Biblia Todo Logo
Bìoball air-loidhne

- Sanasan -

མད་ཐཱ། 16 - གློ་བ།


རྟགས་སྟོན་ཡས་ཀྱི་འདོད་པ།
( མར་ཀུ། ༨:༡༡-༡༣ ; ལུ་ཀ། ༡༢:༥༤-༥༦ )

1 ཕཱ་རུ་ཤི་པ་ཀྱ་དང་སཱ་དུ་ཀི་པ་ཀྱ་འོངས་རེ་ཡེ་ཤུ་ལ་ཚོད་ལྟ་བྱེད་ཡས་ལ། ནམ་མཁའི་ཞིང་ཁམས་ནས་ཁོང་ཀྱ་ལ་རྟགས་གཅིག་སྟོན་རོགས་མཛད་སྨྲས་རེ་ཞུས་བ་ལགས།

2 ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དགོང་མོ་ཆགས་བའི་གང་ལ་ཁྱེད་ཀྱ་གནམ་དམར་བོ་བྱས་རེ་ཉེ་དྲོ་གནམ་གཤིས་དྭངས་ང་འོང་གི་ལགས་སྨྲས་རེ་སྨྲ་ལགས།

3 དེ་ནས་སྔ་རོག་ཁྱེད་ཀྱ་གནམ་དམར་བོ་དང་སྨུག་པའི་ཏུམ་ཏ་བྱས་རེ་དི་རིང་རླུང་ཚུབ་བརྒྱབ་ཀྱི་ལགས་སྨྲས་རེ་སྨྲ་ལགས། ཁྱེད་ཀྱ་གནམ་གྱི་མདོག་ལ་བལྟས་རེ་ཉིན་མ་ག་རེ་འོང་ཡས་འདུག་སྨྲས་རེ་ཤེས་ལ་ལགས། ཡིན་ནའང་ད་ལྟ་བྱུང་གིན་དུས་ཀྱི་རྟགས་ཀྱ་ཡི་དོན་དག་གོ་བཀྲོལ་མི་ཐུབ་བ་ལགས།

4 ངན་པ་དང་ལོག་གཡེམ་གྱི་མི་རབས་ཀྱ་རྟགས་བཙལ་ལ་ལགས། ཡིན་ནའང་ཡོ་ནཱའི་རྟགས་མ་ན་གཞན་མ་གིའང་མེད་སྟེར་གྱི་ལགས། དེ་ནས་ཁོང་པ་ཁོང་ཀྱ་ལ་བོར་ཏེ་འོ་དེ་ནས་ཕེབས་པ་ལགས།


ཕཱ་རུ་ཤི་པ་དང་ཆོས་ཁྲིམས་ཀྱི་མཁས་བ་ཀྱ་ཡི་སྐྱུར་རྩི།
( མར་ཀུ། ༨:༡༤-༢༡ )

5 མཚོའི་ཧ་ཀན་ལ་སླེབས་ཏེ་ཉེ་གནས་ཀྱ་ཡིས་གྱང་ག་འཁྱེར་ཏེ་འོངས་ཡས་གོ་དྲན་པ་བརྗེད་པ་ལགས།

6 ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཕཱ་རུ་ཤི་པ་ཀྱ་དང་སཱ་དུ་ཀི་པ་ཀྱ་ཡི་སྐྱུར་རྩི་ནས་གཟབ་གཟབ་བྱེད། དེ་ནས་རང་ལ་སྲུང་།

7 དེ་ནས་ཁོང་ཀྱ་ཁོ་རང་ཀྱ་ནང་དུ་འཐབས་ཏེ་དེ་རེ་སྨྲས་བ་ལགས། འོ་རང་ཀྱ་ཡིས་གྱང་ག་ཁྱེར་ཏེ་མ་ཡོང་བ་ཁོང་པ་ཡིས་དེ་རེ་གསུངས་ང་ལགས།

8 ཡིན་ནའང་ཡེ་ཤུ་ཡིས་དེ་མཁྱེན་ད་མཛད་དེ་གསུངས་བ་ལགས། ཁྱེད་དད་པ་ཆུང་ང་འོད་ཀྱིན་མི་ཀྱ། ཁྱེད་ཀྱ་ཁྱེད་རང་ཀྱ་ནང་དུ་གྱང་ག་མེད་ཀྱིན་གྱི་ཕྱིར་ལ་གི་བྱས་རེ་འཐབས་བ།

9 ཁྱེད་ཀྱ་དོ་རང་འང་ཧ་མེད་གོ་ར་བའི། མི་ལྔ་སྟོང་གི་ཕྱིར་ལ་གྱང་ག་ལྔ་སྟེར་ཏེ། ཁྱེད་ཀྱ་ཡིས་ལྷག་མ་བག་ཏང་ག་ཚོད་བསྡུས་ད་གོ་ཁྱེད་ཀྱ་ཡིས་མེད་དྲན་དག་བའི།

10 ཡང་མི་བཞི་སྟོང་གི་ཕྱིར་ལ་གྱང་ག་བདུན་སྟེར་ཏེ། ཁྱེད་ཀྱ་ཡིས་བག་ཏང་ག་ཚོད་བསྡུས་ཀྱིན་གོ་མེད་དྲན་དག་བའི།

11 ངས་གྱང་ག་ཡི་ཕྱིར་ལ་ལབ་བཏང་ང་མ་ལགས་སྨྲས་རེ་ཁྱེད་ཀྱ་གང་གི་བྱས་རེ་ཧ་གོ་ཡས་ལ་ལས་སོ། ཕཱ་རུ་ཤི་པ་ཀྱ་དང་སཱ་དུ་ཀི་པ་ཀྱ་ཡི་སྐྱུར་རྩི་ནས་གཟབ་གཟབ་བྱེད།

12 དེ་ནས་ཁོང་པ་ཡིས་གྱང་ག་ཡི་སྐྱུར་རྩིའི་སྐོར་ལ་མིན་ད། ཡིན་ནའང་ཕཱ་རུ་ཤི་པ་ཀྱ་དང་སཱ་དུ་ཀི་པ་ཀྱ་ཡི་བསླབ་བྱ་ཀྱ་ལ་གཟབ་གཟབ་བྱེད་སྨྲས་རེ་གསུངས་ཀྱིན་གོ་ཁོང་ཀྱ་ཡིས་ཧ་གོ་པ་ལགས།


ཡེ་ཤུ་དཀོན་མཆོག་གི་སྲས་སྨྲས་རེ་པེ་ཏྲོ་ཡིས་ཁས་ལེན་པ།
( མར་ཀུ། ༨:༢༧-༣༠ ; ལུ་ཀ། ༩:༡༨-༢༡ )

13 ད་ཡེ་ཤུ་ཀེ་སར་ཡཱ་ཕི་ལིབ་པཱིའི་ཡུལ་དུ་ཕེབས་ཏེ་ཁོང་པ་ཡིས་ཉེ་གནས་ཀྱ་ལ་དྲིས་བ་ལགས། མི་ཀྱ་ཡིས་མིའི་བུ་སུ་ལགས་སྨྲས་རེ་སྨྲིས་བོ།

14 ཁོང་ཀྱ་ཡིས་སྨྲས་བ་ལགས། རིང་འགའ་ཡིས་ཁྲུས་གསོལ་མཁན་ཡོ་ཧ་ནན། དེ་ནས་རིང་འགའ་ཡིས་ཨེ་ལི་ཡཱ། དེ་ནས་རིང་འགའ་ཡིས་ཡེར་མི་ཡཱ་ཡང་ན་མངོན་ཤེས་མཁན་ཀྱ་ནས་གཅིག་ལགས་སྨྲས་རེ་སྨྲིས།

15 ཁོང་པ་ཡིས་གསུངས་བ་ལགས། ཡིན་ནའང་ཁྱེད་ཀྱ་ང་སུ་ལགས་སྨྲས་ཀྱི་བོ།

16 སི་མོན་པེ་ཏྲོ་ཡིས་སྨྲས་བ་ལགས། ཁྱེད་རང་ནི་མཱ་ཤི་ཀ་གསོན་པོ་དཀོན་མཆོག་གི་སྲས་གོ་ལགས།

17 དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཡོ་ནཱའི་བུ་སི་མོན། ཁྱོད་ལ་བྱིན་རླབས་འཐོབ་པར་ཤོག།གི་བྱས་རེ་སྨྲ་ན་མི་ནས་མིན་ད་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་རང་ཁྱོད་ལ་དེ་སྟོན་མཛད་པ་ལགས།

18 དེ་ནས་ང་ཁྱོད་ལ་སྨྲ་ཡིན། ཁྱོད་པེ་ཏྲོ་ནི་ཕོང་གིན་ཡིན། དེ་ནས་ཕོང་གིན་དེའི་ཁར་ལ་ང་ངའི་ཆོས་ཚོགས་རྩིག་ཡས་ཡིན། དེ་ནས་དམྱལ་བའི་དབང་གིན་གྱིས་འང་། དེའི་ཁར་ལ་མེད་རྒྱལ་གྱི་ལགས།

19 ང་ཁྱོད་ལ་ནམ་མཁའི་རྒྱལ་སྲིད་ཀྱི་ལྡེ་མིག་ཀྱ་སྟེར་ཡས་ཡིན། དེ་ནས་ཁྱོས་ས་གཞི་རུ་གི་བསྡམས་ཀྱིན་གོ་ནམ་མཁའི་ཞིང་ཁམས་དུ་བསྡམ་གྱི་ལགས། དེ་ནས་ཁྱོས་ས་གཞི་རུ་གི་བཀྲོལ་གྱིན་གོ་ནམ་མཁའི་ཞིང་ཁམས་དུ་བཀྲོལ་གྱི་ལགས།

20 དེ་ནས་ཁོང་པ་ཡིས་ཉེ་གནས་ཀྱ་ལ་ཁོང་པ་མཱ་ཤི་ཀ་ཡིན་མཁན་གོ་མི་སུ་ལ་མ་བཤད་སྨྲས་རེ་བཀའ་ཤུགས་ཆེ་གནང་བ་ལགས།


རང་གི་འཆི་བའི་སྐོར་ལ་ཡེ་ཤུ་ཡིས་མངོན་ཤེས།
( མར་ཀུ། ༨:༣༡-༣༣ ; ལུ་ཀ། ༩:༢༢ )

21 འོ་དེ་དུས་ཚོད་ནས་ཡེ་ཤུ་ཡིས་རང་གི་ཉེ་གནས་ཀྱ་ལ། ཁོང་པ་ཡེ་རུ་ཤ་ལེམ་ལ་ཕེབས་དགོས་གུ་ལགས། དེ་ནས་འགོ་ཁྲིད་ཀྱ་དང་། མཆོད་དཔོན་ཆེ་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ནས་སྡུག་པོ་མང་ང་གཅིག་མྱངས་དགོས་གུ་ལགས། དེ་ནས་ཁོང་པ་བསད་དགོས་ཀྱི་ལགས། ཡིན་ནའང་ཉིན་མ་གསུམ་པ་གོ་ལ་འཆི་བ་ནས་ཡར་བཞེངས་ཀྱི་ལགས་སྨྲ་གིན་གྱི་སྐོར་ལ་གསལ་བཤད་མཛད་པ་ལགས།

22 དེ་ནས་པེ་ཏྲོ་ཡིས་ཁོང་པ་ལ་ཟུར་ལ་ཁྲིད་དེ་ཨང་ཇི་བཏང་རེ་སྨྲས་བ་ལགས། གཙོ་བོ། དེ་རེ་རྩ་བ་ནས་མ་འབྱུང་བ་ཤོག ཁྱེད་རང་ལ་དེ་རེ་འབྱུང་གི་མ་ལགས།

23 ཡིན་ནའང་ཡེ་ཤུ་ཡིས་ཞལ་བསྒྱུར་ཏེ་པེ་ཏྲོ་ལ་གསུངས་བ་ལགས། བདུད་ཁྱོད། ངའི་རྒྱབ་ཏུ་སོང་། ཁྱོད་ངའི་ཕྱིར་ལ་བར་ཆད་ཡིན། གི་བྱས་རེ་སྨྲ་ན་ཁྱོའི་བསམ་བློ་དཀོན་མཆོག་ནས་མིན་ད་མི་ནས་འདུག།

24 དེ་ནས་ཡེ་ཤུ་ཡིས་རང་གི་ཉེ་གནས་ཀྱ་ལ་གསུངས་བ་ལགས། ངའི་གཤམ་ལ་འབྲང་ཉིད་འདོད་མཁན་ཀྱ། རང་ལ་བློས་བཏང་རེ་རང་གི་རྒྱང་ཤིང་འཁུར་ཏེ་ངའི་གཤམ་པ་ལ་འབྲང་དགོས་ཀྱི་ལགས།

25 གི་བྱས་རེ་སྨྲ་ན་རང་གི་སྲོག་སྐྱོབ་ཉིད་འདོད་མཁན་གྱིས་འོ་དེ་ཤོར་དུ་བཅུག་གི་ལགས། ཡིན་ནའང་རང་གི་སྲོག་ངའི་ཕྱིར་ལ་ཤོར་དུ་བཅུག་གིན་གོ་ལ་འོ་དེ་རྙེད་ཀྱི་ལགས།

26 མི་གཅིག་ལ་འཇིག་རྟེན་གི་རི་ཐོབ་སྟེ་མཐའ་མེད་པའི་སྲོག་གོ་ཤོར་ན་གི་ཕན་ཐོགས་གི་ལེ། ཡང་མི་གཅིག་གིས་རང་གི་སྲོག་གི་ཚབ་ལ་གི་སྟེར་ཐུབ་ཀྱི་ལེ།

27 གི་བྱས་རེ་སྨྲ་ན་མིའི་བུ་ནི་རང་གི་བང་ཆེན་ཀྱ་མུ་ལ་རང་གི་ཡབ་ཀྱི་གཟི་བརྗིད་ལ་ཕེབས་ཀྱི་ལགས། དེ་ནས་མི་རེ་རེ་ལ་རང་གི་བྱ་བ་ལ་མཐུན་གྱིན་ལན་གནང་གི་ལགས།

28 ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། དུ་རུ་ལངས་རེ་བསྡད་ད་མི་རིང་འགའ་ཡིས། མིའི་བུ་རང་གི་རྒྱལ་སྲིད་དབང་བསྒྱུར་ལ་ཕེབས་ཀྱིན་གོ་མ་མཐོང་གིན་ཐུག་པའི་འཆི་བ་མྱངས་དགོས་གུ་མ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan