ཡ་ཀོབ། 1 - གློ་བ།1 དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་བྲན་གཡོག་ཡ་ཀོབ་ནས། འཇིག་རྟེན་དུ་འཐོར་ཏེ་བསྡད་ད་ཡ་ཧུ་དཱ་པ་བརྒྱུད་པ་བཅུ་གཉིས་ཀྱ་ནས་མཱ་ཤི་ཀ་ལ་དད་པ་བྱེད་མཁན་ཀྱ་ལ་འཚམས་འདྲི་ཞུ་བ་ཡིན། དད་པ་དང་ཤེས་རབ། 2 ངའི་སྤུན་ཀྱ་བོ། ཁྱེད་ཀྱ་ལ་དཀའ་ངལ་སྣ་ཚོགས་འཕྲད་དེ་གང་ལ། འོ་དེ་ལ་དགའ་སྤྲོ་ཆེ་རྩིས་ཤིག། 3 གི་བྱས་རེ་སྨྲ་ན་ཁྱེད་ཀྱི་དད་པ་ལ་ཚོད་ལྟ་མྱངས་ཀྱིན་གྱིས་བཟོད་པའི་སེམས་སྐྱེ་རུ་བཅུག་བ་ལགས། 4 ཁྱེད་ཀྱ་ལ་མེད་ཚང་གིན་གིའང་མ་བྱུང་བ། ཡང་དག་པ་དང་ཚང་གོ་འབྱུང་ཡས་ཀྱི་ཆེད་དུ་བཟོད་པ་ལ་འོ་དེའི་བྱ་བ་སྒྲུབ་ཏུ་ཆུག། 5 ཁྱེད་ཀྱ་ནང་ནས་ཤེས་རབ་མེད་ཚང་གིན་རེ་འོད་ན། བཀའ་བཀྱོན་མེད་མཛད་ད་གི་རི་ལ་ཕང་མེད་དུ་གནང་མཁན་དཀོན་མཆོག་ལ་འོ་དེས་ཞུས་དགོས། དེ་ནས་ཁོ་ལ་འོ་དེ་གནང་གི་ལགས། 6 ཡིན་ནའང་ཁོས་དོགས་པ་གིའང་མི་བྱེད་ད་དད་པའི་སྒོ་ནས་ཞུས་དགོས། གི་བྱས་རེ་སྨྲ་ན་དོགས་པ་བྱེད་མཁན་གོ་ནི་རླུང་གིས་འདེད་ད་དང་དཀྲུག་ཀྲ་རྒྱ་མཚོའི་རྦ་རླབས་ཅོག་རེ་ལགས། 7 འོ་རེ་མི་ཡིས་རང་ལ་གཙོ་བོ་ནས་གཅིག་རེ་ཐོབ་གྲོ་སྨྲས་རེ་མ་བསམ་དགོས། 8 གི་བྱས་རེ་སྨྲ་ན་བསམ་བློ་གཉིས་བཏང་མཁན་མི་རང་གི་ལས་ཀ་གི་རི་ལ་བརྟན་པོ་མེད་ཡོང་ང་ལགས། ཚོད་ལྟ་དང་ཉམས་ཚོད། 9 སྤུན་ཟླ་ཉམས་ཆུང་ཀྱ་ཡིས་རང་གི་གོ་ས་མཐོ་བ་ལ་ཉམ་མོ་དགའ་བྱེད་དགོས། 10 ཡིན་ནའང་ཕྱུག་པོ་ཀྱ་དམའ་བ་བྱུང་བའི་གང་ལ་ཉམ་མོ་དགའ་བྱེད་དགོས། གི་བྱས་རེ་སྨྲ་ན་རྩྭའི་མེ་ཏོག་ཅོག་རེ་ཁོའང་སྐམ་ཏེ་འགྲོ་གི་ལགས། 11 གི་བྱས་རེ་སྨྲ་ན་ཉི་མ་ཚ་ཤར་ཏེ་རྩྭ་ཀྱ་སྐམ་མ་ལགས། དེ་ནས་མེ་ཏོག་ས་ལ་བབ་སྟེ་འོ་དེའི་མཛེས་བ་གི་རི་ཡལ་ལ་ལགས། འོ་བྱས་རེ་རང་ཕྱུག་པོ་ཀྱ་རང་གི་ལས་ཀྱི་དོན་དག་གི་ཁོག་ལ་མེད་ད་ལ་འགྲོ་གི་ལགས། 12 སྡུག་པོ་མྱངས་བའི་གང་ལ་བཟོད་པ་བྱེད་མཁན་མི་བྱིན་རླབས་ཆེ་ལགས། གི་བྱས་རེ་སྨྲ་ན་ཚོད་ལྟ་ནས་ཁོ་ཐར་ཚར་ཏེ་དཀོན་མཆོག་གིས་རང་ལ་བརྩེ་བ་བྱེད་མཁན་ཀྱ་ལ་དམ་བཅའ་མཛད་ཛ་མི་ཚེའི་ཅོད་པན་གོ་ཁོ་ལ་འཐོབ་ཀྱི་ལགས། 13 ཚོད་ལྟ་ནང་ལ་ཆུད་དེ་གང་ལ་སུས་འང་དཀོན་མཆོག་གིས་ང་ལ་ཚོད་ལྟ་ལེན་འདིག་སྨྲས་རེ་མ་སྨྲ་ཤོག། གི་བྱས་རེ་སྨྲ་ན་ངན་པའི་སྒོ་ནས་དཀོན་མཆོག་གི་ཚོད་ལྟ་བྱུང་མི་ཐུབ་བ་ལགས། དེ་ནས་ཁོང་པ་རང་གིས་འང་མི་སུའང་ཚོད་ལྟ་མེད་མཛད་ད་ལགས། 14 ཡིན་ནའང་མི་གི་རི་རང་གི་འདོད་ཆགས་ཀྱིས་བསླུས་རེ། འོ་དེའི་གཤམ་ལ་འབྲངས་རེ་ཚོད་ལྟ་ནང་དུ་ཆུད་ད་ལགས། 15 དེ་ནས་འདོད་ཆགས་ཀྱི་འབྲས་བུ་ལུས་ལ་ཆགས་ཏེ་སྡིག་པ་སྐྱེ་ལ་ལགས། དེ་ནས་སྡིག་པ་གོ་ཚང་གོ་འཚར་ཏེ་འོ་དེའི་འཆི་བ་འཁྱེར་ཏེ་འོང་ང་ལགས། 16 ངའི་གཅེས་བའི་སྤུན་ཀྱ་བོ། མགོ་བ་མ་འཁོར་ཞིག། 17 གནང་སྦྱིན་བཟང་པོ་དང་ཡང་དག་པ་གི་རི་སྟོད་ནས་ནམ་མཁའི་འོད་ཀྱ་བཀོད་མཛད་མཁན་ཡབ་ནས་བབ་བ་ལགས། སྤོ་རེ་འགྲོ་གིན་གྲིབ་ཇག་ཅོག་རེ་ཁོང་པ་ལ་འགྱུར་བ་གིའང་མེད་ད་ལགས། 18 ཁོང་པ་ཡིས་བཀོད་པ་གི་རི་ནས་ལོ་ཏོག་ཕུད་གོ་འོ་རང་འབྱུང་བར་ཤོག་སྨྲས་རེ། ཁོང་པ་རང་གི་ཐུགས་དགོངས་ཀྱི་བདེན་པའི་བཀའ་ཐོག་ནས་འོ་རང་ལ་སྐྱེ་བ་གསར་པ་གནང་ང་མཛད་པ་ལགས། བཀའ་ཉན་དགོས་ཡས་དང་ལག་ལེན་བཏང་དགོས་ཡས། 19 ངའི་གཅེས་བའི་སྤུན་ཀྱ་བོ། མི་གི་རི་ཉན་ཡས་ལ་མགྱོགས་བ། ལབ་བཏང་ཡས་ལ་དལ་ལ། དེ་ནས་ཁོང་ཁྲོ་ལངས་ཡས་ལ་དལ་ལ་འོང་དགོས་ལ་ལགས་སྨྲ་གིན་ལབ་དེ་ཤེས་ལ་བྱེད། 20 གི་བྱས་རེ་སྨྲ་ན་མིའི་ཁོང་ཁྲོའི་དཀོན་མཆོག་གི་དྲང་བདེན་གྱི་བྱ་བ་མི་སྒྲུབ་བ་ལགས། 21 འོ་བྱས་རེ་མེད་གཙང་ང་གི་རི་དང་ངན་པ་འོད་ལེ་སྤོངས་ཤིག།དེ་ནས་ཁྱེད་ཀྱི་སེམས་ལ་སྐྱོབ་ཐུབ་ཀྱིན་ཁྱེད་ཀྱི་ནང་དུ་བཙུགས་འོད་ཀྱིན་བཀའ་གོ་ཉམས་ཆུང་བྱས་རེ་ཁས་ལེན་བྱེད། 22 བཀའ་ལ་ཉན་ཡས་གཅིག་ཀ་བྱུང་རེ་རང་ལ་མགོ་སྐོར་མ་བཏང་། ཡིན་ནའང་བཀའ་ལ་གསུངས་ཀྱིན་ཅོག་རེ་བྱེད་མཁན་འབྱུང་། 23 བཀའ་ལ་ཉན་ཡས་གཅིག་ཀ་མཉན་ཏེ་ལག་ལེན་མེད་བཏང་མཁན་གོ་རང་གི་ངོ་གདོང་མེ་ལོང་ལ་ལྟ་མཁན་མི་ཅོག་རེ་ལགས། 24 གི་བྱས་རེ་སྨྲ་ན་ཁོས་རང་ལ་ལྟ་གི་ལགས། དེ་ནས་སོང་རེ་ཁོ་ག་རེ་མཐོང་གིན་གོ་ལམ་སང་བརྗེད་དེ་འགྲོ་བ་ལགས། 25 ཡིན་ནའང་རང་དབང་གནང་གིན་ཡང་དག་པའི་ཁྲིམས་ལ་ཞིབ་ལྟ་བྱེད་ཀྱིན་དང་བརྟན་པོ་གནས་ཀྱིན། དེ་ནས་བཀའ་ལ་མཉན་ཏེ་བརྗེད་དེ་འགྲོ་གིན་མིན་ད། ཡིན་ནའང་ལག་ལེན་བཏང་རེ་བྱེད་ཀྱིན་མི་གོ་ལ་ཁོས་བྱེད་ཀྱིན་ལས་ཀ་ལ་བྱིན་རླབས་འཐོབ་ཀྱི་ལགས། 26 དེ་ནས་རང་ལ་དྲང་པོ་བསམས་ཏེ་ཡིན་ནའང་རང་གི་ལྕེ་མོ་ལ་བདག་པོ་མེད་བརྒྱབ་མཁན་མི་ཡིས་རང་ལ་མགོ་སྐོར་བཏང་ང་ལགས། དེ་ནས་ཁོས་ཆོས་གོའང་ཕན་མེད་ཐོག་བ་ལགས། 27 འོ་རི་ཡབ་དཀོན་མཆོག་གི་དྲུང་དུ་གཙང་མ་དང་སྐྱོན་མེད་ཀྱིན་ཆོས་ནི། དཀའ་ལས་ཕྲད་དེ་བསྡད་ད་དྭོ་སེ་ཀྱ་དང་ཡུགས་ས་མ་ཀྱ་ལ་ལྟ་རྟོག་བྱེད་ཡས་དང་། རང་ལ་འཇིག་རྟེན་གྱི་མེད་གཙང་ང་ནས་སྲུང་ཡས་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.