ཡ་ཀོབ། 4 - གློ་བ།1 ཁྱེད་ཀྱི་གུང་དུ་རྩོད་པ་དང་འཁྲུག་པ་ཀྱ་གང་གི་བྱས་རེ་བྱུང་ང་ལེ། དེ་ཀྱ་ཁྱེད་ཀྱི་ཁོག་པའི་ནང་དུ་འཐབས་ཏེ་བསྡད་ཀྱིན་འདོད་ཆགས་ཀྱ་ནས་འབྱུང་བ་མ་ལགས་སེ། 2 ཁྱེད་ཀྱ་ཡིས་འདོད་ཀྱིན་གོ་མེད་འཐོབ་བ་ཁྱེད་ཀྱ་མིའི་སྲོག་བཅད་ད་ལགས། དེ་ནས་ཁྱེད་ཀྱ་ཧམ་འདོད་བྱེད་ད་ལགས། ཡིན་ནའང་ཁྱེད་ཀྱ་ལ་མེད་འཐོབ་བ་ཁྱེད་ཀྱ་རྩོད་པ་དང་འཁྲུག་པ་བརྒྱབ་བ་ལགས། དེ་ནས་ཁྱེད་ཀྱ་དཀོན་མཆོག་ལ་མི་ཞུ་བ་ལ་ཁྱེད་ཀྱ་ལ་མེད་འཐོབ་བ་ལགས། 3 ཁྱེད་ཀྱ་ཡིས་གི་ཞུ་གིན་གོ་མེད་འཐོབ་བ་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་རང་གི་འདོད་ཆགས་ཁངས་ཡས་ལ་སེམས་པ་ངན་པའི་སྒོ་ནས་ཞུ་བ་འབུལ་ལ་ལགས། 4 ཁྱེད་ལོག་གཡེམ་པ་ཀྱ་བོ། འཇིག་རྟེན་ལ་ཆགས་མཁན་ཀྱ་ནི་དཀོན་མཆོག་གི་དགྲ་ལ་ལངས་ང་ལགས་སྨྲས་རེ་ཁྱེད་ཀྱ་མེད་ཤེས་ལ་ལེ། འོ་བྱས་རེ་འཇིག་རྟེན་ལ་ཆགས་ཉིད་འདོད་མཁན་ཀྱ་ཡིས་རང་ལ་དཀོན་མཆོག་གི་དགྲ་བཟོ་བ་ལགས། 5 ཡང་ན་དཀོན་མཆོག་གིས་འོ་རི་ནང་དུ་གནས་རུ་བཅུག་གིན་ཐུགས་ཉིད་ནི་ཕྲག་དོག་གིས་ཁངས་འོད་ད་ལགས་སྨྲས་རེ། གསུང་རབ་ཀྱིས་དོན་མེད་ལ་དེ་རེ་གསུངས་བ་ཡིན་གྲོ་སྨྲས་རེ་ཁྱེད་ཀྱ་བསམས་བའི་འོད་དེ། 6 ཡིན་ནའང་ཁོང་གིས་འོ་རང་ལ་དེ་ལས་ལྷག་ཐུགས་རྗེ་གནང་བ་ལགས། འོ་བྱས་རེ་གསུང་རབ་ཀྱིས་དེ་རེ་གསུངས་ང་ལགས། དཀོན་མཆོག་གིས་ང་རྒྱལ་ཅན་ལ་ངོ་ལོག་མཛད་ད་ལགས། ཡིན་ནའང་ཉམས་ཆུང་ལ་ཐུགས་རྗེ་གནང་ང་མཛད་ད་ལགས། 7 འོ་བྱས་རེ་རང་ལ་དཀོན་མཆོག་གི་ཕྱག་འོག་ལ་ཕུལ། བདུད་ལ་ངོ་ལོག་བྱེད། དེ་ནས་ཁོ་ཁྱེད་ཀྱ་ནས་འབྲོས་རེ་འགྲོ་གི་ལགས། 8 ཁྱེད་ཀྱ་དཀོན་མཆོག་གི་ཉེ་ལ་ཤོག། དེ་ནས་ཁོང་པ་ཁྱེད་ཀྱི་ཉེ་རུ་ཕེབས་ཀྱི་ལགས། སྡིག་ཅན་ཀྱ་བོ། རང་གི་ལག་པ་གཙང་མ་བཟོས། བསམ་བློ་གཉིས་བཏང་མཁན་ཀྱ་བོ། རང་གི་སེམས་གཙང་མ་བཟོས། 9 ཁྱེད་ཀྱ་སྡུང་ང་བྱེད། སྡུག་སྲུངས་། དེ་ནས་ངུས། ཁྱེད་ཀྱི་གད་མོ་གོ་ངུ་བརྡ་ལ་སྒྱུར། དེ་ནས་ཁྱེད་ཀྱི་དགའ་སྤྲོ་གོ་སྡུག་པོ་ལ་སྒྱུར། 10 གཙོ་བོའི་དྲུང་དུ་རང་ལ་ཉམས་ཆུང་བཟོས། དེ་ནས་ཁོང་པ་ཡིས་ཁྱོད་ལ་ཡར་ལ་བཀྱག་བ་མཛད་ཀྱི་ལགས། 11 སྤུན་ཀྱ་བོ། གཅིག་གིས་གཅིག་ལ་ཚིག་ངན་པ་མ་སྨྲ། རང་གི་སྤུན་ལ་ཚིག་ངན་པ་སྨྲ་གིན་ཡང་ན་རང་གི་སྤུན་ལ་སྐྱོན་འཛུགས་ཀྱིན་གྱི་ཆོས་ཁྲིམས་ཀྱི་སྐོར་ལ་ངན་པ་སྨྲ་ལགས། དེ་ནས་སྐྱོན་འཛུགས་བ་ལགས། ད་ཁྱོས་ཆོས་ཁྲིམས་ལ་སྐྱོན་འཛུགས་ན། ཁྱོད་ཆོས་ཁྲིམས་སྲུང་གིན་མིན་ད། ཆོས་ཁྲིམས་ཀྱི་དཔོན་པོ་བྱུང་ང་ལགས། 12 སྐྱོབ་མཛད་ཐུབ་མཁན་དང་མེད་ད་ལ་མཛད་ཐུབ་མཁན། ཆོས་ཁྲིམས་གནང་མཁན་དང་ཁྲིམས་དཔོན་གཅིག་གཅིག་ཀ་འོད། ཡིན་ནའང་རང་གི་ཁྱིམ་མཚེས་ལ་སྐྱོན་འཛུགས་མཁན་ཁྱོད་སུ་ཡིན་ནོ། ཉེ་དྲོའི་སྐོར་ལ་ཁབ་ལས་བཤད་ཀྱིན། 13 དི་རིང་ཡང་ན་ཉེ་དྲོ་འུའི་རྒྱལ་ས་རུ་འགྲོ། དེ་ནས་འོ་དུ་རུ་ལོ་གཅིག་བསྡད་དེ་ཚོང་བརྒྱབ་སྟེ་ཁེ་སང་བཟོ་བོ་སྨྲས་རེ་སྨྲ་མཁན་ཀྱ། ད་ང་ལ་ཉན། 14 ཉེ་དྲོ་གི་འབྱུང་གིན་གོ་ཁྱེད་ཀྱ་མེད་ཤེས་ལ་ལགས། ཁྱེད་ཀྱི་མི་ཚེ་དེ་གི་ལགས་སེ། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ནི་དུས་ཏི་ཏེ་གཅིག་མངོན་ཏེ་ཡལ་རེ་འགྲོ་གིན་སྨུག་པ་ཅོག་རེ་ལགས། 15 དེ་ཚབ་ལ་ཁྱེད་ཀྱ་གཙོ་བོ་ཡིས་ཐུགས་དགོངས་འོད་ན། འོ་རང་ཀྱ་གསོན་པོ་བསྡད་དོ། དེ་ནས་དེ་རེ་འུ་རེ་བྱེད་དོ་སྨྲས་རེ་སྨྲ་དགོས། 16 ཡིན་ནའང་ད་ལྟ་ཁྱེད་ཀྱ་ང་རྒྱལ་བཅངས་རེ་ཁབ་ལས་བཤད་འདིག། དེ་རེ་ཁབ་ལས་བཤད་མཁན་གི་རི་ངན་པ་ལགས། 17 འོ་བྱས་རེ་བཟང་ང་བྱེད་ད་ཤེས་རེའང་མི་བྱེད་ན་སྡིག་པ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.