ཕི་ལིབ་པཱི་པ། 3 - གློ་བ།ལུས་ལ་ཆ་མ་བཞག། 1 ངའི་སྤུན་ཀྱ་བོ། གཙོ་བོའི་ནང་དགའ་སྤྲོ་བྱེད། ཁྱེད་ཀྱ་ལ་ཙོག་བའི་ལབ་དེ་ལྡབ་ལེ་བྲིས་ཡས་ལ་ང་ན་མི་སུན་འདག། དེ་ནས་དེ་ཁྱེད་ཀྱ་ཡི་སྲུང་སྐྱོབ་ཀྱི་ཕྱིར་ལ་ལགས། 2 ཁྱི་ཅོག་རེ་མི་ཀྱ་དང་། ལས་ཀ་ངན་པ་བྱེད་མཁན་ཀྱ་དང་། དཔག་བོ་བཅད་མཁན་ཀྱ་ནས་འཛེམ་ཏེ་སྡོད། 3 གི་བྱས་རེ་སྨྲ་ན་དཀོན་མཆོག་ལ་ཐུགས་ཉིད་ནས་བསྙེན་བཀུར་བྱེད་མཁན་དང་། མཱ་ཤི་ཀ་ཡེ་ཤུའི་ནང་ངོམ་གསོ་བྱེད་མཁན། དེ་ནས་ལུས་ལ་ཆ་མི་བཞག་མཁན་འོ་རང་ཀྱ་རང་བདེན་པ་ལྤགས་བོ་བཅད་མཁན་ཀྱ་ལགས། 4 གི་ཡིན་ན་ང་ང་རང་ལ་ལུས་ལ་ཆ་བཞག་དགོས་ཡས་ཀྱི་དོན་དག་འོད། མི་གཅིག་གིས་རང་གི་ལུས་ལ་ཆ་བཞག་ཡས་ཀྱི་དོན་དག་འོད་སྨྲས་རེ་བསམས་ན། ང་ལ་ཡོལ་ལེ་མང་ང་དོན་དག་འོད། 5 ང་སྐྱེས་རེ་ཉིན་མ་བརྒྱད་པ་གོ་ལ་དཔག་བོ་བཅད་པ་ལགས། དེ་ནས་ང་ཡིས་ར་ཨེལ་གྱི་མི་རིགས། བེན་ཡ་མཱིན་གྱི་བརྒྱུད་པ། དེ་ནས་ཨིབ་རི་པ་མི་རིགས་ཀྱ་ཡི་ནང་ནས་ཨིབ་རི་པ་དངོས་གནས་གོ། དེ་ནས་ཆོས་ཁྲིམས་ལ་ཆ་བཞག་ན་ང་ཕཱ་རུ་ཤི་པ། 6 དེ་ནས་ཆོས་ལ་ཤུགས་ཆེ་བརྩིས་ཀྱིན་ལ་ལྟ་ན། ང་ནི་ཆོས་ཚོགས་ལ་སྡུག་པོ་བཏང་གིན། དེ་ནས་ཆོས་ཁྲིམས་ནང་གི་དྲང་བདེན་གྱི་སྐོར་ལ་སྨྲ་ན། ང་སྐྱོན་མེད་ཀྱིན་མི་གཅིག་ཡིན། 7 ཡིན་ནའང་ངའི་ཆེད་དུ་ཕན་ཐོག་བ་ག་ཚོད་འོད་ཀྱིན་གི་རི་མཱ་ཤི་ཀའི་དོན་དུ། དེ་གི་རི་གྱོང་ཡིན་གྱིན་ངས་བརྩིས་བའི། 8 དེ་ཚོད་གཅིག་ཀ་མིན་ད། མཱ་ཤི་ཀ་ཡེ་ཤུ་ལ་ངའི་གཙོ་བོ་ཡིན་སྨྲས་རེ་ངོ་ཤེས་ཡས་ཀྱི་དེ་རེ་རྩ་ཆེ་ལབ་ཀྱི་གདོང་དུ། གཞན་མ་གི་རི་ང་གྱོང་རྩི་ལ་ཡིན། ཁོང་གི་ཆེད་དུ་ངས་གི་རི་བློས་བཏང་བའི། དེ་ནས་འོ་དེ་གི་རི་ངས་ཛོར་ར་བརྩིས་ལི་འོད། དེ་ནི་ང་མཱ་ཤི་ཀའི་འབྱུང་བར་ཤོག་སྨྲས་རེ་ལགས། 9 དེ་ནས་ང་ཁོང་གི་ནང་གནས་ཐུབ་པར་ཤོག། ཆོས་ཁྲིམས་ལ་རྟེན་ཏེ་འབྱུང་གིན་ངའི་ང་རང་གི་དྲང་བདེན་མིན་ད། ཡིན་ནའང་དད་པའི་ཐོག་ནས་དཀོན་མཆོག་ནས་ཐོབ་ཀྱིན་དྲང་བདེན་དེ། ངས་མཱ་ཤི་ཀ་ལ་དད་པ་བྱས་རེ་འཐོབ་པ་ལགས། 10 ངའི་འདོད་པ་ནི་མཱ་ཤི་ཀ་ལ་ངོ་ཤེས་ཡས་དང་། ཁོང་འཆི་བ་ནས་སླར་གསོན་པོ་བྱུང་གིན་གྱི་ནུས་མཐུ་ཤེས་ཡས་ལགས། དེ་ནས་ཁོང་གི་མྱངས་ཀྱིན་སྡུག་བསྔལ་ཅོག་རེ་མྱངས་ཡས་དང་། ཁོང་གྲོངས་ཀྱིན་ཅོག་རེ་གྲོངས་ཡས། 11 དེ་ནས་ག་ནས་ཧ་ལ་འབྱུང་ཐུབ་ཡས་འོད་ན། ང་འཆི་བ་ནས་སླར་གསོན་པོ་ལངས་ཐུབ་བར་ཤོག་སྨྲས་རེ་རེ་བ་འོད། དམིགས་ཡུལ་སྒྲུབ་ཡས་ཀྱི་སྐོར། 12 ངས་དེ་གི་རི་ཨེན་དུ་རུ་ཐོབ་ཚར་འོད། ཡང་ན་ང་ཡང་དག་པ་བྱུང་ཚར་འོད་སྨྲས་རེ་སྨྲ་མིན། ཡིན་ནའང་དོན་གིན་གྱི་ཕྱིར་ལ་མཱ་ཤི་ཀ་ཡིས་ང་ལ་ཟིམ་མ་མཛད་པ་ལེ། འོ་དེ་ཟིམ་ཡས་ལ་རང་ང་དཀའ་ལས་བརྒྱབ་སྟེ་འགྲོའི་འོད། 13 སྤུན་ཀྱ་བོ། ངས་དོན་གི་རི་ཟིམ་ཚར་འོད་སྨྲས་རེ་མེད་བསམས་འོད། ཡིན་ནའང་ང་གི་བྱེད་འདིག་འོད་སྨྲ་ན། རྒྱབ་ལ་སོང་ཚར་ས་དོན་ཀྱ་བརྗེད་དེ་གདོང་ལ་འོད་ཀྱིན་དོན་ཀྱ་ལ་ཤུགས་བརྒྱབ་སྟེ། 14 མཱ་ཤི་ཀ་ཡེ་ཤུའི་ནང་དཀོན་མཆོག་གིས་ནམ་མཁའི་ཞིང་ཁམས་ནས་བོས་པ་བྱ་དགའ་འཐོབ་ཡས་ཀྱི་ཕྱིར་ལ། ང་དམིགས་ཡུལ་དེ་ལ་ཤུགས་བརྒྱབ་སྟེ་འགྲོའི་འོད། 15 ད་འོ་རང་སེམས་ཉིད་ནས་ནར་འགྲོ་ཉིད་ཉ་ཀྱ་ཡི་སེམས་པ་གཅིག་འབྱུང་བོ། དེ་ནས་དོན་རིང་འགའ་ལ་ཁྱེད་ཀྱ་ཡི་བསམ་བློ་གཞན་མ་འོད་ན། དཀོན་མཆོག་གིས་འོ་དེ་གོའང་ཁྱེད་ཀྱ་ལ་གསལ་བོ་སྟོན་མཛད་ཀྱི་ལགས། 16 དེ་ནས་དཀོན་མཆོག་གིས་འོ་རང་ལ་གསལ་བོ་མངོན་མཛད་ཛ་གོ་ལ་གཅིག་ཀ་རྟེན་ཏེ་འོ་རང་མི་ཚེ་པུད་དགོས། 17 སྤུན་ཀྱ་བོ། ང་ལ་དཔེ་བཞག་སྟེ་མི་ཚེ་པུད། དེ་ནས་འི་ཀི་མི་ཚེ་ལ་ཁྱེད་ཀྱ་ཡིས་མཐོང་ཐ་དཔེ་ཅོག་རེ་མི་ཚེ་པུད་མཁན་ཀྱ་ལ་ཞིབ་ལྟ་བྱེད། 18 གི་བྱས་རེ་སྨྲ་ན་ངས་ཨེན་མ་དེ་མི་ཀྱ་ཡི་སྐོར་ལ་ཨ་རུང་མང་ང་སྨྲས་འོད། དེ་ནས་ད་ལྟ་མིག་ཆུ་བཏང་རེ་ང་ད་ལྟ་སྨྲ་ཡིན། ཁོང་ཀྱ་མཱ་ཤི་ཀའི་རྒྱང་ཤིང་གི་དགྲ་ཅོག་རེ་མི་ཚེ་བསྐྱལ་ལི། 19 ཁོང་ཀྱ་ཡི་མི་ཚེའི་མཐའ་ནི་གཏོར་བཤིག་ལགས། དེ་ནས་ཁོང་ཀྱ་ཡི་ལྷ་གོ་ཁོ་རི་ཕོ་བ་ལགས། དེ་ནས་ཁོ་རི་ངོ་ཚ་ལ་ཁོང་ཀྱ་ཡི་གཟི་བརྗིད་འོད་ད་ལགས། དེ་ནས་ཁོང་ཀྱ་ཡི་སེམས་འཇིག་རྟེན་གྱི་དོན་ཀྱ་ལ་ཆགས་བ་ལགས། 20 ཡིན་ནའང་འོ་རི་ཕ་ཡུལ་ནི་ནམ་མཁའི་ཞིང་ཁམས་ལགས། དེ་ནས་འོ་དེ་ནས་ཕེབས་ཡས་ཡིན་གྱིན་སྐྱབས་མགོན་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་འོ་རང་གུག་སྟེ་བསྡད་ད་ལགས། 21 དེ་ནས་གི་རི་ཁོང་པ་རང་གི་དབང་འོག་ཏུ་མཛད་ཐུབ་ཀྱིན་ནུས་མཐུ་གིས་རང་། འོ་རི་ཐབས་སྐྱོ་བ་ལུས་ལ་ཁོང་པ་རང་གི་གཟི་བརྗིད་ཀྱི་སྐུ་ལུས་ཅོག་རེ་འགྱུར་ར་མཛད་ཀྱི་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.