་ལགས། 2 ཁོང་གི་ཕྱག་ལ་བཤིག་སྟེ་བཞག་ཞ་ཤོག་སྒྲིལ་ཅི་མེ་གཅིག་འོད་ད་ལགས། དེ་ནས་ཁོང་གི་ཞབས་གཡས་གོ་རྒྱ་མཚོ་ཁར་ལ། དེ་ནས་ཞབས་གཡོན་པ་གོ་ས་ཁར་ལ་བཞག་འདུག། 3 དེ་ནས་སེང་གེའི་ངར་སྐད་ཅོག་རེ་ཁོང་གིས་གསུང་སྐད་ཆེ་ལ་བོས་བ་ལགས། དེ་ནས་ཁོང་གི་འབོད་བསྒྲགས་ཀྱི་གཤམ་ནས་འབྲུག་སྐད་བདུན་གྱི་སྐད་བརྒྱབ་སོང་། 4 དེ་ནས་འོ་དེ་འབྲུག་སྐད་བདུན་གྱིས་སྐད་བརྒྱབ་བ་རང་། ངས་འོ་དེ་འབྲི་གུ་བྱས་བའི། ཡིན་ནའང་ནམ་མཁའི་ཞིང་ཁམས་ནས་དེ་རེ་གསུངས་ཀྱིན་གསུང་སྐད་གཅིག་ངས་གོ་སོང་། འོ་དེ་འབྲུག་སྐད་བདུན་གྱི་གསུང་སྐད་གོ་ཁྱོས་མ་འབྲི་བ་གསང་བ་ཤོག། 5 དེ་ནས་རྒྱ་མཚོ་དང་སའི་ཁར་ལ་བཞེངས་རེ་བཞུགས་ཞ་ངས་མཐོང་གིན་ནམ་མཁའི་བང་ཆེན་གྱིས། རང་གི་ཕྱག་གཡས་གོ་ནམ་མཁའི་ཞིང་ཁམས་ཕྱོགས་ལ་བརྐྱངས་སོང་། 6 དེ་ནས་ནམ་མཁའི་ཞིང་ཁམས་དང་འོ་དེ་ནང་དུ་འོད་ཀྱིན། དེ་ནས་ས་གཞི་དང་འོ་དེ་ནང་འོད་ཀྱིན། དེ་ནས་རྒྱ་མཚོ་དང་འོ་དེ་ནང་འོད་ཀྱིན་གི་རི་བཀོད་མཛད་མཁན་དང་། རྒྱུན་ནས་རྒྱུན་དུ་གནས་ཀྱིན་ཁོང་གི་མཚན་ལ་དབུ་མནའ་བཞེས་རེ་ཁོང་གིས་གསུངས་བ་ལགས། ད་དེ་ནས་ལྷག་དལ་ལ་འབྱུང་གི་མ་ལགས། 7 ཡིན་ནའང་ནམ་མཁའི་བང་ཆེན་བདུན་པ་ཡིས་རང་གི་དུང་ཆེན་འབུད་གུ་བྱེད་ཡས་ཀྱི་ཉིན་མ་གོ་ལ། དཀོན་མཆོག་གིས་རང་གི་ཞབས་ཕྱི་མངོན་ཤེས་མཁན་ཀྱ་ལ་གསལ་བསྒྲགས་བྱས་བྱ་ཅོག་རེ། རང་གི་གསང་བ་གོ་བསྒྲུབ་ཀྱི་ལགས། 8 དེ་ནས་ནམ་མཁའི་ཞིང་ཁམས་ནས་ངས་གོ་ཀ་གསུང་སྐད་ཀྱིས་ང་ལ་ཡང་ད་དེ་རེ་གསུངས་སོང་། སོང་། དེ་ནས་རྒྱ་མཚོ་དང་སའི་ཁར་ལ་བཞེངས་རེ་བཞུགས་ཞ་ནམ་མཁའི་བང་ཆེན་གྱི་ཕྱག་ལ་བཤིག་སྟེ་བཞག་ཞ་ཤོག་སྒྲིལ་གོ་ལེན། 9 འོ་བྱས་རེ་ང་འོ་དེ་ནམ་མཁའི་བང་ཆེན་རྩ་རུ་སོང་རེ་འོ་དེ་ཤོག་སྒྲིལ་ཅི་མེ་གོ་གནང་ཡས་ལ་ཞུས་བའི། ཁོང་གིས་ང་ལ་གསུངས་སོང་། འདི་ལེན། དེ་ནས་ཟོ། དེ་ཡིས་ཁྱོའི་ཕོ་བ་ནང་དུ་ཁ་ཏིག་འབྱུང་གི་ལགས། ཡིན་ནའང་ཁྱོའི་ཁ་ལ་སྦྲང་རྩི་ཅོག་རེ་མངར་མོ་འབྱུང་གི་ལགས། 10 དེ་ནས་ངས་ནམ་མཁའི་བང་ཆེན་གྱི་ཕྱག་ནས་ཤོག་སྒྲིལ་ཅི་མེ་གོ་ལེན་པའི། དེ་ནས་འོ་དེ་བཟས་བའི། དེ་ནས་ངའི་ཁ་རུ་འོ་དེ་སྦྲང་རྩི་ཅོག་རེ་མངར་མོ་བྱུང་སོང་། ཡིན་ནའང་བཟས་ཚར་ཏེ་ངའི་ཕོ་བ་གོ་ཁ་ཏིག་བྱུང་སོང་། 11 དེ་ནས་ང་ལ་དེ་རེ་གསུངས་སོང་། ཁྱོས་མི་མང་དང་། མི་རིགས་དང་། སྐད་རིགས་དང་། རྒྱལ་བོ་མང་ང་ཡི་སྐོར་ལ་ཡང་མངོན་བཤད་དགོས་གུ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.