Biblia Todo Logo
Bìoball air-loidhne

- Sanasan -

མངོན་པ། 1 - གློ་བ།


ངོ་སྤྲོད།

1 མགྱོགས་སེེ་འགྲུབ་དགོས་ཡས་ཡིན་གྱིན་གནས་ཚུལ་ཀྱ་རང་གི་ཞབས་ཕྱི་པ་ཀྱ་ལ་སྟོན་ཡས་ཀྱི་ཆེད་དུ། དཀོན་མཆོག་གིས་ཡེ་ཤུ་མཱ་ཤི་ཀ་ལ་གནང་ང་མཛད་ཛ་མངོན་པ་གོ་དེ་ལགས། དེ་ནི་ཁོང་པ་ཡིས་རང་གི་བང་ཆེན་ལ་རང་གི་ཞབས་ཕྱི་ཡོ་ཧ་ནན་རྩ་རུ་བརྫངས་ང་མཛད་དེ་མངོན་མཛད་པ་ལགས།

2 དེ་ནས་ཡོ་ཧ་ནན་གྱིས་དཀོན་མཆོག་གི་བཀའ་དང་ཡེ་ཤུ་མཱ་ཤི་ཀའི་དཔང་པོ་བྱས་རེ། རང་གི་མཐོང་ཐ་གི་རི་ལ་བདེན་དཔང་བྱས་བ་ལགས།

3 ད་འདི་མངོན་ཤེས་ཀྱི་ཚིག་ཀྱ་སྐད་བརྒྱབ་སྟེ་ཀློག་མཁན་ཀྱ་བྱིན་རླབས་ཆེ་ལགས། དེ་ནས་འདིའི་ནང་ལ་བྲིས་བྲ་ཀྱ་ཉན་དེ་སྲུང་མཁན་ཀྱ་བྱིན་རླབས་ཆེ་ལགས། གི་བྱས་རེ་སྨྲ་ན་དུས་ཚོད་གོ་ནི་ཉེ་སླེབས་འདུག།


ཆོས་ཚོགས་བདུན་ལ་འཚམས་འདྲི།

4-5 ང་ཡོ་ཧ་ནན་ནས་ཨེ་ཞི་ཡཱ་རུ་འོད་ཀྱིན་ཆོས་ཚོགས་བདུན་ལ་ཡིག་འདི་འབུལ་ལ་ཡིན། ད་ལྟ་བཞུགས་འོད་ཀྱིན་དང་། ཨེན་མ་བཞུགས་མྱོང་འོད་ཀྱིན་དང་། གཤམ་ལ་ཕེབས་ཡས་ཡིན་གྱིན་དཀོན་མཆོག་ནས། དེ་ནས་ཁོང་གི་བཞུགས་ཁྲི་གདོང་དུ་འོད་ཀྱིན་ཐུགས་ཉིད་བདུན་དང་། བདེན་པའི་དཔང་པོ་མཛད་ཀྱིན་གཤིན་པོ་ཀྱ་ནས་དང་པོ་གསོན་པོ་བཞེངས་ང་མཛད་ཛ་དང་། འཛམ་བུ་གླིང་གི་རྒྱལ་བོ་ཀྱ་ཡི་ཁར་ལ་དབང་མཛད་ཀྱིན་ཁོང་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ཀྱ་ལ་འཐོབ་པར་ཤོག འོ་རང་ཀྱ་ལ་བྱམས་པ་མཛད་ཀྱིན་དང་རང་གི་སྐུ་ཁྲག་གི་ཐོག་ནས་འོ་རི་སྡིག་པ་ཀྱ་ནས་འོ་རང་ལ་ཐར་པ་མཛད་ཀྱིན།

6 དེ་ནས་འོ་རང་ལ་ཁོང་གི་ཡབ་དཀོན་མཆོག་ལ་ཞབས་ཕྱི་ཞུ་ཡས་ལ་རྒྱལ་སྲིད་དང་། མཆོད་དཔོན་མཛད་ཀྱིན་ཁོང་པ་ལ་གཟི་བརྗིད་དང་། དབང་རྒྱུན་ནས་རྒྱུན་དུ་འོང་བར་ཤོག། ཨ་མེན།

7 ལྟོས་དང་། ཁོང་པ་སྲིང་པ་ཀྱ་ཡི་ཁོག་ནས་ཕེབས་བའི། དེ་ནས་མིག་གི་རི་ཡིས་ཁོང་ལ་མཇལ་གྱི་ལགས། དེ་ནས་ཁོང་པ་ལ་མདུང་བཙུགས་མཁན་ཀྱ་ཡིས་འང་མཇལ་གྱི་ལགས། དེ་ནས་འཇིག་རྟེན་གྱི་མི་གི་རི་ཁོང་པ་ཡི་དོན་དུ་ངུ་བརྡ་བརྒྱབ་ཀྱི་ལགས། གཏམ་དེ་བདེན་པ་འབྱུང་བར་ཤོག། ཨ་མེན།

8 ང་ནི་ཨལ་ཕཱ་དང་ཨོ་མེ་གཱ་གོ་ཡིན། གསུངས་རེ་གཙོ་བོ་དཀོན་མཆོག་གསུངས་ང་ལགས། ཁོང་པ་བཞུགས་འོད་ཀྱིན་དང་། ཨེན་མ་བཞུགས་མྱོང་འོད་ཀྱིན་དང་། གཤམ་ལ་ཕེབས་ཡས་ཡིན་གྱིན་བླ་ན་མེད་པའི་དཀོན་མཆོག་ལགས།


ཡོ་ཧ་ནན་གྱི་མཐོང་སྣང་ལ་མཱ་ཤི་ཀ་མཇལ་བ།

9 ཡེ་ཤུའི་ཐོག་ནས་སྡུག་པོ་དང་། དཀོན་མཆོག་གི་རྒྱལ་སྲིད་དང་། བཟོད་པའི་ནང་ལ་ཁྱེད་ཀྱ་ཡི་རོགས་བ་དང་སྤུན་ང་ཡོ་ཧ་ནན་ཡིན། ང་ནི་དཀོན་མཆོག་གི་བཀའ་དང་། ཡེ་ཤུ་ལ་དཔང་པོ་བྱས་བྱ་ཡི་རྐྱེན་གྱིས་པད་མོ་ཟེར་སྨྲ་གིན་གླིང་ཕྲན་དུ་འོད་ད་ལགས།

10 དེ་ནས་གཙོ་བོའི་ཉིན་མ་གོ་ལ་ང་དམ་པའི་ཐུགས་ཉིད་ཀྱི་དབང་འོག་ལ་འོད་ད་ལགས། དེ་ནས་ངའི་རྒྱབ་ནས་དུང་ཆེན་ཆེའི་སྐད་གཅིག་ཅོག་རེ་སྐད་ཆེ་གཅིག་ངས་གོ་སོང་།

11 འོ་དེ་ཡིས། ཁྱོས་གི་མཐོང་གིན་གོ་དེབ་ལ་བྲིས། དེ་ནས་དེ་ཆོས་ཚོགས་བདུན་ཀྱ་ཨེ་ཕེ་སུ་དང་། སི་མིར་ནཱ་དང་། པེར་ག་མོན་དང་། ཐི་ཡ་ཏི་རཱ་དང་། སར་དཱི་དང་། ཕི་ལ་དེལ་ཕི་ཡཱ་དང་། ལའོ་དི་ཀེ་ཡཱ་ལ་སྐུར་གསུངས་རེ་གསུངས་སོང་།

12 དེ་ནས་ང་ལ་བཀའ་མོལ་གསུངས་མཁན་གསུང་སྐད་ཕྱོགས་ལ་ངས་ཁ་བསློགས་ཏེ་བལྟས་བའི། དེ་ནས་ལོག་སྟེ་ལྟའི་གང་ལ། འོ་དུ་རུ་གསེར་གྱི་ཀྱུང་བདུན།

13 དང་། འོ་དེ་ཀྱུང་ཀྱ་ཡི་ཁོག་ལ་མིའི་བུ་ཅོག་རེ་མི་གཅིག་ཞབས་ཐུག་པའི་ན་བཟའ་བསྣུམས་ན་དང་། སྐུ་བྲང་ལ་གསེར་གྱི་སྐུ་རགས་བསྣུམས་ན་གཅིག་ངས་མཇལ་བྱུང་།

14 ཁོང་པ་ཡི་དབུ་ཡི་དབུ་སྐྲ་ནི་སྲིང་པ་དཀར་བོ་ཅོག་རེ། དེ་ནས་ཁ་བ་དཀར་བོ་ཅོག་རེ། དེ་ནས་ཁོང་པ་ཡི་སྤྱན་ནི་མེ་ལྕེ་ཅོག་རེ་འདུག།

15 ཁོང་པ་ཡི་ཞབས་ནི་མེ་ཐབ་ནང་འོད་ཕྲ་ཆག་བའི་བྱས་བྱ་ལི་དིང་ཅོག་རེ་དང་། ཁོང་པ་ཡི་གསུང་སྐད་ནི་ཆུ་གཙང་པོའི་འུར་སྒྲ་ཅོག་རེ་འདུག།

16 ཁོང་པ་ཡི་ཕྱག་གཡས་ལ་སྐར་མ་བདུན་བསྣུམས་འོད་ད་ལགས། དེ་ནས་ཁོང་པ་ཡི་ཞལ་ནས་ཁ་གཉིས་ཀ་ར་རྣོ་བ་འོད་ཀྱིན་རལ་གྲི་གཅིག་ཐོན་པ་ལགས། ཁོང་པ་ཡི་ཞལ་གདོང་གོ་ཉིན་མོའི་ཉི་མ་ཅོག་རེ་ཤར་འོད་ད་ལགས།

17 ངས་ཁོང་པ་ལ་མཇལ་ལི་གང་ལ་ང་ཁོང་པ་ཡི་ཞབས་དྲུང་དུ་མི་ཤི་ཤ་ཅོག་རེ་འགྱེལ་བའི། ཡིན་ནའང་ཁོང་པ་ཡིས་རང་གི་ཕྱག་གཡས་ངའི་ཁར་ལ་བཞག་མཛད་དེ་གསུངས་བ་ལགས། ཁྱོད་མ་འཇིགས། ང་ནི་ཐོག་མ་དང་མཐའ་མ་གོ་ཡིན།

18 ང་ནི་གསོན་པོ་གོ་ཡིན། ཨེན་མ་ང་ཤི་བ་ལགས། དེ་ནས་ད་ལྟ་ལྟོས་དང་། ང་དུས་གཏན་གྱི་ཆེད་དུ་གསོན་པོ་འོད། དེ་ནས་ང་ལ་འཆི་བ་དང་གཤིན་པོ་ཀྱ་བསྡད་སའི་ལྡེ་མིག་ཀྱ་འོད།

19 འོ་བྱས་རེ་ཁྱོས་མཐོང་ཐ་དང་། ད་ལྟ་འོད་ཀྱིན་དང་། མ་འོང་པར་ལ་འབྱུང་ཡས་ཡིན་གྱིན་གོ་བྲིས།

20 ད་ཁྱོས་ངའི་ལག་པ་གཡས་ཕྱོགས་ལ་མཐོང་གིན་སྐར་མ་བདུན་དང་། གསེར་གྱི་ཀྱུང་བདུན་གྱི་གསང་བ་གོ་ནི་དེ་ལགས། སྐར་མ་བདུན་ཀྱ་ཆོས་ཚོགས་བདུན་གྱི་བང་ཆེན་ཀྱ་ལགས། དེ་ནས་ཀྱུང་བདུན་གོ་ཆོས་ཚོགས་བདུན་པོ་གོ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan