Biblia Todo Logo
Bìoball air-loidhne

- Sanasan -

ཨིབ་རི་པ། 9 - གློ་བ།


འཇིག་རྟེན་གྱི་གུར་ཁང་ནང་དུ་ཕྱག་མཆོད་པ་ཕུལ་བ།

1 དམ་བཅའ་དང་པའི་ནང་ལ་ཕྱག་མཆོད་པ་བྱེད་ཀྱིན་གྱི་ཁྲིམས་ཀྱ་དང་། འཇིག་རྟེན་དུ་ཕྱག་མཆོད་པ་བྱེད་ས་གཅིག་འོད་ད་ལགས།

2 གུར་ཁང་ཞིག་སྤུབ་འོད་ད་ལགས། འོ་དེའི་ཁྱིམ་དང་པོ་གོ་ལ་མཆོད་མེ་བཞག་ས་དང་། དཀོན་མཆོག་གི་སྐུ་མདུན་དུ་ཕུལ་པ་གྱང་ག་ཀྱ་འོད་ཀྱིན་གསོལ་ཅོག་འོད་ད་ལགས། དེ་ལ་དམ་པའི་གནས་ས་སྨྲ་ལགས།

3 འོ་དེ་རུ་ཡོལ་བ་གཅིག་འོད་ད་ལགས། དེ་ནས་ཡོལ་བ་ཡི་རྒྱབ་ལ་དམ་པའི་དམ་པ་གནས་ས་སྨྲ་གིན་ཁྱིམ་གཉིས་བ་གོ་འོད་ད་ལགས།

4 འོ་དེ་ནང་དུ་སྤོས་སྤར་ས་གསེར་གྱི་མཆོད་ཁྲི་དང་། ཕྱོགས་གི་རི་ནས་གསེར་གྱིས་བཏུམས་ད་དམ་བཅའ་འི་སྒམ་འོད་ད་ལགས། སྒམ་འདིའི་ནང་དུ་མཱན་ནཱ་སྨྲ་གིན་ཟ་མ་འོད་ཀྱིན་གསེར་གྱི་བུམ་པ་དང་། ཨ་རོན་གྱི་བེར་ཀྱོག་དང་། དམ་བཅའ་འི་རྡོ་ལེབ་འོད་ད་ལགས།

5 དེ་ནས་སྒམ་གྱི་སྟོད་ལ་དཀོན་མཆོག་གི་གཟི་བརྗིད་ཀྱི་རྟགས་ཡིན་གྱིན་ཀེ་རུབ་སྨྲ་གིན་སེམས་ཅན་ཀྱ་འོད་ད་ལགས། དེ་ནས་འོ་དེ་ཀྱ་ཡི་གཤོག་པ་གོ་ཐུགས་རྗེའི་བཞུགས་ཁྲིའི་ཁར་ལ་བརྐྱངས་ཀྱ་འོད་ད་ལགས། ཡིན་ནའང་ད་ལྟ་དེའི་སྐོར་ལ་འེ་ཀྱ་འགྲེལ་བཤད་མང་ང་བརྒྱབ་ཐུབ་ཡས་མེད།

6 དེ་ཀྱ་གི་རི་གྲ་སྒྲིག་བྱས་ཚར་ཏེ་མཆོད་དཔོན་ཀྱ་ཁོང་རང་གི་ཞབས་ཕྱི་ཞུ་ཡས་ལ། གུར་ཁང་གི་ཁྱིམ་དང་པོ་རུ་ཙོག་བའི་འགྲོ་བ་ལགས།

7 ཡིན་ནའང་ཁྱིམ་གཉིས་བ་ནང་ལ་གཙོ་མཆོད་དཔོན་གཅིག་ཀ་ལོ་ལ་ཐེངས་མ་གཅིག་འགྲོ་བ་ལགས། དེ་ནས་ཁྲག་མེད་འཁྱེར་ར་ནམ་མའང་མེད་འགྲོ་བ་ལགས། ཁྲག་དེ་ནི་རང་དང་། མི་ཀྱ་ཡིས་མ་ཤེས་བ་བྱས་བྱ་སྡིག་པ་ཀྱ་ཡི་དོན་དུ་འབུལ་ལ་ལགས།

8 དེ་གི་རིའི་ཐོག་ནས་ཁྱིམ་དང་པོ་གོ་འོད་ཀྱིན་ཐུག་པའི། དམ་པའི་དམ་པ་གནས་ས་ནང་དུ་འཛུལ་ས་མེད་ད་ལགས་སྨྲས་རེ་དམ་པའི་ཐུགས་ཉིད་ཀྱིས་སྟོན་མཛད་ད་ལགས།

9 དེ་ནི་ད་ལྟའི་དུས་ལ་སྟོན་གྱིན་རྟགས་ཤིག་ལགས། དེ་ནས་དེ་ཡིས་དཀོན་མཆོག་ལ་ཕུལ་པ་མཆོད་པ་དང་། དམར་མཆོད་ཀྱ་ཡི་ཕྱག་མཆོད་པ་འབུལ་གྱིན་ཀྱ་ཡིས་ཤེས་བཟང་གཙང་མ་བཟོ་མི་ཐུབ་བ་ལགས་སྨྲས་རེ་སྟོན་ད་ལགས།

10 དེ་ཀྱ་ནི་བཟའ་ཡས་དང་འཐུང་ཡས་དང་ཁྲུས་སྣ་ཚོགས་བྱེད་ཀྱིན་གྱི་སྲོལ་གཅིག་ཀ་ལགས། དེ་ནས་དཀོན་མཆོག་ནས་བཀའ་གསར་པ་མ་ཐོབ་ཐུག་པའི། དེ་ཀྱ་ནི་ཕི་ད་ནས་བྱེད་ཀྱིན་ཁྲིམས་ཀྱ་ལགས།


མཱ་ཤི་ཀའི་སྐུ་ཁྲག་གི་སྐོར་ལ།

11 འོ་བྱས་རེ་མཱ་ཤི་ཀ་ནི་ད་ལྟ་བྱུང་བྱ་བཟང་ང་གི་རིའི་གཙོ་མཆོད་དཔོན་བྱུང་བ་ལགས། དེ་ནས་ཁོང་པ་མིའི་ལག་པས་བཟོས་ཟ་མིན་ད། ཡང་ན་འཇིག་རྟེན་དེའི་མིན་གྱིན་གུར་ཁང་རྩ་ཆེ་ཤོས་དང་ཡང་དག་པའི་ནང་ནས་ཕེབས་པ་ལགས།

12 དེ་ནས་ར་དང་བི་ཀྱ་ཡི་ཁྲག་མིན་ད་མཱ་ཤི་ཀའི་རང་གི་སྐུ་ཁྲག་གི་སྒོ་ནས་གི་རིའི་ཆེད་དུ། ཐེངས་གཅིག་ལ་རང་དམ་པའི་དམ་པ་གནས་ས་ནང་དུ་ཕེབས་ཏེ་མཐའ་མེད་པའི་ཐར་པ་གོ་གནང་ང་མཛད་པ་ལགས།

13 ད་ར་དང་གླུང་གི་ཁྲག་དང་བེའུ་མོ་བསྲགས་སྲ་གོ་ཐལ་གོ་མི་མེད་གཙང་ང་ཀྱའི་ཁར་ལ་གཏོར་ར་རང་། ཁོང་ཀྱ་ཡི་ལུས་གོ་གཙང་མ་བྱུང་ན།

14 འོ་རང་གསོན་པོ་དཀོན་མཆོག་ལ་ཞབས་ཕྱི་ཞུ་ཐུབ་ཡས་ཀྱི་ཆེད་དུ། མཱ་ཤི་ཀའི་སྐུ་ཁྲག་གིས་འོ་རི་ཤེས་བཟང་ལ་སྡིག་པའི་ལས་ཀྱ་ནས་དེ་ལས་ལྷག་གཙང་མ་བཟོ་ཐུབ་ཀྱི་མ་ལེ། གི་བྱས་སྨྲ་ན་མཐའ་མེད་པའི་ཐུགས་ཉིད་ཀྱི་ནུས་མཐུའི་སྒོ་ནས་འོ་རི་སྡིག་པ་ཀྱ་ཡི་ཆེད་དུ། མཱ་ཤི་ཀའི་རང་ལ་ཡང་དག་པའི་དམར་མཆོད་ཅོག་རེ་དཀོན་མཆོག་ལ་ཕུལ་པ་ལགས།

15 དཀོན་མཆོག་གིས་ཁོང་ཀྱ་ལ་དབུ་མནའ་བཞེས་ཞ་མཐའ་མེད་པའི་རྒྱུ་འཛིན་གོ་བོས་པ་གི་རི་ལ་འཐོབ་ཡས་ཀྱི་ཆེད་དུ། ཁོང་པ་ནི་དཀོན་མཆོག་དང་མིའི་གུང་དུ་དམ་བཅའ་གསར་པའི་བར་མི་མཛད་ཀྱིན་གོ་ལགས། འོ་དེ་དམ་བཅའ་དང་པོའི་དུས་ལ་མི་ཀྱ་ཡིས་བྱས་བྱ་སྡིག་པ་ཀྱའི་ཆད་པ་ནས། ཁོང་ཀྱ་ལ་ཐར་པ་གནང་ཡས་ལ་མཱ་ཤི་ཀ་གྲོངས་བ་མཛད་པ་ལགས།

16 ད་ཁ་ཆེམས་བཞག་འོད་ན། འོ་དེ་ཁ་ཆེམས་བཞག་མཁན་གོ་ཤི་ཚར་གྱིན་གོ་བདེན་དཔང་བྱེད་དགོས།

17 གི་བྱས་རེ་སྨྲ་ན་ཁ་ཆེམས་བཞག་མཁན་གོ་གསོན་པོ་འོད་ཀྱིན་ཐུག་པའི། འོ་དེ་ཁ་ཆེམས་གོ་མི་རྩི་ལ་ལགས། དེ་ནས་ཁོ་ཤི་རི་གཅིག་ཀ་འོ་དེ་རྩི་ལ་ལགས།

18 འོ་བྱས་རེ་དམ་བཅའ་དང་པོ་གོའང་ཁྲག་མེད་ད་ལ་མ་བརྩིས་བ་ལགས།

19 མོ་ཤེ་ཡིས་ཆོས་ཁྲིམས་ཀྱི་བཀའ་རེ་རེ་མི་གི་རི་ལ་སྒྲོག་ཚར་ཏེ། ཁོས་བི་དང་ར་ཀྱ་ཡི་ཁྲག་དང་ཆུ་བསྲེས་བ་ལགས། དེ་ནས་ཁུ་ལུ་དམར་བོ་དང་ཧི་སོབ་སྨྲ་གིན་རྩི་ཤིང་གོ་འོ་དེ་ཁྲག་ལ་སྦངས་རེ་ཆོས་ཁྲིམས་ཀྱི་དཔེ་ཆ་དང་། མི་ཀྱ་ཡི་ཁར་ལ་གཏོར་པ་ལགས།

20 དེ་ནས་ཁོང་གིས་དེ་རེ་གསུངས་བ་ལགས། དཀོན་མཆོག་གིས་ཁྱེད་ཀྱ་ལ་བཀའ་གནང་ན་དམ་བཅའ་འི་ཁྲག་གོ་དེ་ལགས།

21 དེ་རེ་རང་བྱས་རེ་ཁོའི་གུར་ཁང་དང་མཆོད་པའི་སྣོད་ཆས་གི་རིའི་ཁར་ལ་ཁྲག་གོ་གཏོར་པ་ལགས།

22 དངོས་གནས་བྱེད་ན་ཆོས་ཁྲིམས་ལ་རྟེན་ན། གི་རི་ཁྲག་གི་ཐོག་ནས་གཙང་མ་བྱེད་ད་ལགས། དེ་ནས་ཁྲག་མ་བླུས་བ་སྡིག་པ་ཀྱ་སེལ་ཡས་མེད་ད་ལགས།

23 ནམ་མཁའི་ཞིང་ཁམས་ཀྱི་དཔེ་ལ་འོད་ཀྱིན་གུར་ཁང་དང་། དེ་ནང་ལ་འོད་ཀྱིན་གི་རི་ལ་དམར་མཆོད་ཀྱིས་གཙང་མ་བྱེད་དགོས། ཡིན་ནའང་དཀོན་མཆོག་གི་ཞིང་ཁམས་རུ་འོད་ཀྱིན་ཀྱ་ལ་དེ་ལས་ལྷག་དམར་མཆོད་བཟང་ང་དགོས་བ་ལགས།

24 མཱ་ཤི་ཀ་ནི་དམ་པའི་གནས་ས་དངོས་གནས་ཀྱི་དཔེ་ཡིན་གྱིན་མི་ཡིས་ལག་པས་བཟོས་ས་གུར་ཁང་ནང་ལ་མ་ཕེབས་པ་ལགས། ཡིན་ནའང་འོ་རི་ཚབ་ལ་ད་ལྟ་དཀོན་མཆོག་གི་དྲུང་དུ་མཇལ་ཡས་ལ་ཁོང་པ་ནམ་མཁའི་ཞིང་ཁམས་དུ་རང་ཕེབས་པ་ལགས།

25 གཙོ་མཆོད་དཔོན་རང་གི་མིན་གྱིན་ཁྲག་ཁྱེར་ཏེ་ལོ་རེ་རེ་ལ་དམ་པའི་དམ་པ་གནས་ས་རུ་ཕེབས་ཀྱིན་ཅོག་རེ། མཱ་ཤི་ཀ་ནམ་མཁའི་ཞིང་ཁམས་དུ་རང་ལ་ཡང་ཡང་འབུལ་ཡས་ལ་ཕེབས་པ་མ་ལགས།

26 དེ་རེ་མིན་ན་འཇིག་རྟེན་བཀོད་ནས་ཧ་ལ་ཁོང་པ་ཡིས་ཡང་ཡང་སྡུག་པོ་མྱངས་དགོས་ཡས་འོད་ད་ལགས། ཡིན་ནའང་ཁོང་པ་རང་གི་དམར་མཆོད་ཀྱི་ཐོག་ནས་སྡིག་པ་གི་རི་སེལ་ཡས་ཀྱི་ཕྱིར་ལ། ཐེངས་གཅིག་ལ་རང་གི་རིའི་ཆེད་དུ་དེ་དུས་ཀྱི་མཐའ་ལ་མངོན་མཛད་པ་ལགས།

27 ཡང་མི་ཀྱ་ཐེངས་གཅིག་ཤི་དགོས་བ་ལགས། དེ་ནས་འོ་དེ་གཤམ་ནས་ཁྲིམས་གཅོད་འོང་གིན་ཅོག་རེ།

28 མཱ་ཤི་ཀ་མི་མང་ང་ཡི་སྡིག་པ་འཁུར་ཡས་ལ་ཐེངས་གཅིག་ལ་རང་དམར་མཆོད་བྱུང་བ་ལགས། དེ་ནས་སྡིག་པ་འཁུར་ཡས་ཀྱི་ཆེད་དུ་མིན་ད། ཡིན་ནའང་ཁོང་པ་ལ་སྒུག་སྟེ་བསྡད་ད་ཀྱ་ལ་སྐྱོབ་ཡས་ཀྱི་ཆེད་དུ། ཁོང་པ་ཡང་ཐེངས་གཉིས་བ་མངོན་མཛད་ཀྱི་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan