ཨིབ་རི་པ། 7 - གློ་བ།གཙོ་མཆོད་དཔོན་མེལ་ཀི་ཟེ་དེག་གི་སྐོར། 1 ཨབ་ར་ཧམ་དམག་འཐྲབས་ཏེ་རྒྱལ་རེ་ལོག་སྟེ་འོངས་བ་རང་། སཱ་ལེམ་གྱི་རྒྱལ་བོ་དང་བླ་ན་མེད་པའི་དཀོན་མཆོག་གི་མཆོད་དཔོན་མེལ་ཀི་ཟེ་དེག་ལ་ཐུག་པ་ལགས། དེ་ནས་ཁོང་གིས་ཨབ་ར་ཧམ་ལ་བྱིན་རླབས་གནང་བ་ལགས། 2 དེ་ནས་ཁོང་ལ་རང་ཨབ་ར་ཧམ་གྱིས་རང་ལ་འོད་ཀྱིན་གི་རིའི་བརྒྱ་ཆ་བཅུ་ཕུལ་བ་ལགས། མེལ་ཀི་ཟེ་དེག་གི་མཚན་གྱི་དོན་ནི་དང་པོ་དྲང་བདེན་གྱི་རྒྱལ་བོ་ལགས། དེ་ནས་སཱ་ལེམ་གྱི་རྒྱལ་བོ་སྨྲས་རེའང་སྨྲ་ལགས། དེའི་དོན་ནི་ཞི་བདེའི་རྒྱལ་བོ་ལགས། 3 ཁོང་གི་ཨ་རྒས་དང་། ཨ་མ་དང་། རིགས་རྒྱུད་དང་། སྐྱེས་ཀྱིན་གྱི་དུས་ཡང་ན་གྲོངས་ཀྱིན་གྱི་དུས་ཀྱི་སྐོར་ལ་གིའང་མེད་ད་ལགས། ཡིན་ནའང་ཁོང་ནི་དཀོན་མཆོག་གི་སྲས་ཅོག་རེ་དུས་གཏན་གྱི་མཆོད་དཔོན་ལགས། 4 ཁོང་ནི་ག་རེ་ཁག་ཆེ་འོད་ཀྱིན་གོ་ལྟོས་དང་། དང་པོའི་མེ་མེ་ཨབ་ར་ཧམ་གྱིས་འང་དམག་འཐྲབས་ཏེ་ཐོབ་ཐ་གི་རིའི་བརྒྱ་ཆ་བཅུ་ཁོང་ལ་ཕུལ་བ་ལགས། 5 དེ་ནས་མོ་ཤེའི་ཆོས་ཁྲིམས་ནང་ལ་མཆོད་དཔོན་གྱི་གོ་ས་ཐོབ་ཐ་ལེ་ཝིའི་བརྒྱུད་པ་ཀྱ་ལ་རང་གི་སྤུན་ཡིས་ར་ཨེལ་པ་ཀྱ་ནས་བརྒྱ་ཆ་བཅུ་སྡུད་ཡས་ཀྱི་བཀའ་འོད་ད་ལགས། དེ་ནས་ཁོང་ཀྱའང་ཨབ་ར་ཧམ་གྱི་བུ་ཕྲུག་ལགས། 6 ཡིན་ནའང་ལེ་ཝིའི་བརྒྱུད་པ་ནས་མིན་མཁན་མེལ་ཀི་ཟེ་དེག་གིས་ཨབ་ར་ཧམ་ནས་བརྒྱ་ཆ་བཅུ་བསྡུས་བ་ལགས། དེ་ནས་དཀོན་མཆོག་གི་དམ་བཅའ་ཐོབ་ཐ་ཨབ་ར་ཧམ་ལ་ཁོས་བྱིན་རླབས་གནང་བ་ལགས། 7 ཆུང་ང་ལ་ཆེ་ནས་བྱིན་རླབས་ཐོབ་ཀྱིན་ལ་འཐབ་དགོས་ཡས་གིའང་མེད་ད་ལགས། 8 ཕྱོགས་གཅིག་ནས་ཤི་རི་འགྲོ་ཡས་ཡིན་གྱིན་མཆོད་དཔོན་ཀྱ་ཡིས་བརྒྱ་ཆ་བཅུ་སྡུད་ལ་ལགས། དེ་ནས་ཕྱོགས་གཞན་མ་ནས་དུས་གཏན་དུ་གསོན་པོ་གནས་ཀྱིན་མེལ་ཀི་ཟེ་དེག་གིས་བརྒྱ་ཆ་བཅུ་སྡུད་ལ་ལགས། 9 རིང་འགའ་ཡིས་དེ་རེའང་སྨྲ་སྲིད་ཀྱི་ལགས། བརྒྱ་ཆ་བཅུ་ཐོབ་ཀྱིན་ལེ་ཝི་ཁོ་རང་གིས་འང་ཨབ་ར་ཧམ་གྱི་ཐོག་ནས་བརྒྱ་ཆ་བཅུ་ཕུལ་བ་ལགས། 10 གི་བྱས་རེ་སྨྲ་ན་མེལ་ཀི་ཟེ་དེག་གིས་ཨབ་ར་ཧམ་ལ་ཐུག་བ་རང་ལེ་ཝི་དང་ཁོའི་བརྒྱུད་པ་གོ་ཁོ་རི་དང་པའི་ཕམ་པའི་ལུས་ནང་དུ་རང་འོད་ད་ལགས། ཡེ་ཤུ་དང་མེལ་ཀི་ཟེ་དེག། 11 ད་མི་མང་ཀྱ་ལ་གནང་ན་ཆོས་ཁྲིམས་ལ་བརྟེན་ཏེ་ལེ་ཝི་མཆོད་དཔོན་གྱི་གོ་ས་ཐོག་ནས་ཕུན་སུམ་ཚོགས་པ་ཐོབ་ཡས་ཡིན་ན། ཨ་རོན་གྱི་བརྒྱུད་པ་ནས་མིན་ད། མེལ་ཀི་ཟེ་དེག་ཅོག་རེ་གཞན་མ་མཆོད་དཔོན་བྱུང་དགོས་ཡས་འོད་ད་ལགས་སེ། 12 གི་བྱས་རེ་སྨྲ་ན་མཆོད་དཔོན་གྱི་གོ་ས་རྗེ་ལ་རང་ཆོས་ཁྲིམས་གོའང་རྗེ་དགོས། 13 ད་འི་ཀིས་ཤེས་ཀྱིན་མཆོད་དཔོན་དེ་ནི་བརྒྱུད་པ་གཞན་མ་ནས་ལགས། དེ་ནས་དེ་བརྒྱུད་པ་ནས་སུས་འང་ནམ་མའང་མཆོད་ཁྲི་ལ་ཞབས་ཕྱི་ཞུ་མ་མྱོང་ང་ལགས། 14 གི་བྱས་རེ་སྨྲ་ན་འོ་རི་གཙོ་བོ་ནི་ཡ་ཧུ་དཱ་ཡི་བརྒྱུད་པ་ནས་ལགས་སྨྲས་རེ་གསལ་བོ་འོད་ད་ལགས། དེ་ནས་བརྒྱུད་པ་འདི་ནས་མཆོད་དཔོན་བྱུང་གིན་གྱི་སྐོར་ལ་མོ་ཤེ་ཡིས་གིའང་མ་གསུངས་འོད་ད་ལགས། 15 ད་མེལ་ཀི་ཟེ་དེག་ཅོག་རེ་མཆོད་དཔོན་འབྱུང་ཡས་འོད་ན། འདི་ལབ་དེ་ཡོལ་ལེ་གསལ་བོ་བྱུང་ང་ལགས། 16 གི་བྱས་རེ་སྨྲ་ན་མི་དེ་ཆོས་ཁྲིམས་ཀྱི་བཀའ་ལ་ཅོག་རེ་བརྒྱུད་པ་ལ་བརྟེན་ཏེ་མིན་ད། ཡིན་ནའང་མེད་ད་ལ་འགྲོ་ཡས་མེད་ཀྱིན་ཚེའི་ནུས་མཐུ་ལ་བརྟེན་ཏེ་མཆོད་དཔོན་བྱུང་བ་ལགས། 17 གི་བྱས་རེ་སྨྲ་ན་ཁོང་པའི་སྐོར་ལ་དེ་རེ་གསུངས་འདུག། མེལ་ཀི་ཟེ་དེག་ཅོག་རེ། ཁྱོད་འང་དུས་གཏན་གྱི་ཆེད་དུ་མཆོད་དཔོན་ལགས། 18 ཨེན་མའི་བཀའ་གོ་སྐྱོ་བ་དང་ཕན་ཐོགས་མེད་ཀྱིན་བྱས་རེ་ལག་ལེན་མ་བཏང་བ་བཞག་འོད་ད་ལགས། 19 གི་བྱས་རེ་སྨྲ་ན་ཆོས་ཁྲིམས་ཀྱིས་གིའང་ཕུན་སུམ་ཚོགས་པ་མ་བཟོས་བ་ལགས། ཡིན་ནའང་དེ་ལས་ལྷག་རེ་བ་བཟང་ང་ཞིག་གནང་འོད་ད་ལགས། དེ་ནས་དེའི་སྒོ་ནས་འོ་རང་དཀོན་མཆོག་གི་ཉེ་འགྲམ་ལ་སླེབ་བ་ལགས། 20 དེ་ནས་དཀོན་མཆོག་གིས་ཡེ་ཤུ་ལ་དབུ་མནའ་བཞེས་རེ་མཆོད་དཔོན་མཛད་པ་ལགས། ཡིན་ནའང་མི་གཞན་མ་ཀྱ་ལ་མནའ་མ་བཞེས་བ་མཆོད་དཔོན་བསྐོས་བ་ལགས། 21 ཡིན་ནའང་ཁོང་པ་ལ་དབུ་མནའ་བཞེས་བ་མཛད་དེ་མཆོད་དཔོན་བསྐོས་བ་ལགས། དེ་ནས་ཁོང་པའི་སྐོར་ལ་དཀོན་མཆོག་གིས་དེ་རེ་གསུངས་ང་མཛད་པ་ལགས། དཀོན་མཆོག་གིས་དབུ་མནའ་བཞེས་མཛད་འདུག། དེ་ནས་ཁོང་གི་སེམས་བསྒྱུར་ར་མཛད་ཀྱི་མ་ལགས། ཁྱོད་ནི་དུས་གཏན་གྱི་ཆེད་དུ་མཆོད་དཔོན་ལགས། 22 དབུ་མནའ་དེའི་བྱས་རེ་ཡེ་ཤུ་ནི་དམ་བཅའ་བཟང་ང་ཡི་འགན་བཞེས་ཀྱིན་བྱུང་ང་ལགས། 23 ཨེན་མ་མཆོད་དཔོན་ཀྱ་ཡི་གྲངས་ཀ་མང་ང་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་གྲོངས་རེ་སོང་རེ་རང་གི་མཆོད་དཔོན་གྱི་ལས་ཀ་ལ་གནས་མ་ཐུབ་པ་ལགས། 24 ཡིན་ནའང་ཡེ་ཤུ་གཏན་དུ་གསོན་པོ་གནས་ཀྱིན་བྱས་རེ་ཁོང་པའི་མཆོད་དཔོན་གྱི་ལས་འགན་གོ་དུས་གཏན་དུ་གནས་ལ་ལགས། 25 འོ་བྱས་རེ་ཡེ་ཤུའི་ཐོག་ནས་དཀོན་མཆོག་གི་དྲུང་དུ་འོང་གིན་ཀྱ་ལ་ཁོང་པ་ཡིས་དུས་གཏན་གྱི་ཆེད་དུ་ཐར་པ་མཛད་ཐུབ་བ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཁོང་ཀྱ་ཡི་དོན་དུ་ཞུ་བ་འབུལ་ཡས་ལ་ཙོག་བའི་གསོན་པོ་གནས་ལ་ལགས། 26 དེ་ནས་དམ་པ་དང་། སྐྱོན་མེད་ཀྱིན་དང་། གཙང་མ་དང་། སྡིག་ཅན་ཀྱ་ནས་ཁ་བྲལ་བྲ་དང་། ནམ་མཁའི་ཞིང་ཁམས་ནས་མཐོ་བ་མཛད་ཛ་གཙོ་མཆོད་དཔོན་གཅིག་འོ་རང་ལ་འོང་དགོས་ཡས་འོད་ད་ལགས། 27 དེ་ནས་གཞན་མ་གཙོ་མཆོད་དཔོན་ཀྱ་ཅོག་རེ་ཁོང་པ་ཡིས་ཨེན་ལ་རང་གི་ཆེད་དུ། དེ་ནས་གཤམ་ལ་གཞན་མ་ཀྱ་ཡི་སྡིག་པའི་ཆེད་དུ་ཙོག་བའི་དམར་མཆོད་འབུལ་དགོས་ཡས་མེད་ད་ལགས། དེ་ནས་ཁོང་པ་ཡིས་རང་གི་སྲོག་འབུལ་ལ་རང་ཐེངས་གཅིག་ལ་གི་རིའི་སྡིག་པ་ཀྱ་ཡི་ཆེད་དུ་དམར་མཆོད་གཅིག་ཕུལ་བ་ལགས། 28 གི་བྱས་རེ་སྨྲ་ན་ཆོས་ཁྲིམས་ཀྱི་མི་སྐྱོ་བ་ཀྱ་ལ་གཙོ་མཆོད་དཔོན་བསྐོས་ལ་ལགས། ཡིན་ནའང་དུས་གཏན་གྱི་ཆེད་དུ་ཕུན་སུམ་ཚོགས་པ་མཛད་ཛ་དཀོན་མཆོག་གི་སྲས་ལ། ཆོས་ཁྲིམས་ནས་ཞུག་ལ་འོངས་བ་དབུ་མནའ་ཡི་བཀའ་ཡི་ཐོག་ནས་ཁོང་པ་ལ་གཙོ་མཆོད་དཔོན་བསྐོ་མཛད་པ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.