ཕི་ལིབ་པཱི་པ། 4 - གློ་བ།པའུ་ལུའི་ཁ་ཏ་དང་སེམས་ཤུགས་གནང་བ། 1 འོ་བྱས་རེ་ངའི་སྤུན་ཀྱ་བོ། ང་ཁྱེད་ཀྱ་ལ་བརྩེ་གདུང་བྱེད་འདིག་འོད། དེ་ནས་ཁྱེད་ཀྱ་ལ་དྲན་འདིག་འོད། ཁྱེད་ཀྱ་ངའི་དགའ་སྤྲོ་དང་ཅོད་པན་ཅོག་རེ་ཡིན། དེ་ནས་གཅེས་བའི་རོགས་བ་ཀྱ་བོ། དེ་རེ་རང་བྱས་རེ་གཙོ་བོའི་ནང་བརྟན་པོ་གནས་ཏེ་སྡོད། 2 ང་ཡུ་ཨོ་དི་ཡཱ་དང་སིན་ཏི་ཀེ་གཉིས་བོ་ལ་གཙོ་བོའི་ནང་སེམས་པ་མཐུན་ཏེ་སྡོད་སྨྲས་རེ་ཞུ་བ་འབུལ་ལ་ཡིན། 3 དེ་ནས་ངའི་བདེན་པའི་ལས་རོགས་ཁྱོས་འང་། དེ་སྐྱེས་དམན་གཉིས་བོ་ལ་རོགས་བྱེད་སྨྲས་རེ་ང་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་ཁོང་གཉིས་བོ་ཡིས་འང་གཏམ་བཟང་གི་ལས་ཀ་ལ། ངའི་མུ་ལ་ཀི་ལེ་མེ་སི་དང་ངའི་ལས་རོགས་གཞན་མ་ཀྱ་མུ་ལ་དཀའ་ལས་བརྒྱབ་འོད་ད་ལགས། ཁོང་གི་རིའི་མིང་ཚེ་སྲོག་གི་དེབ་ནང་ལ་ཆུད་འོད་ད་ལགས། 4 ཁྱེད་ཀྱ་གཙོ་བོ་ལ་བརྟེན་ཏེ་ནམ་ཡིན་ན་དགའ་སྤྲོ་བྱེད། ང་ལྡབ་ལེ་སྨྲ་ཡིན། དགའ་སྤྲོ་བྱེད། 5 ཁྱེད་ཀྱི་སྤྱོད་པ་ཉམ་ཆུང་འོད་ཀྱིན་གོ་མི་གི་རི་ལ་ཤེས་རུ་ཆུག། གཙོ་བོ་ཕེབས་ཡས་ཡིན་གྱིན་གོ་ཉེ་འདུག། 6 གིན་གྱི་ཐོག་ལ་སྡུག་ང་མ་བྱེད། ཡིན་ནའང་གནས་ཚུལ་གི་རི་ལ་བཀའ་དྲིན་ཆེ་ཞུས་རེ། སྨོན་ལམ་དང་ཞུ་བ་ཡི་ཐོག་ནས་ཁྱེད་ཀྱ་ལ་དགོས་ཀྱིན་གི་རི་དཀོན་མཆོག་ལ་ཞུས། 7 དེ་ནས་མི་ཀྱ་ཡི་བསམ་བློ་ལ་རང་མེད་ཀྱིན་དཀོན་མཆོག་གི་ཞི་བདེ་ཡིས། ཁྱེད་ཀྱ་ཡི་སེམས་དང་བསམ་བློ་ལ་མཱ་ཤི་ཀ་ཡེ་ཤུའི་ནང་སྲུང་ང་མཛད་ཀྱི་ལགས། 8 མཐའ་ལ་སྤུན་ཀྱ་བོ། ཁྱེད་ཀྱ་བདེན་པ་གི་ཡིན་གྱིན་དང་། བཀུར་སྟི་གི་ཡིན་གྱིན་དང་། དྲང་པོ་གི་ཡིན་གྱིན་དང་། གཙང་མ་གི་ཡིན་གྱིན་དང་། གཅེས་བ་ཐོབ་དགོས་ཀྱིན་གི་ཡིན་གྱིན་དང་། གུས་ཞབས་ཆེ་གི་ཡིན་གྱིན། དེ་ནས་བཟང་ང་དང་བསྟོད་པ་ཐོབ་དགོས་ཀྱིན་རེས་འོད་ཀྱིན་དོན་ཀྱ་ལ་བསམ་བློ་གཏོང་། 9 ཁྱེད་ཀྱ་ཡིས་ང་ནས་གི་སྦྱངས་ཀྱིན་དང་། ཁས་ལེན་བྱས་ཀྱིན་དང་། ཉན་གྱིན་དང་། མཐོང་གིན་ལབ་ཀྱ་རང་གི་མི་ཚེ་ལ་ལག་ལེན་བྱེད། དེ་ནས་ཞི་བདེའི་དཀོན་མཆོག་ཁྱེད་ཀྱ་མུ་ལ་བཞུགས་བ་མཛད་ཀྱི་ལགས། ཕི་ལིབ་པཱི་པ་ཀྱ་ལ་ཐུགས་རྗེ་ཆེ་ཞུ་བ། 10 ད་ལྟ་ཡུན་རིང་ང་གཅིག་གཤམ་ནས་ཁྱེད་ཀྱ་ཡིས་ངའི་སྐོར་ལ། སེམས་ཁྲལ་ཡང་དི་བྱེད་ཀྱིན་གོ་ལ་ང་གཙོ་བོའི་ནང་དམི་ཅིག་གི་ཉམ་མོ་དགའི་འོད། ཁྱེད་ཀྱ་ངའི་ཕྱིར་ལ་དངོས་གནས་ཀྱི་སེམས་ཁྲལ་བྱེད་ད་ལགས། ཡིན་ནའང་ཁྱེད་ཀྱ་ལ་གོ་སྐབས་མ་འབྱོར་པ་ལགས། 11 ང་ལ་མེད་ཚང་གིན་བྱུང་རེ་ང་དེ་རེ་སྨྲ་མིན། གི་བྱས་རེ་སྨྲ་ན་གནས་ཚུལ་ག་རེ་ཡིན་ན། འོ་དེ་ལ་སེམས་པ་བཅོས་རེ་བསྡད་ཡས་གོ་ངས་སྦྱངས་འོད། 12 མེད་ཚང་གིན་བྱུང་གིན་དང་མོད་ཆོ་ལི་བྱུང་གིན་གོ། ག་རེ་འོང་ང་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད། དེ་ནས་འགྲང་གིན་འོད་ན་ཡང་ན་ལྟོགས་ན། དེ་ནས་མོད་ཆོ་ལི་ཡང་ན་མེད་ཚང་གིན་ལ་ཚོ་བ་བསྐྱལ་ན། དེ་རེ་གནས་ཚུལ་ག་རེ་ཡིན་ན། ཡང་ན་གི་རི་ལ་སེམས་པ་བཅོས་ཡས་ཀྱི་གསང་བ་གོ་ངས་སྦྱངས་འོད། 13 ང་ལ་སྟོབས་ཤུགས་གནང་གིན་གྱི་སྒོ་ནས་ངས་གི་རི་བྱེད་ཐུབ་བ། 14 གི་ཡིན་ན་ངའི་སྡུག་བསྔལ་ལ་ཁྱེད་ཀྱི་རོགས་བ་བྱས་རེ་དགའ་བྱས་སོང་། 15 དེ་ནས་ཁྱེད་ཕི་ལིབ་པཱི་པ་ཀྱ་རང་ཤེས་ལ་ལགས། ང་གཏམ་བཟང་བཤད་ཡས་ཀྱི་འགོ་མ་ཉིན་མ་ཀྱ་ལ་མ་ཀེ་དོན་ཡཱ་ནས་འགྲོ་བ་རང་། སྟེར་ཡས་དང་ལེན་ཡས་ཀྱི་ལས་ཀ་ལ་ཁྱེད་ཀྱ་མ་ན། གཞན་མ་ཆོས་ཚོགས་སུའང་ང་ལ་རོགས་བ་མ་བྱས། 16 གི་བྱས་རེ་སྨྲ་ན་ང་ཐེ་ས་ལོ་ནི་ཀེ་རུ་འོད་ད་རང་། ཁྱེད་ཀྱ་ཡིས་ཐེངས་གཅིག་ནས་མང་ང་ང་ལ་དགོས་ཀྱིན་གོ་བསྐུར་སོང་། 17 ང་ཁྱེད་ཀྱི་རྔན་པ་ཡི་རེ་བ་བྱེད་ད་མིན། ཡིན་ནའང་ཁྱེད་ཀྱི་སྟེར་གྱིན་གོ་ལ་བྱིན་རླབས་མང་ང་རག་བར་ཤོག་སྨྲས་རེ་ང་འདོད་འདིག་འོད། 18 ང་ལ་འཐོབ་དགོས་ཀྱིན་ནས་མང་ང་གི་རི་ཐོབ་འོད། དེ་ནས་ཨེ་པབ་རོ་དི་ཏོ་ནས་ཁྱེད་ཀྱ་ཡིས་བསྐུར་ཀ་རྔན་པ་གོ་ཐོབ་སྟེ། ད་ད་ལྟ་ང་ལ་གི་རི་ཚང་གིན་འོད། དེ་ནས་འོ་དེ་རྔན་པ་ནི་དྲི་ཞིམ་གྱི་མཆོད་པ་ཅོག་རེ་དཀོན་མཆོག་གི་དྲུང་དུ། ཐུགས་མཉེས་བོ་དང་ཐུགས་བསྣུམས་མ་མཛད་ཐུབ་ཀྱིན་འདུག། 19 དེ་ནས་ངའི་དཀོན་མཆོག་གི་ཁྱེད་ཀྱ་ཡི་དགོས་ཀྱིན་གི་རི། མཱ་ཤི་ཀ་ཡེ་ཤུའི་དྲང་མེད་ཀྱི་གཟི་བརྗིད་ཐོག་ནས་གནང་ང་མཛད་ཀྱི་ལགས། 20 འོ་རི་དཀོན་མཆོག་དང་ཡབ་ལ་རྒྱུན་ནས་རྒྱུན་དུ་གཟི་བརྗིད་འོང་བར་ཤོག། ཨ་མེན། མཐའ་མའི་འཚམས་འདྲི། 21 མཱ་ཤི་ཀ་ཡེ་ཤུའི་ནང་དམ་པའི་མི་གི་རི་ལ་ངས་འཚམས་འདྲི་ཞུས། དེ་ནས་ངའི་མུ་ལ་འོད་མཁན་སྤུན་ཀྱ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། 22 ཁྱེད་ཀྱ་ལ་དམ་པའི་མི་གི་རི་ཡིས། དེ་ནས་དམིགས་བསལ་དུ་ཀེ་སར་གྱི་ཕོ་བྲང་དུ་འོད་མཁན་ཀྱ་ཡིས་འཚམས་འདྲི་ཞུའི། 23 གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱི་སེམས་ལ་གནས་ལ་ཤོག།།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.