Biblia Todo Logo
Bìoball air-loidhne

- Sanasan -


ཕི་ལིབ་པཱི་པ། 2 - གློ་བ།


མཱ་ཤི་ཀ་ཅོག་རེ་ཉམ་ཆུང་འབྱུང་ཡས་ཀྱི་དཔེ།

1 འོ་བྱས་རེ་མཱ་ཤི་ཀའི་ནང་ཁྱེད་ཀྱ་ལ་སེམས་ཤུགས་རེ་འོད་ན། བྱམས་པའི་སེམས་གསོ་རེ་འོད་ན། དེ་ནས་དམ་པའི་ཐུགས་ཉིད་ཀྱི་མཐུན་འབྲེལ་འོད་ན། དེ་ནས་བྱམས་དང་སྙིང་རྗེ་འོད་ན།

2 ཁྱེད་ཀྱ་བསམ་བློ་གཅིག་པ་བཏང་རེ་གཅིག་གིས་གཅིག་ལ་བརྩེ་བ་གཅིག་པ་བྱས་རེ། སེམས་ནས་བསམ་བློ་གཅིག་ལ་མཐུན་ཏེ་ངའི་དགའ་སྤྲོ་ཁང་དུ་ཆུག།

3 རང་གི་འདོད་པ་བཀང་ཡས་ཀྱི་དམིགས་ཡུལ་ཡང་ན། ངོམ་སེམས་ཀྱི་ཐོག་ནས་གིའང་མ་བྱེད། ཡིན་ནའང་ཉམ་ཆུང་འབྱུང་རེ་གཅིག་གིས་གཅིག་ལ་རང་ནས་ཆེ་རྩིས།

4 རང་གི་དོན་དག་གཅིག་ཀ་མ་བཙལ། ཡིན་ནའང་མི་གཞན་མ་ཀྱ་ཡི་དོན་དག་ཀྱ་ལ་ལྟོས།

5 ཁྱེད་ཀྱ་ཡི་བསམ་བློ་གོའང་མཱ་ཤི་ཀ་ཡེ་ཤུའི་ནང་འོད་ཀྱིན་ཅོག་རེ་འབྱུང་དགོས།

6 ཁོང་དཀོན་མཆོག་གི་གཤིས་ཀ་ལ་བྱས་རེའང་། དཀོན་མཆོག་འདྲ་འདྲ་རྩི་ཡས་ཀྱི་ལབ་ལ་ཟིམ་ཏེ་མ་བཞུགས།

7 ཡིན་ནའང་རང་ལ་སྟོང་པ་མཛད་དེ། བྲན་གཡོག་གི་གཤིས་ཀ་བསྣུམས་ཏེ། མིའི་ལུས་ལ་འཁྲུངས།

8 དེ་ནས་མིའི་གཤིས་ཀ་ལ་བྱུང་རེ། རང་ལ་ཉམ་ཆུང་མཛད་དེ། འཆི་བ་ཐུག་པའི་གཅིག་ཀ་མིན་ད། རྒྱང་ཤིང་གི་འཆི་བ་ཐུག་པའི། དཀོན་མཆོག་གི་བཀའ་ལ་ཉན།

9 འོ་བྱས་རེ་དཀོན་མཆོག་གིས་ཁོང་ལ་དམི་ཅིག་གི་མཐོ་བ་མཛད་དེ། མཚན་གི་རི་ནས་མཐོ་ཤོས་ཡིན་གྱིན་མཚན་གོ་ཁོང་ལ་གནང་།

10 འོ་བྱས་རེ་གནམ་དང་ས། དེ་ནས་ས་གཏིང་ལ་འོད་མཁན་གི་རི་ཡིས། ཡེ་ཤུའི་མཚན་ལ་པུས་མོ་བཙུགས་ཏེ་ཕྱག་འཚལ་དགོས།

11 དེ་ནས་ཡབ་དཀོན་མཆོག་ལ་གཟི་བརྗིད་འོང་ཡས་ཀྱི་ཆེད་དུ། ཡེ་ཤུ་མཱ་ཤི་ཀ་རང་གཙོ་བོ་ཡིན་སྨྲས་རེ་ལྕེ་མོ་འོད་ལེ་ཡིས་ཁས་ལེན་བྱེད་ཀྱི་ལགས།


འཇིག་རྟེན་དུ་འོད་ཅོག་རེ་ཤར་ཡས།

12 འོ་བྱས་རེ་ངའི་གཅེས་བའི་ཀྱ་བོ། ཁྱེད་ཀྱ་ཡིས་ཙོག་བའི་ངའི་ཁ་ལ་ཉན་གྱིན་ཅོག་རེ་ང་འོད་དེ་གང་ལ་གཅིག་ཀ་མིན་ད། ཡིན་ནའང་དེ་ལས་ལྷག་ང་མེད་རང་ཁྱེད་ཀྱ་འཇིགས་སྣང་དང་། གུས་ཞབས་ཀྱི་ཐོག་ནས་རང་གི་ཐར་པའི་ཕྱིར་ལ་དཀའ་ལས་རྒྱོབ།

13 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་དགོངས་བཟང་ང་ཡི་ཕྱིར་ལ་ཁྱེད་ཀྱ་འདོད་པ་དང་། ལས་ཀ་གཉིས་ཀ་ར་བྱེད་ཡས་ལ་དཀོན་མཆོག་གིས་རང་། ཁྱེད་ཀྱ་ནང་ཕྱག་ལས་མཛད་ད་ལགས།

14 འུ་ཐུབ་ཡང་ན་རྩོད་གླེང་མི་བྱེད་ད་ལས་ཀ་གི་རི་བྱེད།

15 དེ་ནས་ཁྱེད་ཀྱ་སྐྱོན་མེད་ཀྱིན་དང་གཙང་མ་བྱུང་རེ་འདི་མེད་དྲང་ང་དང་། སྡུག་ཅག་མི་རབས་ཀྱི་ཁོག་ཏུ་སྐྱོན་མེད་ཀྱིན་དཀོན་མཆོག་གི་སྲས་དང་སྲས་མོ་འབྱུང་བར་ཤོག།དེ་ནས་ཁྱེད་ཀྱ་འཇིག་རྟེན་དུ་ཁོང་ཀྱ་ཁོག་ཏུ་གནམ་གྱི་སྐར་མ་ཀྱ་ཅོག་རེ་ཤར་ཏེ།

16 ཚེ་སྲོག་གི་བཀའ་ལ་བརྟན་པོ་བྱས་རེ་ཟིམ་ཏེ་སྡོད། དེ་ནས་ང་ཧ་ལ་ཚུར་ལ་རྒྱུག་གིན་དང་། དཀའ་ལས་བརྒྱབ་ཀྱིན་གོ་དོན་མེད་དུ་མ་སོང་བྱུང་སྨྲས་རེ། ང་མཱ་ཤི་ཀའི་ཉིན་མ་ལ་ངོམ་གསོ་བྱེད་ཡས་རག་གི་ལགས།

17 ཡིན་ནའང་ཁྱེད་ཀྱ་ཡི་དད་པའི་མཆོད་པ་དང་བསྙེན་བཀུར་འགྲུབ་ཡས་ཀྱི་ཕྱིར་ལ། ངའི་ཕྲག་ནི་གསེར་སྐྱེམས་ཅོག་རེ་འབུལ་དགོས་ཡས་ཡིན་ན། ང་ཉམ་མོ་དགའི། དེ་ནས་ཁྱེད་ཀྱ་གི་རི་མུ་ལ་དགའ་སྤྲོ་བྱེད་ཡས་ཡིན།

18 འོ་བྱས་རེ་ཁྱེད་ཀྱའང་ངའི་མུ་ལ་ཉམ་མོ་དགྱེས་རེ་དགའ་སྤྲོ་བྱེད།


ཏི་མོ་ཐེའུ་དང་ཨེ་པབ་རོ་དི་ཏོ།

19 ཁྱེད་ཀྱ་ཡི་གནས་ཚུལ་གོ་སྟེ་ངའང་ཉམ་མོ་དགའ་ཡས་ཀྱི་ཆེད་དུ། ང་ཏི་མོ་ཐེའུ་ལ་ཁྱེད་ཀྱ་རྩ་རུ་མགྱོགས་སེ་བཏང་ཡས་ཀྱི་རེ་བ་དེ་གཙོ་བོ་ཡེ་ཤུ་ལ་བྱེད་འདིག་འོད།

20 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་དོན་དུ་དངོས་གནས་སེམས་ཁྲལ་བྱེད་མཁན། ཁོ་ཅོག་རེ་ངའི་མུ་ལ་གཞན་མ་སུའང་མེད།

21 མི་གཞན་མ་ཀྱ་ནི་ཡེ་ཤུ་མཱ་ཤི་ཀའི་དོན་ལ་མིན་ད། རང་གི་དོན་དག་གཅིག་ཀ་བཙལ་ལི།

22 ཡིན་ནའང་ཏི་མོ་ཐེའུ་ནི་མི་ག་རེ་གཅིག་ལེ་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་བི་ཛ་གཅིག་གི་རང་གི་ཨ་རྒས་ལ་ཞབས་ཕྱི་ཞུ་གིན་ཅོག་རེ། གཏམ་བཟང་གི་ལས་ཀ་ལ་ཁོས་ངའི་མུ་ལ་ཞབས་ཕྱི་ཞུས་བ་ལགས།

23 འོ་བྱས་རེ་ང་ལ་དུ་རུ་གི་འབྱུང་ཡས་ཡིན་གྱིན་གོ་ཤེས་ལུང་མེད་ལ། ང་ཁོ་ལ་ཁྱེད་ཀྱི་རྩ་རུ་བརྫངས་ཡས་ཀྱི་རེ་བ་བྱེད་འདིག་འོད།

24 དེ་ནས་ངའང་མགྱོགས་སེ་འོང་ཡས་རག་གུ་ལགས་སྨྲས་རེ་གཙོ་བོ་ལ་ཡིད་ཆེས་འོད།

25 ཡིན་ནའང་ངའི་སྤུན་དང་ལས་རོགས། དེ་ནས་དམག་རོགས། དེ་ནས་ངའི་མཁོ་ཆས་ཀྱ་ལ་རོགས་བ་བྱེད་ཡས་ལ། ཁྱེད་ཀྱ་ཡིས་བརྫངས་ཛ་ཁྱེད་ཀྱི་བང་ཆེན་ཡིན་མཁན་ཨེ་པབ་རོ་དི་ཏོ་ལ། ཁྱེད་ཀྱི་རྩ་རུ་ལོག་སྟེ་བརྫངས་ཡས་གོ་གལ་ཆེ་འདུག་སྨྲས་རེ་ང་བསམས་མའི་འོད།

26 གི་བྱས་རེ་སྨྲ་ན་ཁོ་ཁྱེད་ཀྱ་གི་རི་ལ་དམི་ཅིག་གི་དྲན་ད་ལགས། དེ་ནས་ཁོ་རང་སྨྲ་གིན་གྱི་སྐོར་ལ་ཁྱེད་ཀྱ་ཡིས་གོ་སྟེ་ཁོ་སེམས་ཁྲལ་བྱེད་ད་ལགས།

27 དངོས་གནས་རང་ཁོ་ནད་རེ་ཤི་གུ་བྱས་བ་ལགས། ཡིན་ནའང་དཀོན་མཆོག་གིས་ཁོ་ལ་ཐུགས་རྗེ་གཟིགས་བ་མཛད་པ་ལགས། ཁོ་ལ་གཅིག་ཀ་མ་ལགས། ཡིན་ནའང་ང་ལ་སྡུག་ང་གི་ཁར་ལ་སྡུག་ང་མ་འཕར་ར་ཤོག་སྨྲས་རེ་ང་ལ་ཐུགས་རྗེ་གཟིགས་སོང་།

28 འོ་བྱས་རེ་ཁོ་ལ་ལྡབ་ལེ་མཐོང་རེ་ཁྱེད་ཀྱ་ཉམ་མོ་དགའ་ཡས་དང་། ངའི་སྡུག་ང་གོ་སྙུང་དུ་འགྲོ་བར་ཤོག་སྨྲས་རེ། ང་ཁོ་ལ་ཁྱེད་ཀྱི་རྩ་རུ་བརྫངས་ཡས་ལ་དམི་ཅིག་གི་འདོད་འདིག་འོད།

29 འོ་བྱས་རེ་གཙོ་བོའི་ནང་དུ་དགའ་སྤྲོ་ཀྱི་ཐོག་ནས་ཁོ་ལ་ཕེབས་བསུ་ཞུས། དེ་ནས་ཁོ་ཅོག་རེ་མི་ཀྱ་ལ་བརྩི་བཀུར་བྱེད།

30 གི་བྱས་རེ་སྨྲ་ན་མཱ་ཤི་ཀའི་ལས་ཀའི་དོན་ལ་ཁོ་ཤི་ལག་བྱས་བ་ལགས། ཁྱེད་ཀྱི་ཚབ་ལ་ང་ལ་ཞབས་ཕྱི་ཞུ་ཡས་ཀྱི་ཆེད་དུ་ཁོས་ཁོ་རི་མི་ཚེ་རང་ཉེན་ཁ་ལ་བཏང་སོང་།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan