Biblia Todo Logo
Bìoball air-loidhne

- Sanasan -

ཡ་ཀོབ། 2 - གློ་བ།


ཕྱོགས་རི་མི་བྱེད་ཡས་ཀྱི་སྐོར་ལ།

1 ངས་སྤུན་ཀྱ་བོ། ཁྱེད་ཀྱ་ཡི་དད་པ་འོ་རི་གཟི་བརྗིད་ཀྱི་གཙོ་བོ། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཁར་ལ་འོད་ཀྱིན་བྱས་རེ་ཕྱོགས་རིས་མ་བྱེད་ཞིག།

2 ཁྱེད་ཀྱ་ཡི་ཚོགས་འདུ་རུ་གསེར་གྱི་སོར་གདུབ་དང་། གོས་ལག་སྤུས་མ་གོན་ག་མི་ཞིག་དང་། གོས་ལག་ཧྲུལ་སྡུག་པ་གོན་ག་མི་དབུལ་སྤྲེ་ཞིག་འོང་ན།

3 ཁྱེད་ཀྱ་ཡིས་འོ་དེ་གོས་ལག་སྤུས་མ་གོན་ག་མི་གོ་ལ་རྩི་བཀུར་བྱས་རེ། ཁྱེད་རང་བཞུགས་གདན་དུ་རུ་བཞུགས་སྨྲས་རེ་སྨྲ་ལགས། དེ་ནས་མི་དབུལ་སྤྲེ་གོ་ལ་ཁྱོད་འུ་རུ་ལངས་རེ་སྡོད། ཡང་ན་ངའི་འོག་ཏུ་སྡོད་སྨྲས་རེ་སྨྲ་ལགས།

4 ད་ཁྱེད་ཀྱ་ཁྱེད་རི་ནང་དུ་རང་གཡས་བ་བྱས་རེ་ཁྱེད་ཀྱ་བསམ་བློ་ངན་པ་ཡི་ཁྲིམས་དཔོན་འབྱུང་བ་མ་ལེ།

5 ངའི་གཅེས་བའི་སྤུན་ཀྱ་བོ། ཉན་ཞིག། དཀོན་མཆོག་གིས་འཇིག་རྟེན་གྱི་དབུལ་སྤྲེ་ཀྱ་ལ་དད་པ་ལ་ཕྱུག་པོ་མཛད་དེ། ནམ་མཁའི་རྒྱལ་སྲིད་ཀྱི་བརྒྱུད་འཛིན་མཛད་པ་མ་ལེ། ཁོང་པ་ལ་བརྩེ་བ་བྱེད་མཁན་ཀྱ་ལ་རྒྱལ་སྲིད་འདི་གནང་ཡས་དམ་བཅའ་མཛད་པ་ལགས།

6 ཡིན་ནའང་ཁྱེད་ཀྱ་ཡིས་དབུལ་སྤྲེ་ཀྱ་ལ་མཐོང་ཆུང་བྱས་འདུག། ཁྱེད་ཀྱ་ལ་གནོད་བསྐྱལ་གྱིན་གོ་ཕྱུག་པོ་ཀྱ་རང་མ་ལེ། དེ་ནས་ཁྱེད་ཀྱ་ལ་ཁྲིམས་ཁང་དུ་ཁྲིད་དེ་འགྲོ་གིན་གོའང་ཁོང་ཀྱ་རང་མ་ལེ།

7 དེ་ནས་ཁྱེད་ཀྱ་ཡིས་བསྟོད་པ་འབུལ་གྱིན་དང་། ཁྱེད་ཀྱི་འབྲེལ་བ་འོད་ཀྱིན་མཚན་གོ་ལ་སྐུར་བ་འདེབས་ཀྱིན་གོ་ཁོང་ཀྱ་མ་ལེ།

8 གསུང་རབ་ལ་ཁྱེད་ཀྱ་ཡིས་རང་གི་ཁྱིམ་མཚེས་ལ་རང་ལ་ཅོག་རེ་བརྩེ་བ་བྱེད། གསུངས་རེ་གསུངས་ས་རྒྱལ་བོའི་བཀའ་འདི་དངོས་གནས་བསྒྲུབ་ཏུ་བཅུག་ན། ཁྱེད་ཀྱ་ཡིས་བཟང་ང་བྱེད་ད་ལགས།

9 ཡིན་ནའང་ཁྱེད་ཀྱ་ཡིས་གཡས་བ་བཅད་ཀྱིན་ལས་ཀ་བྱེད་ན། ཁྱེད་ཀྱ་ཡིས་སྡིག་པ་བྱེད་ད་ལགས། དེ་ནས་བཀའ་ཁྲིམས་ཀྱི་ཐོག་ནས་ཁྱེད་ཀྱ་ཁྲིམས་ལ་མི་བརྩིས་ཀྱིན་བྱུང་ང་ལགས།

10 གི་བྱས་རེ་སྨྲ་ན་མི་གཅིག་གིས་ཁྲིམས་གི་རི་བསྲུངས་རེ་ཡིན་ནའང་གཅིག་ལ་གཅིག་ཀ་ལས་ན། ཁོ་ཆོས་ཁྲིམས་ཀྱི་ཁྲིམས་གི་རི་མ་བསྲུངས་ཀྱིན་གྱི་སྐྱོན་ཕོག་གི་ལགས།

11 གི་བྱས་རེ་སྨྲ་ན་ལོག་གཡེམ་མ་བྱེད་གསུངས་མཁན་གྱིས་མིའི་སྲོག་མ་བཅད་གསུངས་རེའང་གསུངས་འོད་ད་ལགས། ཁྱེད་ཀྱ་ཡིས་ལོག་གཡེམ་མི་བྱེད་ན་ཡིན་ནའང་མིའི་སྲོག་བཅད་ན། ཁྱོས་ཆོས་ཁྲིམས་མི་སྲུང་ང་ལགས།

12 འོ་བྱས་རེ་རང་དབང་གནང་གིན་ཆོས་ཁྲིམས་ཀྱི་ཐོག་ནས་ཁྲིམས་གཅོད་ཐོབ་མཁན་ཀྱ་ཡི་ཅོག་རེ་ཁྱེད་ཀྱི་གཏམ་དང་སྤྱོད་པ་འོང་བར་ཤོག།

13 གི་བྱས་རེ་སྨྲ་ན་གཞན་མ་ལ་སྙིང་རྗེ་མི་བྱེད་མཁན་ལ་སྙིང་རྗེ་མེད་ཀྱིན་ཁྲིམས་ཕོག་གི་ལགས། ཁྲིམས་གཅོད་ཀྱི་ཁར་ལ་སྙིང་རྗེ་ཡི་རྒྱལ་ལ་ལགས།


དད་པ་དང་ལས་ཀ།

14 ངའི་སྤུན་ཀྱ་བོ། མི་གཅིག་གིས་རང་ལ་དད་པ་འོད་སྨྲ་ན། ཡིན་ནའང་དད་པ་ལ་མཐུན་གྱིན་ལས་ཀ་གོ་མི་བྱེད་ན། དེ་ལ་ཕན་ཐོགས་གི་འོད་ད་ལགས་སེ། ཁོའི་དད་པ་ཡིས་ཁོ་ལ་སྐྱོབ་ཐུབ་ཀྱི་ལེ།

15 ཁྱེད་ཀྱི་སྤུན་ཀྱ་ནས་གཅིག་ལ་གོན་ཡས་གོས་ལག་དང་ཉིན་རེའི་ཟ་མ་ཟ་ཡས་ལ་མེད་ཚང་འོད་ན།

16 ཁྱེད་ཀྱ་ནས་གཅིག་གིས་ཁོ་ལ། སྡུང་ང་མི་བྱེད་ད་སོང་། གོས་ལག་དྲོ་སེ་གོན། དེ་ནས་ཟ་མ་དགའ་སེ་ཟོ། གཅིག་ཀ་སྨྲས་རེ་ཡིན་ནའང་ཁོའི་ལུས་ལ་དགོས་ཀྱིན་གོ་མེད་སྟེར་ན། དེ་ལ་ཕན་ཐོགས་གི་འོད་ད་ལགས་སེ།

17 དེ་རེ་བྱས་རེ་ལས་ཀ་མི་སྒྲུབ་ཀྱིན་དད་པ་ནི་ཤི་བ་ཡིན།

18 ཡིན་ནའང་མི་ཞིག་གིས་ཁྱོད་ལ་དད་པ་འོད་ད་ལགས། དེ་ནས་ང་ལ་ལས་ཀ་ཀྱ་འོད་སྨྲས་རེ་སྨྲ་ན་ལས་ཀ་མེད་ཀྱིན་ཁྱོའི་དད་པ་དེ་ང་ལ་སྟོན། དེ་ནས་ངས་ང་རི་ལས་ཀ་ཡི་ཐོག་ནས་ངའི་དད་པ་ཁྱོད་ལ་སྟོན་དོ་སྨྲས་རེ་ང་སྨྲ་ཡས་ཡིན།

19 ཁྱེད་ཀྱ་དཀོན་མཆོག་གཅིག་རང་ཡིན་སྨྲས་རེ་དད་པ་བྱེད་ད་ལགས། དེ་ནས་དེ་དགའ་ལགས། འདྲེ་ཀྱའང་དད་པ་བྱེད་ད་ལགས། དེ་ནས་འཇིགས་ཏེ་འདར་ར་ལགས།

20 ཁྱེད་གླེན་པ་ཀྱ་བོ། ལས་ཀ་མེད་ཀྱིན་དད་པ་ཕན་མེད་ཀྱིན་གྱི་དཔང་པོ་གོ་ཁྱེད་ཀྱ་ལ་སྟོན་དགོས་ཡས་འདུག་བའི།

21 འོ་རི་དང་པའི་མེ་མེ་ཨབ་ར་ཧམ་གྱིས་དམར་མཆོད་འབུལ་ཡས་ལ་རང་གི་བི་ཛ་མཆོད་ཁྲི་རུ་འབུལ་ལི་གང་ལ། ཁོ་ཁོ་རི་ལས་ཀ་ཡི་ཐོག་ནས་རང་དྲང་པོ་བརྩིས་བ་མ་ལེ།

22 ཁོའི་དད་པ་གོ་ཁོའི་ལས་ཀ་མུ་ལ་མཐུན་ཏེ་འགྲོ་གིན་དང་ལས་ཀ་ཡི་ཐོག་ནས་དད་པ་གོ་ཚང་པོ་འབྱུང་གིན་གོ་ཁྱེད་ཀྱ་མཐོང་ང་ལགས།

23 དེ་ནས་གསུང་རབ་ལ་དེ་རེ་བྲིས་བྲ་བཀའ་གོ་སྒྲུབ་པ་ལགས། ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་བ་ལགས། དེ་ནས་འདིའི་ཐོག་ནས་ཁོ་དྲང་བདེན་གྱི་མི་གཅིག་བརྩིས་བ་ལགས། དེ་ནས་ཁོ་ལ་དཀོན་མཆོག་གི་ཆོས་གྲོགས་སྨྲས་རེ་སྨྲ་ལགས།

24 མི་ཞིག་དད་པ་ཡི་གཅིག་ཀ་མིན་ད་ལས་ཀ་ཡི་སྒོ་ནས་དྲང་བདེན་ལ་རྩིི་གིན་གོ་ཁྱེད་ཀྱ་མཐོང་ང་ལགས།

25 དེ་རེ་རང་བྱས་རེ་ར་ཧབ་སྨྲ་གིན་གཞང་འཚོང་མ་ཡིས་མོ་རི་ནང་དུ་བང་ཆེན་ཀྱ་ལ་ཕེབས་བསུ་ཞུས་རེ། ཁོང་ཀྱ་བྲོས་རེ་འགྲོ་ཡས་ལ་ལམ་ཁ་གཞན་མ་ཕྱོགས་ལ་བརྫངས་བ་ལགས། ད་མོ་རི་ལས་ཀ་ཡི་ཐོག་ནས་མོ་དྲང་པོ་བརྩིས་བ་མ་ལེ།

26 ལུས་སེམས་ནས་བྲལ་ན་ཤི་གིན་ཅོག་རེ། དད་པ་གོའང་ལས་ཀ་ནས་བྲལ་ན། ཤི་ཤ་ཅོག་རེ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan