Biblia Todo Logo
Bìoball air-loidhne

- Sanasan -

ཡ་ཀོབ། 3 - གློ་བ།


ལྕེ་མོ་བདག་པོ་བརྒྱབ་ཡས་ཀྱི་སྐོར་ལ།

1 སྤུན་ཀྱ་བོ། ཁྱེད་ཀྱ་ནས་མང་ཆེ་སློབ་མཁན་མ་འབྱུང་། གི་བྱས་རེ་སྨྲ་ན་འེ་སློབ་མཁན་ཀྱ་ལ་ཡོལ་ལེ་ལྷག་ཁྲིམས་དམ་པོ་བཅད་ཀྱི་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས།

2 གི་བྱས་རེ་སྨྲ་ན་འོ་རང་གི་རི་ནོར་འཁྲུལ་མང་ང་བྱེད་ད་ལགས། རང་གི་བཤད་ཀྱིན་གཏམ་ལ་ནོར་འཁྲུལ་མི་བྱེད་མཁན་མི་ནི་ཡང་དག་པ་མི་གཅིག་ལགས། དེ་ནས་ཁྱོས་རང་གི་གཟུགས་གི་རི་ལ་ལྕག་བརྒྱབ་ཐུབ་ཀྱི་ལགས།

3 རྟ་གཅིག་ལ་འོ་རི་དབང་དུ་འདུལ་ཡས་ལ་འོ་དེའི་ཁ་ལ་སྲབ་སྐོན་ན། འོ་དེའི་ལུས་གི་རི་འོ་རང་ག་རུ་འཐད་ས་རུ་ཁྲིད་ཐུབ་བ་ལགས།

4 གྲུ་གཟིངས་ཀྱ་ལ་ལྟོས་དང་། དེ་ཀྱ་དམི་ཅིག་གི་ཆེ་འོད་ན། དེ་ནས་རླུང་ཤུགས་ཆེ་ཡིས་འདེད་ན། གྲུ་པ་ཡིས་རང་གི་འཐད་ཚད་ཕྱོགས་ལ་སྐོར་ཡས་ལ་སྐྱ་ཆུང་ང་ཞིག་གིས་དེ་ཀྱ་ལ་ཁྲིད་བ་ལགས།

5 དེ་རེ་རང་བྱས་རེ་ལྕེ་མོ་ནི་ལུས་ཀྱི་ཡན་ལག་ཆུང་ང་ཞིག་ཡིན་ནའང་། དོན་ཆེ་ཆེའི་ཁབ་ལས་བཤད་ད་ལགས། ལྟོས་དང་། མེ་ལྕེ་ཆུང་ང་ཞིག་གིས་འང་ཤིང་ནགས་ཆེ་ལ་བསྲགས་བ་ལགས།

6 ལྕེ་མོ་དེའང་མེ་ཅོག་རེ་ལགས། འདི་ནི་འོ་རི་ལུས་ཀྱི་ཡན་ལག་ཀྱ་ནས་ངན་པ་ཡིས་ཁངས་ཁ་འཛམ་བུ་གླིང་གཅིག་ལགས། དེས་ལུས་གི་རི་ལ་མེད་གཙང་ང་བཟོ་བ་ལགས། དེ་ནས་དམྱལ་བའི་མེ་ཡིས་ཁོའི་མི་ཚེའི་ཚོ་བ་གི་རི་མེ་ལ་བསྲགས་བ་ལགས།

7 སེམས་ཅན་དང་། བྱ་བྱིའུ་ཀྱ་དང་། ལྟོ་འགྲོ་ཀྱ་དང་། རྒྱ་མཚོ་ནང་དུ་འོད་མཁན་སེམས་ཅན་སྣ་ཚོགས་གི་རི་ལ་དབང་དུ་འདུལ་ཐུབ་བ་ལགས། དེ་ནས་མིའི་རིགས་རྒྱུད་ནས་རང་དབང་དུ་འདུལ་ཐུབ་བ་ལགས།

8 ཡིན་ནའང་ལྕེ་མོ་ལ་མི་སུས་འང་དབང་དུ་འདུལ་མི་ཐུབ་བ་ལགས། དེ་ནས་སྲོག་བཅད་ཐུབ་ཀྱིན་དུག་གིས་ཁངས་ཁ་དང་། དབང་དུ་འདུལ་མི་ཐུབ་ཀྱིན་ངན་པ་ལགས།

9 འོ་རང་དེའི་ཐོག་ནས་རང་གཙོ་བོ་དང་ཡབ་ལ་བསྟོད་པ་འབུལ་ལ་ལགས། དེ་ནས་དེའི་ཐོག་ནས་རང་དཀོན་མཆོག་གི་དབྱིབས་ལ་བཀོད་ཀ་མི་ཀྱ་ལ་དམོད་མོ་བརྒྱབ་བ་ལགས།

10 ཁ་གཅིག་ནས་རང་བསྟོད་པ་དང་དམོད་མོ་གཉིས་ཀ་ར་འཐོན་ད་ལགས། ངའི་སྤུན་ཀྱ་བོ། དེ་རེ་ནི་འོང་ཡས་མེད་ཀྱིན་རྩི་ལགས།

11 ཆུ་མིག་གཅིག་གི་ཁ་ནས་འཐུང་ཆུ་དང་ཚྭ་ཆུ་གཉིས་ཀ་ར་འཐོན་ད་ལགས་སེ།

12 ངའི་སྤུན་ཀྱ་བོ། སེ་ཡབ་ཀྱི་སྡོང་པོ་ནས་སྐྱུར་རུ་ཤིང་གི་ཤིང་ཏོག་དང་། རྒུན་འབྲུམ་གྱི་སྡོང་པོ་ནས་སེ་ཡབ་ཀྱི་ཤིང་ཏོག་སྐྱེ་ཐུབ་བ་ལགས་སེ། ཚྭ་ཆུའི་ཆུ་མིག་ནས་འཐུང་ཆུ་མེད་འཐོན་ད་ལགས།


དཀོན་མཆོག་ནས་འཐོབ་ཀྱིན་ཤེས་རབ།

13 ཁྱེད་ཀྱ་ནས་མཁས་བ་དང་བསམ་བློ་མཐོང་ང་གོ་སུ་འོད་དོ། མི་དེས་རང་གི་སྤྱོད་ལམ་བཟང་པོ་དང་ཤེས་རབ་ནས་འབྱུང་གིན་ཉམས་ཆུང་གི་སྒོ་ནས་རང་གི་ལས་ཀ་གི་རི་སྟོན་དགོས།

14 ཡིན་ནའང་ཁྱེད་ཀྱི་སེམས་ནང་དུ་ཕྲག་དོག་ཁ་ཏིག་བ་དང་རང་འདོད་ཀྱི་འདོད་ཆགས་འོད་ན། ཁྱེད་ཀྱ་མཁས་བ་འོད་སྨྲས་རེ་ཁབ་ལས་བཤད་དེ་བདེན་པ་ལ་ཟོག་མ་བཤད།

15 དེ་རེ་ཤེས་རབ་ནི་དཀོན་མཆོག་ནས་མ་ལགས། ཡིན་ནའང་དེ་ནི་འཇིག་རྟེན་དང་། ཤ་ཁྲག་དང་། བདུད་ཀྱི་ཤེས་རབ་ལགས།

16 གི་བྱས་རེ་སྨྲ་ན་ཕྲག་དོག་དང་རང་འདོད་ཀྱི་འདོད་ཆགས་འོད་ས་རུ། ཟིང་འཁྲུག་དང་ངན་པ་སྣ་ཚོགས་ཀྱི་ལས་ཀ་འོང་གི་ལགས།

17 ཡིན་ནའང་དཀོན་མཆོག་ནས་འབྱུང་གིན་ཤེས་རབ་ནི་དང་པོ་གཙང་མ་དང་། ཕུན་སུམ་ཅན་དང་། སྐྱོན་མེད་ཀྱིན་དང་། བསམ་བློ་མཐོང་ང་དང་། སྙིང་རྗེ་དང་འབྲས་བུ་བཟང་པོ་ཀྱ་སྟེར་གྱིན། དེ་ནས་ཕྱོགས་རིས་མེད་ཀྱིན་དང་ཟོག་མེད་ཀྱིན་འོང་ང་ལགས།

18 དེ་ནས་ཞི་བདེ་བཟོ་མཁན་ཀྱ་ཡིས་ཞི་བདེའི་ས་ང་བཏབ་སྟེ་དྲང་བདེན་གྱི་འབྲས་བུ་སྡུད་ཀྱི་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan