ཨིབ་རི་པ། 8 - གློ་བ།དམ་བཅའ་གསར་པའི་གཙོ་མཆོད་དཔོན། 1 ད་འི་ཀིས་སྨྲས་ན་ལབ་ཀྱི་དོན་གཙོ་གོ་དེ་ལགས། ནམ་མཁའི་ཞིང་ཁམས་དུ་བླ་ན་མེད་པའི་དཀོན་མཆོག་གི་བཞུགས་ཁྲིའི་གཡས་ཕྱོགས་ལ་བཞུགས་ཞ་ཁོང་པ་གོ་འོ་རི་གཙོ་མཆོད་དཔོན་ལགས། 2 དེ་ནས་མི་ཀྱ་ཡིས་མིན་ད་ཡིན་ནའང་དཀོན་མཆོག་གིས་བཙུགས་མཛད་ཛ། དངོས་གནས་གུར་ཁང་གི་དམ་པའི་དམ་པ་གནས་ས་རུ་ཁོང་པ་ཞབས་ཕྱི་ཞུ་བ་མཛད་ད་ལགས། 3 གཙོ་མཆོད་དཔོན་འོད་ལེ་གོ་མཆོད་པ་དང་དམར་མཆོད་ཀྱ་འབུལ་ཡས་ཀྱི་ཆེད་དུ་བསྐོས་བ་ལགས། འོ་བྱས་རེ་འོ་དེ་གཙོ་མཆོད་དཔོན་ལའང་མཆོད་པ་འབུལ་ཡས་རེ་དགོས་བ་ལགས། 4 དེ་ནས་ཁོང་པ་འདི་འཇིག་རྟེན་ལ་བཞུགས་འོད་ན། ཁོང་པ་གཙོ་མཆོད་དཔོན་འོང་ཡས་རང་མེད། གི་བྱས་རེ་སྨྲ་ན་ཆོས་ཁྲིམས་ལ་རྟེན་ཏེ་མཆོད་པ་འབུལ་གྱིན་མཆོད་དཔོན་ཀྱ་འོ་དུ་རུ་ཨེན་དུ་རུ་འོད་ད་ལགས། 5 འོ་དེ་མཆོད་དཔོན་ཀྱ་ནམ་མཁའི་ཞིང་ཁམས་ཀྱི་གནས་ས་ཡི་དཔེ་དང་། གྲིབ་ཇག་ཡིན་གྱིན་དམ་པའི་དམ་པ་གནས་ས་རུ་ཞབས་ཕྱི་ཞུ་བ་ལགས། གི་བྱས་རེ་སྨྲ་ན་མོ་ཤེ་ཡིས་དམ་པའི་གུར་ཁང་གོ་བཟོ་ཡས་བྱེད་ད་རང་། དཀོན་མཆོག་གིས་དེ་རེ་བཀའ་མཛད་པ་ལགས། རི་རུ་ཁྱོད་ལ་སྟོན་གྱིན་དཔེ་ལ་རྟེན་ཏེ་ཁྱོས་དེ་གི་རི་བཟོས། 6 ཡིན་ནའང་ད་འོ་རི་གཙོ་མཆོད་དཔོན་ཡེ་ཤུ་ལ་ད་ལྟ་མཆོད་དཔོན་རྙིང་པའི་ལས་འགན་ནས་ལྷག་ཞབས་ཕྱི་བཟང་ང་ཐོབ་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁོང་པ་འོ་རི་ཆེད་དུ་དཀོན་མཆོག་མུ་ལ་དམ་བཅའ་བཟང་ང་ཡི་བར་མི་མཛད་ད་ལགས། འདི་དམ་བཅའ་གོ་ཆོད་དམ་བཟང་ང་ཀྱ་ལ་རྟེན་ད་ལགས། 7 དམ་བཅའ་དང་པོ་གོ་སྐྱོན་མེད་ཀྱིན་འོད་ན་དམ་བཅའ་གཉིས་བ་གོ་དགོས་ཡས་མེད་ད་ལགས། 8 གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་མི་ཀྱ་ཡི་སྐྱོན་ཀྱ་སྟོན་ད་མཛད་དེ་གསུངས་ང་ལགས། གཙོ་བོ་གསུངས་ང་ལགས། ངས་ཡིས་ར་ཨེལ་གྱི་ནང་མི་དང་ཡ་ཧུ་དཱའི་ནང་མུ་མུ་ལ། དམ་བཅའ་གསར་པ་གཅིག་འཛུགས་ཀྱིན་ཉིན་མ་གོ་ཀྱ་སླེབ་ཀྱི་ལགས། 9 དེ་ནས་ང་ཡིས་ཁོང་ཀྱ་ཡི་དང་པོའི་ཕ་མ་ཀྱ་ལ་ཁོང་ཀྱ་ཡི་ལག་པ་ནས་ཟིམ་ཏེ་ཨེ་ཇེབ་ཡུལ་ནས་འཁྲིད་བ་རང་། ཁོང་ཀྱ་མུ་ལ་བཞག་ཞ་དམ་བཅའ་ཅོག་རེ་མ་ལགས། ཁོང་ཀྱ་ཡིས་ངའི་དམ་བཅའ་མ་བསྲུངས་བ། ངས་འང་ཁོང་ཀྱ་ལ་ཡ་མ་བྱས་གསུངས་རེ་གཙོ་བོ་ཡིས་གསུངས་ང་ལགས། 10 གཙོ་བོ་གསུངས་ང་ལགས། འོ་དེ་ཉིན་མ་གོ་གཤམ་ནས་ང་ཡིས་ར་ཨེལ་གྱི་ནང་མི་མུ་ལ་དམ་བཅའ་འདི་བཅུག་ཡས་ཡིན། ང་ང་རི་ཆོས་ཁྲིམས་ཁོང་ཀྱ་ཡི་བློ་ལ་བཞག་ཡས་ཡིན། དེ་ནས་ཁོང་ཀྱ་ཡི་སེམས་ལ་འབྲི་ཡིས་ཡིན། ང་ཁོང་ཀྱ་ཡི་དཀོན་མཆོག་འབྱུང་ཡས་ཡིན། དེ་ནས་ཁོང་ཀྱ་ངའི་མི་དམངས་འབྱུང་གི་ལགས། 11 དཀོན་མཆོག་ལ་ངོ་ཤེས་དགོས་སྨྲས་རེ་ད་སུས་འང་རང་གི་ཁྱིམ་མཚེས་དང་ཡང་ན་རང་གི་སྤུན་ཟླ་ཀྱ་ལ་བསླབ་མེད་དགོས། གི་བྱས་རེ་སྨྲ་ན་ཆུང་ང་ནས་ཆེ་ཐུག་པའི་ཁོང་ཀྱ་གི་རི་ཡིས་ང་ལ་ངོ་ཤེས་ཀྱི་ལགས། 12 ང་ཁོང་ཀྱ་ཡི་ལས་ངན་ཀྱ་ལ་དགོངས་ཡངས་སྟེར་ཡས་ཡིན། དེ་ནས་ཁོང་ཀྱ་ཡི་སྡིག་པ་ཀྱ་ནམ་མའང་དྲན་གསོ་བྱེད་ཡས་མིན། 13 འདི་དམ་བཅའ་དེ་ལ་གསར་པ་གསུངས་ང་མཛད་དེ་ཁོང་གིས་དམ་བཅའ་དང་པོ་གོ་ལ་རྙིང་པ་མཛད་ད་ལགས། དེ་ནས་རྙིང་པ་དང་དུས་ཚོད་རྫོགས་ཛ་གོ་མགྱོགས་བ་ཡལ་རེ་འགྲོ་གི་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.