ཡུ་དཱ། 1 - གློ་བ།1 ཡེ་ཤུ་མཱ་ཤི་ཀའི་བྲན་གཡོག་དང་ཡ་ཀོབ་ཀྱི་ནུ་བོ་ང་ཡུ་དཱ་ནས། ཡབ་དཀོན་མཆོག་གི་གཅེས་བའི་དང་ཡེ་ཤུ་མཱ་ཤི་ཀའི་དོན་དུ་བསྲུངས་རེ་བཞག་ཞ་བོས་པ་སྤུན་ཀྱ་ལ། 2 སྙིང་རྗེ་དང་། ཞི་བདེ་དང་། བྱམས་པ་ཁྱེད་ཀྱ་ལ་མོད་ཆོ་ལི་འོང་བར་ཤོག། སློབ་དཔོན་ཟོག་པོ་ཀྱ། 3 གཅེས་བའི་སྤུན་ཀྱ་བོ། འོ་རང་གི་རི་ལ་ཐོབ་ཐ་ཐར་པའི་སྐོར་ལ་ངས་ཁྱེད་ཀྱ་ལ་འབྲི་ཡས་དམི་ཅིག་གི་འཐད་འོད་ནའང་། དཀོན་མཆོག་གི་རང་གི་དམ་པའི་མི་ཀྱ་ལ་ལན་གཅིག་ཏུ་གནང་ན་དད་པ་གོ་སྲུང་སྐྱོབ་བྱེད་སྨྲས་རེ་ཞུ་བ་འབུལ་ཡས་ལ། ངས་ཁྱེད་ཀྱ་ལ་འདི་ཡིག་དེ་འབྲི་དགོས་སོང་། 4 གི་བྱས་རེ་སྨྲ་ན་ཨེན་མ་ནས་ཧ་ལ་ཉེས་པ་ཕོག་ཡས་ལ་ཐག་བཅད་ཅ་མི་རིང་འགའ། ཁྱེད་ཀྱ་ཡི་ཁོག་ཏུ་གསང་བ་ནས་འཛུལ་འདུག། ཁོང་ཀྱ་དཀོན་མཆོག་ལ་མི་རྩི་གིན་མི་ལགས། ཁོང་ཀྱ་ཡིས་འོ་རི་དཀོན་མཆོག་གི་ཐུགས་རྗེ་ལ་གཡོས་རེ་འདོད་ཆགས་ལ་བསྒྱུར་འདུག། དེ་ནས་འོ་རི་བདག་པོ་དང་གཙོ་བོ་གཅིག་ཀ་ར་ཡིན་མཁན་མཱ་ཤི་ཀ་ཡེ་ཤུ་ལ་ཁས་ལེན་མི་བྱེད་ད་ལགས། 5 ཁྱེད་ཀྱ་ཡིས་དེ་ལབ་གི་རི་ཨེན་མ་ནས་བཤད་འོད་ནའང་ང་ཁྱེད་ཀྱ་ལ་ཡང་དེ་ཀྱ་དྲན་གསོ་བླང་ཉིད་འདོད་འདིག། གཙོ་བོ་ཡིས་ཐེངས་གཅིག་ལ་ཨེ་ཇེབ་ཡུལ་ནས་རང་གི་མི་ཀྱ་ལ་ཐར་དུ་བཅུག་བ་མཛད་པ་ལགས། ཡིན་ནའང་གཤམ་ལ་དད་པ་མི་བྱེད་མཁན་ཀྱ་ལ་མེད་ད་ལ་མཛད་པ་ལགས། 6 དེ་ནས་རང་གི་འགན་གྱི་གོ་ས་མ་སྲུང་ང་རང་གི་བསྡད་ས་ངོ་མ་གོ་སྤངས་པ་ནམ་མཁའི་བང་ཆེན་ཀྱ་ལ་དཀོན་མཆོག་གི་མུན་ནག་གི་ནང་ལ་མཐའ་མེད་ཀྱིན་ལྕགས་སྒྲོག་བརྒྱབ་ཏེ། ཁྲིམས་གཅོད་ཀྱི་ཉིན་མ་ཆེ་ཐུག་པའི་བཞག་མཛད་འོད་ད་ལགས། 7 དེ་རེ་བྱས་རེ་རང་སཱ་དོམ་དང་གཱོ་མོ་རཱ་དང་མཐའ་འཁོར་གྱི་གྲོང་ཁྱེར་གྱི་མི་ཀྱ་ལོག་གཡེམ་དང་ལུས་ཀྱི་འདོད་ཆགས་ལ་ཆུད་པ་ལགས། དེ་ནས་ཁོང་ཀྱ་ལ་མཐའ་མེད་ཀྱིན་མེའི་ཆད་པ་ཕོག་སྟེ་དཔེ་གཅིག་བྱུང་འོད་ད་ལགས། 8 འདུག་བྱས་རེ་རང་དེ་རེ་མི་ཀྱ་རང་གི་མིག་ལམ་ལ་བརྟན་ཏེ་རང་གི་ལུས་ལ་མེད་གཙང་ང་བྱེད་ད་ལགས། དེ་ནས་གཙོ་བོའི་དབང་ཆ་ཁས་མེད་ལེན་ད་ལགས། དེ་ནས་ནམ་མཁའི་བང་ཆེན་ཀྱ་ལ་སྐུར་བ་འདེབས་བ་ལགས། 9 ཡིན་ནའང་ནམ་མཁའི་བང་ཆེན་གཙོ་མི་ཀ་ཨེལ་གྱིས་མོ་ཤེའི་ཕུང་པོའི་སྐོར་ལ་བདུད་མུ་ལ་རྩོད་གླེང་བྱེད་འདིག་གང་ལ། ཁོ་ལ་སྐུར་བ་འདེབས་ཏེ་སྐྱོན་འཛུགས་བཀལ་ཡས་ཀྱི་བློ་ཁོག་མ་བྱས་བ། ཡིན་ནའང་གཙོ་བོ་ཡིས་ཁྱོད་ལ་བཀའ་བཀྱོན་མཛད་ད་ཤོག་སྨྲས་རེ་གསུངས་བ་ལགས། 10 ཡིན་ནའང་དེ་མི་ཀྱ་རང་གི་མེད་ཤེས་ཀྱིན་ལབ་ཀྱ་གི་རི་ལ་སྐུར་བ་འདེབས་པ་ལགས། དེ་ནས་རིག་པ་མེད་ཀྱིན་དུད་འགྲོ་ཀྱ་ཅོག་རེ་རང་གི་འཐད་ཀྱིན་གོ་རང་བྱས་རེ་ཁོང་ཀྱ་མེད་ད་ལ་འགྲོ་གི་ལགས། 11 དེ་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཀ་ཡིན་གྱི་ལམ་ལ་འབྲངས་ང་ལགས། དེ་ནས་རྒྱུ་ནོར་འཐོབ་ཡས་ཕྱིར་ལ་བཱ་ལམ་གྱི་ནོར་འཁྲུལ་ལ་ཆུད་ད་ལགས། དེ་ནས་ཀོ་རཱའི་ངོ་ལོག་ལ་ཅོག་རེ་མེད་ད་ལ་འགྲོ་གི་ལགས། 12 ཁྱེད་ཀྱི་བྱམས་པའི་མགྲོན་ལ་དེ་མི་ཀྱ་དྲི་མ་ཅོག་རེ་འདུག།གི་བྱས་རེ་སྨྲ་ན་དེ་ཀྱ་ངོ་ཚ་མི་བྱེད་ད། རང་ལ་གཅིག་ཀ་བསམས་ཏེ་དམི་ཅིག་གི་ཟ་འཐུང་བྱེད་ད་ལགས། དེ་ཀྱ་ནི་རླུང་གིས་ཏག་སྟེ་འཁྱེར་གྱིན་ཆུ་མེད་ཀྱིན་སྲིང་པ་ཀྱ་ཅོག་རེ་ལགས། དེ་ནས་སྟོན་ཀ་ཡི་འབྲས་བུ་མེད་ཀྱིན་ཐེངས་མ་གཉིས་ཤི་ཚར་ས་རྩ་བ་ནས་བཀོག་ཀ་ཤིང་སྡོང་ཅོག་རེ་ལགས། 13 དེ་ནས་དེ་ཀྱ་རང་གི་ངོ་ཚའི་ལྦུ་བ་སྟོན་གྱིན་རྒྱ་མཚོའི་རྦ་རླབས་སྨྱོན་པ་ཀྱ་ཅོག་རེ་ལགས། དེ་ནས་དེ་ཀྱ་དུས་རྟག་ཏུ་འཇིགས་སྐྲག་ཆེ་མུན་ནག་གི་ཕྱིར་ལ་གྲ་སྒྲིག་བྱས་བྱ་སྐར་མ་འཁྱམ་པོ་ཀྱ་ཅོག་རེ་ལགས། 14 ཨ་དམ་ནས་མི་རབས་བདུན་པའི་མངོན་ཤེས་མཁན་ཧེ་ནོག་གིས་འང་དེ་མི་ཀྱ་ཡི་སྐོར་ལ་དེ་རེ་མངོན་ཤེས་སྟོན་འོད་ད་ལགས། ལྟོས་དང་། གཙོ་བོ་རང་གི་དམ་པའི་བང་ཆེན་སྟོང་ཕྲག་མང་ང་མུ་ལ་ཕེབས་ཀྱི་ལགས། 15 དེ་ནས་གི་རི་ལ་ཁྲིམས་གཅོད་མཛད་ཡས་དང་། ཆོས་མེད་ཀྱིན་མི་གི་རི་ཡིས་བྱས་བྱ་ཆོས་ལ་མི་མཐུན་གྱིན་ལས་ཀ་གི་རི་དང་། ཆོས་མེད་ཀྱིན་མི་ཀྱ་ཡིས་ཁོང་པ་ཡི་སྐོར་ལ་ཚིག་རྩུབ་བ་སྨྲ་གིན་གི་རིའི་ཕྱིར་ལ་ཆད་པ་མཛད་ཡས་ལ་ཁོང་པ་ཕེབས་ཀྱི་ལགས། 16 དེ་མི་ཀྱ་སྡུག་སྐད་བརྒྱབ་ཀྱིན་དང་། གཞན་མ་ལ་སྐྱོན་འཛུགས་ཀྱིན། དེ་ནས་རང་གི་འདོད་ཆགས་ལ་སྤྱོད་ཀྱིན་དང་། རང་རང་ལ་བསྟོད་པ་བཏང་གིན། དེ་ནས་རང་གི་ཕན་ཐོགས་ཀྱི་ཕྱིར་ལ་གཞན་མ་ལ་ཁ་མཛེས་བའི་བསྟོད་སྒྲ་བཏང་གིན་ཀྱ་ལགས། ཉེན་བརྡ་དང་སློབ་གསོ། 17 ཡིན་ནའང་གཅེས་བའི་སྤུན་ཀྱ་བོ། ཁྱེད་ཀྱ་གོ་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་ཀྱ་ཡིས་ཨེན་མ་ནས་གསུངས་ཀྱིན་བཀའ་ཀྱ་ལ་དྲན་གསོ་བྱེད། 18 ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་སྨྲས་བ་ལགས། མཐའ་མའི་ཉིན་མ་ཀྱ་ལ་རང་གི་ཆོ་མེད་ཀྱིན་འདོད་ཆགས་ཀྱི་གཤམ་ལ་འབྲངས་རེ་གཙོ་བོ་ལ་འཕྱ་ལས་བརྒྱབ་ཀྱིན་ཀྱ་འོང་གི་ལགས། 19 ཕྱོགས་ཁག་པད་ཀྱིན་དང་། འཇིག་རྟེན་པ་སེམས་འོད་ཀྱིན་དང་། དམ་པའི་ཐུགས་ཉིད་མེད་ཀྱིན་མི་ཀྱ་དེ་ཀྱ་རང་ལགས། 20 ཡིན་ནའང་གཅེས་བའི་སྤུན་ཀྱ་བོ། ཁྱེད་ཀྱ་གོ་རང་གི་དམི་ཅིག་གི་དམ་པའི་དད་པ་ལ་ཡར་རྒྱས་བཏང་རེ་སོང་། དེ་ནས་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་སྨོན་ལམ་རྒྱོབ། 21 རང་ལ་དཀོན་མཆོག་གི་བྱམས་པ་ལ་གནས་ཏེ་ཞོག། དེ་ནས་མཐའ་མེད་པའི་ཚེ་སྲོག་ལ་ཁྲིད་མཁན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྙིང་རྗེ་ལ་སྒུག་སྟེ་སྡོད། 22 དེ་ནས་དོགས་པ་བསགས་མཁན་ཀྱ་ལ་སྙིང་རྗེ་སྟོན། 23 དེ་ནས་གཞན་མ་ཀྱ་ལ་མེའི་ཁོག་ནས་བཏོན་ཏེ་སྐྱོབས། དེ་ནས་དཀོན་མཆོག་གི་འཇིགས་སྣང་མུ་ལ་གཞན་མ་ཀྱ་ལ་སྙིང་རྗེ་སྟོན། ཡིན་ནའང་ཁོང་ཀྱ་ཡི་སྡིག་པའི་འདོད་ཆགས་ཀྱི་བཙོག་པ་བཟོ་གིན་གོས་ལ་སྡང་ང་བྱེད། བསྟོད་པའི་སྨོན་ལམ། 24 ད་ཁྱེད་ཀྱ་ལ་སྡིག་པའི་ནང་དུ་ཆུད་ཡས་ནས་སྐྱོབ་མཛད་ཐུབ་ཀྱིན་དང་། ཁྱེད་ཀྱ་ལ་དགའ་སྤྲོ་ཆེའི་ཐོག་ནས་ཁོང་པའི་གཟི་བརྗིད་ཀྱི་དྲུང་དུ་ཁྱེད་ཀྱ་ལ་སྐྱོན་མེད་ཀྱིན་སྟོན་མཛད་མཁན། 25 ཁོང་པ་འོ་རི་སྐྱབས་མགོན་དང་དཀོན་མཆོག་གཅིག་གཅིག་པོ་ལ། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་གཟི་བརྗིད་དང་། སྙན་གྲགས་དང་། ནུས་མཐུ་དང་། དབང་ཆ། བསྐལ་བ་གི་རིའི་ཨེན་མ་ནས་ད་ལྟ་དང་རྒྱུན་ནས་རྒྱུན་ཐུག་པའི་འོང་བར་ཤོག།ཨ་མེན།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.