Biblia Todo Logo
Bìoball air-loidhne

- Sanasan -

ཡོ་ཧ་ནན། 8 - གློ་བ།

1 ཡིན་ནའང་ཡེ་ཤུ་སྐྱུར་རུ་ཤིང་གི་རི་རུ་ཕེབས་པ་ལགས།

2 སྔ་རོག་སྔ་ཏི་ཡང་ཁོང་པ་མཆོད་ཁང་དུ་ཕེབས་པ་ལགས། དེ་ནས་མི་གི་རི་ཁོང་པ་ཡི་དྲུང་དུ་འོངས་བ་ལགས། དེ་ནས་ཁོང་པ་བཞུགས་ཏེ་ཆོས་གསུངས་བ་ལགས།

3 ད་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ཡིས་ལོག་གཡེམ་བྱེད་འདིག་གང་ལ། ཟིམ་ཟ་སྐྱེས་དམན་གཅིག་ཡེ་ཤུའི་དྲུང་དུ་འཁྲིད་དེ་འོངས་བ་ལགས། དེ་ནས་མོ་ལ་གུང་དུ་ལངས་རེ།

4 ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་ལགས། སྐྱེས་དམན་འདི་ལོག་གཡེམ་བྱེད་འདིག་གང་ལ་ཟིམ་ཟ་ལགས།

5 ད་མོ་ཤེའི་ཆོས་ཁྲིམས་ཀྱི་འོ་དེ་རེ་ཀྱ་ལ་རྡོ་གོང་བཞུས་ཏེ་སོད་སྨྲས་རེ་བཀའ་གནང་འོད་ད་ལགས། འོ་བྱས་རེ་ཁྱེད་རང་གི་གསུང་ཡས་ཡིན་ནོ།

6 ཁོང་ཀྱ་ཡིས་ཁོང་པ་ལ་སྐྱོན་འཛུགས་ཡས་དང་ཚོད་སྒུག་ཡས་ལ་ཁོང་ཀྱ་ཡིས་དེ་རེ་ཞུས་བ་ལགས། དེ་ནས་ཡེ་ཤུ་ཡིས་སྐུ་གཟུགས་གུག་སྟེ་ཕྱག་མཛུབ་ཀྱིས་བྲིས་བ་མཛད་པ་ལགས།

7 ཡིན་ནའང་ཁོང་ཀྱ་ཡིས་བཀའ་ཞུས་རེ་བསྡད་དེ་གང་ལ་ཁོང་པ་ཡར་བཞེངས་ཏེ་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ནས་སྡིག་པ་མེད་མཁན་གོ་ཨེན་ལ་འོང་རེ་མོ་ལ་རྡོ་གོང་གཞུ་དགོས།

8 དེ་ནས་ཁོང་པ་ལྡབ་ལེ་སྐུ་གཟུགས་གུག་སྟེ་ས་ལ་བྲིས་བ་མཛད་པ་ལགས།

9 ཡིན་ནའང་ཁོང་ཀྱ་ཡིས་དེ་གོ་སྟེ་ཁོང་ཀྱ་ནས་རྒན་པ་ནས་མགོ་བཙུགས་ཏེ་རེ་རེ་བྱས་རེ་ལོག་སྟེ་སོང་བ་ལགས། དེ་ནས་ཡེ་ཤུ་གཅིག་ཀ་འོ་དུ་རུ་ལས་བ་ལགས། དེ་ནས་བུ་མོ་གོའང་ཁོང་པ་ཡི་གདོང་དུ་ལས་བ་ལགས།

10 ཡེ་ཤུ་ཡིས་ཡར་བཞེངས་ཏེ་མོ་ལ་གསུངས་བ་ལགས། བུ་མོ། ཁོང་ཀྱ་ག་ན། སུས་འང་ཁྱོད་ལ་ཁྲིམས་མ་བཅད་སེ།

11 མོས་སྨྲས་བ་ལགས། གཙོ་བོ། སུས་འང་མ་བཅད་སོང་། དེ་ནས་ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ད་ཧ་ན་ངའང་ཁྱོད་ལ་ཁྲིམས་མེད་བཅད། སོང་། དེ་ནས་ལྡབ་ལེ་སྡིག་པ་མ་བྱེད།]


ཡེ་ཤུ་འཇིག་རྟེན་གྱི་འོད།

12 ཡེ་ཤུ་ཡིས་ལྡབ་ལེ་ཁོང་ཀྱ་ལ་གསུངས་བ་ལགས། ང་ནི་འཇིག་རྟེན་གྱི་འོད་ཡིན། ངའི་གཤམ་པ་ལ་འབྲངས་མཁན་ཀྱ་མུན་ནག་ནང་ལ་མེད་འགྲོ་གི་ལགས། ཡིན་ནའང་ཚེའི་འོད་ཐོབ་ཀྱི་ལགས།

13 ཕཱ་རུ་ཤི་པ་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། ཁྱོད་རང་གིས་རང་ལ་དཔང་པོ་བྱེད་ད་ལགས། འོ་བྱས་རེ་ཁྱོའི་དཔང་པོ་བདེན་པ་མ་ལགས།

14 ཡེ་ཤུ་ཡིས་ལན་མཛད་པ་ལགས། ངས་ང་རང་ལ་དཔང་པོ་བྱེད་ན། ངའི་དཔང་པོ་བདེན་པ་ཡིན། གི་བྱས་རེ་སྨྲ་ན་ང་ག་ནས་འོངས་བ་དང་ག་རུ་འགྲོ་ཡས་གོ་ང་ལ་ཤེས་ཡས་འོད། ཡིན་ནའང་ཁྱེད་ཀྱ་ཡིས་ང་ག་ནས་འོངས་བ། ཡང་ན་ང་ག་རུ་འགྲོ་ཡས་ཡིན་གྱིན་གོ་མེད་ཤེས་ལ་ལགས།

15 ཁྱེད་ཀྱ་མིའི་ངོ་ལ་བལྟས་རེ་ཁྲིམས་བཅད་ད་ལགས། ཡིན་ནའང་ང་སུ་ལའང་ཁྲིམས་མེད་བཅད་འོད།

16 གི་ཡིན་ནའང་ངས་ཁྲིམས་གཅོད་བྱེད་ན། དེ་བདེན་པ་ཡིན། གི་བྱས་རེ་སྨྲ་ན་དེ་ང་གཅིག་ཀ་མིན་ད་ང་ལ་མངགས་མཁན་ཡབ་མུ་ལ་ཁྲིམས་གཅོད་བྱེད་ད་ཡིན།

17 ཁྱེད་ཀྱི་ཆོས་ཁྲིམས་ལ་མི་གཉིས་ཀྱི་དཔང་པོ་བདེན་པ་ལགས་སྨྲས་རེ་བྲིས་འདུག།

18 ངས་ང་རང་ལ་དཔང་པོ་བྱེད་ད་ཡིན་ན། དེ་ནས་ང་ལ་མངགས་མཁན་ཡབ་ཀྱིས་འང་ང་ལ་དཔང་པོ་མཛད་ད་ལགས།

19 དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ། ཁྱོའི་ཡབ་ག་རུ་འོད་ད་ལེ། སྨྲས་རེ་དྲིས་བ་ལགས། ཡེ་ཤུ་ཡིས་གསུངས་ང་མཛད་པ་ལགས། ཁྱེད་ཀྱ་ཡིས་ང་ལ་ངོ་མེད་ཤེས། དེ་ནས་ངའི་ཡབ་ལ་ངོ་མེད་ཤེས་ལ་ལགས། ཁྱེད་ཀྱ་ཡིས་ང་ལ་ངོ་ཤེས་འོད་ན། ངའི་ཡབ་ལའང་ངོ་ཤེས་ཡས་འོད།

20 ཡེ་ཤུའི་གསུང་དེ་ཀྱ་མཆོད་ཁང་གི་དངུལ་འབུལ་སའི་འགྲམ་དུ་ཆོས་སྟོན་ཏེ་གསུངས་ང་མཛད་པ་ལགས། དེ་ནས་ཁོང་པ་ཡི་དུས་གོ་དོ་རང་འང་མ་རན་པ་སུས་འང་ཁོང་པ་ལ་མ་ཟིམ་པ་ལགས།

21 འོ་བྱས་རེ་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ད་ང་འགྲོ་གུ་ལགས། དེ་ནས་ཁྱེད་ཀྱ་ཡིས་ང་ལ་བཙལ་གྱི་ལགས། དེ་ནས་ཁྱེད་ཀྱ་རང་གི་སྡིག་པའི་ནང་དུ་ཤི་གི་ལགས། ང་ག་རུ་འགྲོ་ས་རུ་ཁྱེད་ཀྱ་འོང་ཐུབ་ཀྱི་མ་ལགས།

22 དེ་ནས་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་སྨྲས་བ་ལགས། ཁྱོས་ང་འགྲོ་ས་རུ་ཁྱེད་ཀྱ་འོང་ཐུབ་ཀྱི་མ་ལགས་སྨྲས་རེ་ཁྱོས་རང་གི་སྲོག་བཅད་ཡས་བྱེད་ད་ཡིན་གྲོའི།

23 ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་ང་མཛད་པ་ལགས། ཁྱེད་ཀྱ་འོག་ནས་ཡིན། དེ་ནས་ང་ཐོད་ནས་ཡིན། ཁྱེད་ཀྱ་འདི་འཇིག་རྟེན་གྱི་ལགས། དེ་ནས་ང་འདི་འཇིག་རྟེན་གྱི་མིན།

24 ཁྱེད་ཀྱ་ཁྱེད་རི་སྡིག་པའི་ནང་དུ་ཤི་གི་ལགས་སྨྲས་རེ་ངས་ཁྱེད་ཀྱ་ལ་སྨྲས་བའི། དེ་ནས་ཁྱེད་ཀྱ་ཡིས་ང་ཁོང་རང་ཡིན། སྨྲས་རེ་དད་པ་མི་བྱེད་ན། ཁྱེད་ཀྱ་རང་གི་སྡིག་པའི་ནང་དུ་ཤི་གི་ལགས།

25 འོ་བྱས་རེ་ཁོང་ཀྱ་ཡིས་ཁོང་པ་ལ་ཁྱེད་རང་སུ་ཡིན་ནོ། སྨྲས་རེ་ཞུས་བ་ལགས། ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངས་ཁྱེད་ཀྱ་ལ་འགོ་མ་ནས་སྨྲ་གིན་གོ་རང་ཡིན།

26 ཁྱེད་ཀྱི་སྐོར་ལ་སྨྲ་ཡས་མང་ང་དང་ཁྲིམས་བཅད་ཡས་ང་ལ་མང་ང་འོད། ཡིན་ནའང་ང་ལ་མངགས་ཀྱིན་གོ་བདེན་པ་ཡིན། དེ་ནས་ཁོང་ནི་ངས་གི་གོ་གིན་གོ་ང་འཇིག་རྟེན་ལ་བཤད་ད་ཡིན།

27 ཁོང་པ་ཡིས་ཁོང་ཀྱ་ལ་ཡབ་ཀྱི་སྐོར་ལ་གསུངས་ཀྱིན་གོ་ཁོང་ཀྱ་ཡིས་ཧ་མ་གོ་པ་ལགས།

28 འོ་བྱས་རེ་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡིས་མིའི་བུ་ལ་ཡར་ལ་བཏག་བའི་གང་ལ། ང་ཁོང་རང་ལགས། སྨྲས་རེ་ཁྱེད་ཀྱ་ཡིས་ཧ་གོ་གི་ལགས། དེ་ནས་ངས་རང་ཉིད་ལ་བརྟེན་ཏེ་གིའང་མ་བྱས་བ། ཡིན་ནའང་ཡབ་ཀྱིས་བསླབས་ཀྱིན་ཅོག་རེ་བཤད་ཀྱིན་གོ་ཁྱེད་ཀྱ་ཡིས་ཧ་གོ་གི་ལགས།

29 དེ་ནས་ང་ལ་མངགས་མཁན་གོ་ངའི་མུ་ལ་འོད། དེ་ནས་ངས་ཙོག་བའི་ཁོང་པ་ལ་ཐུགས་མཉེས་བོ་ལས་ཀ་བྱས་བ་བྱས་རེ་ཁོང་གིས་ང་གཅིག་ཀ་ལས་རུ་མ་བཅུག།

30 ཁོང་པ་ཡིས་དེ་ཀྱ་གསུངས་བའི་གང་ལ་མི་མང་ང་ཡིས་ཁོང་པ་ལ་དད་པ་བྱས་བ་ལགས།


ཨབ་ར་ཧམ་གྱི་བུ་བརྒྱུད་ཀྱི་སྐོར་ལ།

31 དེ་ནས་ཡེ་ཤུ་ཡིས་རང་ལ་དད་པ་འོད་ཀྱིན་ཡ་ཧུ་དཱ་པ་ཀྱ་ལ་གསུངས་ང་མཛད་པ་ལགས། ངའི་བཀའ་ལ་གནས་ཏེ་བསྡད་ན། ཁྱེད་ཀྱ་དངོས་གནས་རང་ངའི་ཉེ་གནས་ལགས།

32 དེ་ནས་བདེན་པ་གོ་ཁྱེད་ཀྱིས་ཤེས་ཀྱི་ལགས། དེ་ནས་བདེན་པ་ཡིས་ཁྱེད་ཀྱ་ལ་རང་དབང་མཛད་ཀྱི་ལགས།

33 ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། འེ་ཀྱ་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན། དེ་ནས་ནམ་མའང་སུའི་འང་བྲན་གཡོག་ལ་ཤོར་མ་མྱོང་། ད་ཁྱེད་རང་གིས་འེ་ཀྱ་ལ། ཁྱེད་ཀྱ་ལ་རང་དབང་མཛད་ཀྱི་ལགས། གསུངས་ཀྱིན་གྱི་དོན་གོ་གི་ལེ།

34 ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། སྡིག་པ་བྱེད་མཁན་གི་རི་སྡིག་པའི་བྲན་གཡོག་ཡིན།

35 བྲན་གཡོག་གོ་ཁྱིམ་ནང་དུ་ཙོག་བའི་མེད་གནས་ལ་ལགས། ཡིན་ནའང་སྲས་གོ་དུས་རྟེན་གྱི་ཕྱིར་ལ་གནས་ལ་ལགས།

36 འོ་བྱས་རེ་སྲས་ཀྱིས་ཁྱེད་ཀྱ་ལ་རང་དབང་མཛད་ན། ཁྱེད་ཀྱ་ལ་དངོས་གནས་རང་དབང་ཐོབ་ཀྱི་ལགས།

37 ཁྱེད་ཀྱ་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་གྱིན་གོ་ང་ལ་ཤེས་ཡས་འོད། གི་ཡིན་ན་ངའི་བཀའ་ཁྱེད་ཀྱ་ཡི་ནང་ལ་གནས་མེད་ད་ཁྱེད་ཀྱ་ང་ལ་བསད་ཡས་ཀྱི་གོ་སྐབས་བཙལ་ལ་ལགས།

38 ངས་ང་རང་གི་ཡབ་ཀྱི་དྲུང་དུ་གི་མཐོང་འོད་ཀྱིན་གོ་བཤད་འདིག་འོད། དེ་ནས་ཁྱེད་ཀྱ་ཁྱེད་རི་ཡབ་ནས་གི་གོ་གིན་གོ་བྱེད་ད་ལགས།

39 ཁོང་ཀྱ་ཡིས་ཨབ་ར་ཧམ་འི་ཀི་ཡབ་ཡིན། སྨྲས་རེ་སྨྲས་བ་ལགས། དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཨབ་ར་ཧམ་གྱི་བུ་བརྒྱུད་ཡིན་ན། ཁྱེད་ཀྱ་ཨབ་ར་ཧམ་གྱིས་གི་བྱེད་ཀྱིན་གོ་བྱེད་འདིག་འོད་གྲོ།

40 ད་ངས་དཀོན་མཆོག་གི་དྲུང་ནས་གོ་གིན་བདེན་པ་གོ་ཁྱེད་ཀྱ་ལ་སྨྲས་འོད། ཡིན་ནའང་ཁྱེད་ཀྱ་ང་ལ་བསད་ཡས་ཐབས་ཤེས་བཙལ་ལ་ལགས། ཨབ་ར་ཧམ་གྱིས་དེ་རེ་མ་བྱས་བ་ལགས།

41 ཡིན་ནའང་ཁྱེད་ཀྱ་ཁྱེད་རི་ཡབ་ཀྱིས་བྱས་ཀྱིན་ཅོག་རེ་བྱེད་ད་ལགས། ཁོང་ཀྱ་ཡིས་ཁོང་པ་ལ་སྨྲས་བ་ལགས། འེ་ཀྱ་ཉ་ལུ་མིན། དཀོན་མཆོག་རང་འི་ཀི་ཡབ་གཅིག་ཀ་ར་གོ་ཡིན།


བདུད་ཀྱི་བུ་བརྒྱུད།

42 ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དཀོན་མཆོག་ཁྱེད་ཀྱི་ཡབ་ཡིན་ན། ཁྱེད་ཀྱིས་ང་ལ་བརྩེ་བ་བྱེད་ཡས་འོད། གི་བྱས་རེ་སྨྲ་ན་ང་དཀོན་མཆོག་ནས་འོངས་བ་བྱས་རེ་ང་ད་ལྟ་དུ་རུ་འོད། ང་རང་ལ་བརྟེན་ཏེ་འོངས་བ་མིན། ཡིན་ནའང་ཁོང་པ་ཡིས་ང་ལ་མངགས་པ་ལགས།

43 ངས་སྨྲ་གིན་ལབ་ཀྱ་ཁྱེད་ཀྱ་གི་བྱས་རེ་ཧ་མེད་གོ་ར་ལེ། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ངའི་བཀའ་ལ་སྒོམ་མི་ཐུབ་བ་ལགས།

44 ཁྱེད་ཀྱ་ཁྱེད་རི་ཡབ་བདུད་ཀྱི་ལགས། དེ་ནས་ཁྱེད་ཀྱི་ཡབ་ཀྱི་འདོད་པ་བྱེད་ཡས་ལ་ཁྱེད་ཀྱ་འདོད་ད་ལགས། བདུད་ནི་ཐོག་མ་ནས་རང་སྲོག་བཅད་མཁན་དང་བདེན་པ་ལ་འབྲལ་བ་གིའང་མེད་ད་ལགས། གི་བྱས་རེ་སྨྲ་ན་ཁོའི་ནང་བདེན་པ་མེད་ད་ལགས། དེ་ནས་ཁོ་ཟོག་བཤད་མཁན་དང་ཟོག་གི་ཡབ་བྱས་རེ། ཁོས་ཟོག་བཤད་དེ་གང་ལ་རང་གི་གཤིས་ཀ་ལ་བརྟེན་ཏེ་བཤད་ད་ལགས།

45 ཡིན་ནའང་ངས་བདེན་པ་གོ་སྨྲས་རེའང་ཁྱེད་ཀྱ་ང་ལ་ཡིད་མེད་ཆེས་ད་ལགས།

46 ཁྱེད་ཀྱ་ནས་སུས་ང་ལ་སྡིག་པ་འོད་ཀྱིན་གྱི་དཔང་པོ་བྱེད་ཐུབ་ཀྱི་ལེ། ངས་ཁྱེད་ཀྱ་ལ་བདེན་པ་གོ་བཤད་ན། ཁྱེད་ཀྱ་ང་ལ་གི་བྱས་རེ་དད་པ་མི་བྱེད་ད་ལེ།

47 དཀོན་མཆོག་གི་ཡིན་མཁན་གྱིས་དཀོན་མཆོག་གི་བཀའ་ལ་ཉན་ད་ལགས། ཁྱེད་ཀྱ་ཡིས་མེད་ཉན་གྱིན་གྱི་དོན་དག་གོ་ཁྱེད་ཀྱ་དཀོན་མཆོག་གི་མ་ལགས།


ཡེ་ཤུ་དང་ཨབ་ར་ཧམ།

48 ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཡེ་ཤུ་ལ་སྨྲས་བ་ལགས། ཁྱོད་ས་མར་ཡཱ་པ་ལགས། དེ་ནས་ཁྱོའི་ནང་དུ་འདྲེ་འཛུལ་འདུག། སྨྲས་རེ་འི་ཀིས་སྨྲ་གིན་གོ་བདེན་པ་མ་ལེ།

49 ཡེ་ཤུ་ཡིས་གསུངས་བ་ལགས། ངའི་ནང་དུ་འདྲེ་འཛུལ་མེད་ད་ལགས། ངས་ང་རི་ཡབ་ལ་བཀུར་སྟི་བྱེད་འདིག་འོད། ཡིན་ནའང་ཁྱེད་ཀྱ་ང་ལ་དམའ་འབེབ་བཏང་ང་ལགས།

50 ང་ང་རང་གི་བཀུར་སྟི་མེད་བཙལ་འོད། ཡིན་ནའང་ངའི་ཕྱིར་ལ་བཀུར་སྟི་བཙལ་མཁན་གཅིག་འོད་ད་ལགས། དེ་ནས་ཁོང་པ་ནི་ཁྲིམས་དཔོན་ལགས།

51 ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ངའི་བཀའ་སྲུང་མཁན་གྱིས་ནམ་མའང་འཆི་བ་མེད་མྱངས་ཀྱི་ལགས།

52 དེ་ནས་ཁོང་ཀྱ་ཡིས་སྨྲས་བ་ལགས། ད་ཁྱོའི་ནང་དུ་འདྲེ་འཛུལ་འདུག།སྨྲས་རེ་ད་ལྟ་འི་ཀིས་ཤེས་སོང་། ཨབ་ར་ཧམ་དང་མངོན་ཤེས་མཁན་ཀྱ་ཤི་བ་ལགས། ཡིན་ནའང་ཁྱོད་ཁྱོའི་བཀའ་སྲུང་མཁན་གོ་ནམ་མའང་འཆི་བ་མེད་མྱངས་ཀྱི་ལགས། སྨྲས་རེ་སྨྲ་ལགས།

53 འི་ཀི་ཡབ་ཨབ་ར་ཧམ་གྲོངས་བ་ལགས། དེ་ནས་མངོན་ཤེས་མཁན་ཀྱ་གྲོངས་བ་ལགས། ད་ཁྱོད་ཁོང་ཀྱ་ནས་འང་ཁག་ཆེ་ཡིན་ནེ། ཁྱོད་རང་ལ་སུ་ཡིན་སེམས་མའི་འོད་དོ།

54 ཡེ་ཤུ་ཡིས་གསུངས་བ་ལགས། ངས་ང་རང་ལ་བཀུར་སྟི་བྱས་ན། ངའི་བཀུར་སྟི་དེ་དོན་མེད་ཀྱིན་འབྱུང་གི་ལགས། ཁྱེད་ཀྱ་ཡིས་ཁོང་ནི་འི་ཀི་དཀོན་མཆོག་ལགས་སྨྲས་རེ་སྨྲ་གིན་ཁོང་པ་ངའི་ཡབ་ཀྱིས་རང་། ང་ལ་བཀུར་སྟི་མཛད་ཀྱི་ལགས།

55 ཁྱེད་ཀྱ་ཡིས་ཁོང་པ་ལ་ངོ་མེད་ཤེས་ལ་ལགས། ཡིན་ནའང་ངས་ཁོང་པ་ལ་ངོ་ཤེས་ལི་འོད། ངས་ཁོང་པ་ལ་ངོ་མེད་ཤེས་འོད་སྨྲ་ན། ང་ཁྱེད་ཀྱ་ཅོག་རེ་ཟོག་པོ་འབྱུང་གི་ལགས། ཡིན་ནའང་ངས་ཁོང་པ་ལ་ངོ་ཤེས་ལི་འོད། དེ་ནས་ཁོང་པ་ཡི་བཀའ་སྲུང་བའི་འོད།

56 ཁྱེད་ཀྱི་ཡབ་ཨབ་ར་ཧམ་གྱིས་ངའི་ཉིན་མ་མཐོང་ཉིད་འདོད་པ་ལགས། དེ་ནས་ཁོང་གིས་མཐོང་རེ་ཉམ་མོ་དགྱེས་བ་ལགས།

57 འོ་བྱས་རེ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་ལ་ཞུས་བ་ལགས། ཁྱོད་ལོ་ལྔ་བཅུ་འང་མ་ཟིན་པ་ལ་ཨབ་ར་ཧམ་ལ་མཐོང་མྱོང་ང་ལེ།

58 ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ཨབ་ར་ཧམ་མ་སྐྱེས་ཨེན་ལ་རང་ང་འོད།

59 ད་ཁོང་ཀྱ་ཡིས་ཁོང་པ་ལ་གཞུ་ཡས་ལ་རྡོ་གོང་འདུས་བ་ལགས། ཡིན་ནའང་ཡེ་ཤུ་ཁ་པ་ཡིབས་ཏེ་མཆོད་ཁང་ནས་ཕི་ལ་ཐོན་ཏེ་ཕེབས་པ་ལགས།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan