ཡ་ཀོབ། 5 - གློ་བ།ཕྱུག་པོ་ཀྱ་ལ་ཉེན་བརྡ། 1 ད་ཁྱེད་ཕྱུག་པོ་ཀྱ་བོ། ང་ལ་ཉན། ཁྱེད་ཀྱི་ཁར་ལ་བབ་ཡས་ཡིན་གྱིན་སྡུག་པོ་ཡི་ཆེད་དུ་ངུས། དེ་ནས་ངུ་བརྡ་རྒྱོབ། 2 ཁྱེད་ཀྱི་རྒྱུ་ནོར་ཀྱ་རུལ་འདུག། དེ་ནས་ཁྱེད་ཀྱི་གོས་ལག་ཀྱ་མུག་པའི་བཟས་འདུག། 3 ཁྱེད་ཀྱི་གསེར་དང་དངུལ་ལ་གཡའ་བསགས་འདུག། དེ་ནས་གཡའ་དེ་རང་ཁྱེད་ཀྱི་སྐྱོན་གྱི་དཔང་པོ་འབྱུང་གི་ལགས། དེ་ནས་མེ་ཡིས་ཅོག་རེ་ཁྱེད་ཀྱི་ཤ་ཟ་གི་ལགས། མཐའ་མའི་ཁྲིམས་གཅོད་ཀྱི་ཉིན་མ་ཀྱ་ཡི་ཆེད་དུ་ཁྱེད་ཀྱ་རྒྱུ་ནོར་བསགས་བ་ལེ། 4 ལྟོས་དང་། ཁྱེད་ཀྱི་ཞིང་རྔ་མཁན་ཀྱ་ཡི་གླ་གོ་ལ་ཁྱེད་ཀྱིས་ཧམ་པ་བྱས་རེ་ཁོང་ཀྱ་སྡུག་སྐད་བརྒྱབ་བའི། དེ་ནས་རྔ་མཁན་ཀྱ་ཡི་སྡུག་སྐད་གོ་ཀུན་དབང་གཙོ་བོ་ཡིས་གསན་འདུག། 5 ཁྱེད་ཀྱ་འཇིག་རྟེན་དུ་སྐྱིད་ཤུ་རི་ཉམ་བཏང་རེ་བསྡད་པ་ལགས། དེ་ནས་བསད་ཡས་ཉིན་མོ་ཡི་ཆེད་དུ་ཁྱེད་ཀྱ་རང་གི་རང་ལ་རྒྱགས་བ་བཟོས་འདུག། 6 ཁབ་སྤྲ་བྱེད་མི་ཐུབ་མཁན་མི་དྲང་པོ་གཅིག་ལ་ཁྱེད་ཀྱི་སྐྱོན་བཙུགས་སྟེ་བསད་པ་ལགས། དཀའ་བསྔལ་གང་ལ་བཟོད་སྒོམ། 7 འོ་བྱས་རེ་སྤུན་ཀྱ་བོ། གཙོ་བོ་ལྡབ་ལེ་མ་ཕེབས་ཐུག་པའི་བཟོད་པ་བྱེད། དཔྱིད་ཀའི་ཆར་བ་དང་སྟོན་ཀའི་ཆར་བ་མ་བབ་ཐུག་པའི་ཞིང་པ་ཀྱ་བཟོད་པ་བྱས་རེ། ས་གཞིའི་ལོ་ཏོག་རྩ་ཆེེ་ལ་སྒུག་སྟེ་བསྡད་ཀྱིན་ལ་ལྟོས་དང་། 8 ཁྱེད་ཀྱའང་བཟོད་པ་བྱེད། གཙོ་བོ་ལྡབ་ལེ་ཕེབས་ཀྱིན་གྱི་དུས་ཉེ་སླེབས་འོད་ཀྱིན་བྱས་རེ་རང་གི་སེམས་ལ་བརྟན་པོ་བཟོས། 9 སྤུན་ཀྱ་བོ། ཁྱེད་རང་ཀྱ་ལ་ཁྲིམས་མེད་འཕོག་ཡས་ཀྱི་ཕྱིར་ལ་ཁྱེད་རང་ཀྱ་གུང་དུ་ཕག་སྡུང་མ་རྡུངས། ལྟོས་དང་། ཁྲིམས་དཔོན་ནི་སྒོ་འགྲམ་དུ་བཞེངས་འདུག། 10 སྤུན་ཀྱ་བོ། གཙོ་བོའི་མཚན་གྱི་ཐོག་ནས་གསུངས་ཀྱིན་མངོན་ཤེས་མཁན་ཀྱ་ལ་སྡུག་པོ་དང་བཟོད་སྒོམ་གྱི་དཔེ་ལ་ལེན། 11 ལྟོས་དང་། བརྟན་པོ་བསྡད་མཁན་ཀྱ་ལ་འོ་རང་བྱིན་རླབས་ཆེ་རྩི་ལ་ལགས། ཁྱེད་ཀྱ་ཡི་ཡོབ་ཀྱི་བཟོད་སྒོམ་གྱི་སྐོར་ལ་གོ་འོད་ད་ལགས། དེ་ནས་གཙོ་བོ་ནི་སྙིང་རྗེ་དང་བྱམས་སེམས་ཀྱི་ཁངས་རེ། མཐའ་ལ་ཁོང་པ་ཡིས་མཛད་ཀྱིན་གོ་ཁྱེད་ཀྱ་ཡིས་མཐོང་འོད་ད་ལགས། 12 ཡིན་ནའང་ངའི་སྤུན་ཀྱ་བོ། གི་རི་ནས་རྩ་ཆེ་ཤོས་གོ་ནམ་མཁའི་ཞིང་ཁམས། ཡང་ན་ས་གཞི། ཡང་ན་གཞན་མ་གིའང་དཔང་དུ་བཅུག་སྟེ་མནའ་མ་སྐྱོལ། ཡིན་ནའང་ཆད་པ་མེད་འཕོག་ཡས་ཀྱི་ཆེད་དུ་ཁྱེད་ཀྱ་ཡི་ཡིན་གྱིན་གོ་ཡིན། དེ་ནས་མིན་གྱིན་གོ་མིན་འོང་དགོས། དད་པའི་སྨོན་ལམ། 13 ཁྱེད་ཀྱི་གུང་དུ་སྡུག་པོ་མྱངས་མཁན་མི་རེ་འོད་དེ། འོ་དེ་ཡིས་སྨོན་ལམ་བརྒྱབ་དགོས། ཁྱེད་ཀྱ་ནས་ཉམ་མོ་དགའ་མཁན་རེ་འོད་དེ། འོ་དེ་ཡིས་བསྟོད་གླུ་ལེན་དགོས། 14 ཁྱེད་ཀྱི་གུང་དུ་ནད་པ་རེ་འོད་དེ། འོ་དེ་ཡིས་ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་བོས་དགོས། དེ་ནས་ཁོང་ཀྱ་ཡིས་གཙོ་བོའི་མཚན་ནས་ཁོའི་ཁ་ལ་སྣུམ་བྲུ་རེ་སྨོན་ལམ་བརྒྱབ་དགོས། 15 དེ་ནས་དད་པའི་སྨོན་ལམ་གྱིས་འོ་དེ་ནད་པ་ལ་སྐྱོབ་ཀྱི་ལགས། དེ་ནས་གཙོ་བོ་ཡིས་འོ་དེ་ལ་དྲག་གསོ་གནང་གི་ལགས། དེ་ནས་ཁོས་སྡིག་པ་བྱས་འོད་ན། ཁོ་ལ་དགོངས་ཡངས་ཐོབ་ཀྱི་ལགས། 16 འོ་བྱས་རེ་དྲག་གསོ་ཐོབ་ཡས་ཀྱི་ཕྱིར་ལ་ཕན་ཚུན་གུང་དུ་རང་གི་སྡིག་པ་ཁས་ལེན་བྱེད། དེ་ནས་གཅིག་གིས་གཅིག་ལ་སྨོན་ལམ་རྒྱོབ། མི་དྲང་པོ་གཅིག་གིས་སྨོན་ལམ་ཤུགས་ཆེ་དང་ཕན་ཆེ་འོད་ད་ལགས། 17 ཨེ་ལི་ཡཱ་ནི་འོ་རང་ཅོག་རེ་མི་ཞིག་ལགས། ཁོས་ཆར་བ་མ་བརྒྱབ་ཤོག་སྨྲས་རེ་སྨོན་ལམ་ཤུགས་ཆེ་བརྒྱབ་པ་ལགས། དེ་ནས་ལོ་གསུམ་དང་ཟླ་བ་དྲུག་ཐུག་པའི་ས་ལ་ཆར་བ་མ་བརྒྱབ་པ་ལགས། 18 དེ་ནས་ཡང་ཁོས་སྨོན་ལམ་བརྒྱབ་པ་ལགས། དེ་ནས་གནམ་ནས་ཆར་བ་བབས་ཏེ་ས་གཞི་ནས་ལོ་ཏོག་བྱུང་བ་ལགས། 19 ངའི་སྤུན་ཀྱ་བོ། ཁྱེད་ཀྱ་ནང་ནས་བདེན་པ་ནས་ཁ་བྲལ་རེ་སོང་སོང་བ་གཅིག་ལ། ཡང་མི་གཅིག་གིས་ཚུར་ལ་སློག་སྟེ་ཁྲིད་དེ་འོང་ན། 20 འོ་དེ་ནོར་བ་ལམ་ནས་ཚུར་ལ་སློག་སྟེ་ཁྲིད་དེ་འོང་མཁན་གྱིས་འོ་དེ་མིའི་སེམས་འཆི་བ་ནས་སྐྱོབ་ཀྱི་ལགས། དེ་ནས་ཁོས་སྡིག་པ་མང་ང་སེལ་གྱི་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་དགོས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.