Biblia Todo Logo
Bìoball air-loidhne

- Sanasan -

ཨིབ་རི་པ། 6 - གློ་བ།

1 འོ་བྱས་རེ་འོ་རང་མཱ་ཤི་ཀའི་རྨང་གཞིའི་བསླབ་བྱ་ཀྱ་ལ་ལྡབ་ལེ་ཀུལ་ལེ་སྦྱང་ཡས་ལ་མཚམས་བཞག་སྟེ། ཡིན་ནའང་བསླབ་བྱ་གཏིང་རིང་ང་ཀྱ་སྦྱང་ཡས་ཕྱོགས་ལ་འགྲོའོ། འཆི་བ་ལ་འཁྲིད་ཀྱིན་ལས་ཀ་ཀྱ་ལ་འགྱོད་པ་བྱེད་ཡས་དང་། དཀོན་མཆོག་ལ་དད་པ་བྱེད་ཡས་ཅོག་རེ་བསླབ་བྱ་ཀྱ་ཡི་རྨང་གཞི་གོ་འོ་རང་ལྡབ་ལེ་གཏིང་དགོས་ཡས་མེད་ད་ལགས།

2 དེ་ནས་ཁྲུས་གསོལ་དང་། ལག་པ་བཞག་ཡས་དང་། འཆི་བ་ནས་སླར་གསོན་ཡས་དང་། མཐའ་མེད་པའི་ཁྲིམས་གཅོད་ཀྱ་ཡི་སྐོར་ལ་བསླབ་བྱ་ཀྱ་ལྡབ་ལེ་བསླབས་དགོས་ཡས་མེད་ད་ལགས།

3 དེ་ནས་དཀོན་མཆོག་གི་ཐུགས་དགྱེས་ན། འོ་རང་དེ་རེ་བྱེད་དོ།

4 གི་བྱས་རེ་སྨྲ་ན་ཐེངས་གཅིག་དཀོན་མཆོག་གི་འོད་ཐོབ་ཚར་ས་དང་། ནམ་མཁའི་ཞིང་ཁམས་ཀྱི་གནང་སྦྱིན་གོ་ཉམས་མྱོང་བྱས་ཚར་ས་ཀྱ་དང་། དམ་པའི་ཐུགས་ཉིད་ཀྱི་སྐལ་ད་འབྱོར་ཚར་ས་ཀྱ།

5 དང་དཀོན་མཆོག་གི་བཀའ་བཟང་ང་དང་། མ་འོངས་པར་གྱི་དུས་ཚོད་ཀྱི་ནུས་མཐུའི་བྲོ་བ་ལེན་ཚར་ས་ཀྱ།

6 དད་པ་ནས་ལོག་ན། ཡང་ད་སེམས་བསྒྱུར་ཏེ་འགྱོད་པ་བྱེད་རུ་བཅུག་ཡས་དེ་འོང་ཐུབ་ཡས་རང་མེད་ད་ལགས། གི་བྱས་རེ་སྨྲ་ན་འོ་རེ་མི་ཀྱ་ཡིས་དཀོན་མཆོག་གི་སྲས་ལ་ལྡབ་ལེ་རྒྱང་ཤིང་ཁར་ལ་བརྐྱངས་ཀྱིན་ཅོག་རེ་ལགས། དེ་ནས་གི་རིའི་གདོང་དུ་ཁོང་པ་ཡི་ངོ་ཚ་པབ་བ་ལགས།

7 དཔེ་ལ་བཞག་ན་ཆར་ཆུ་ལྡབ་ལེ་ལྡབ་ལེ་འཐུང་རེ་ཞིང་པ་ཀྱ་ལ་ལོ་ཐོག་དགའ་སྟེར་གྱིན་ས་གཞི་ལ་དཀོན་མཆོག་གི་བྱིན་རླབས་འཐོབ་བ་ལགས།

8 ཡིན་ནའང་འོ་དེ་ས་གཞི་གིས་ཚེར་མ་དང་ཡུར་མ་སྐྱེས་ན། འོ་དེ་ཕན་མེད་ཀྱིན་དང་དམོད་མོ་ཕོག་ཡས་ཀྱི་ཉེན་ཁ་འོད་ད་ལགས། དེ་ནས་མཐའ་ལ་འོ་དེ་མེ་ཡིས་བསྲགས་ཀྱི་ལགས།

9 གཅེས་བའི་ཀྱ་བོ། འེ་ཀྱ་ཡིས་དེ་རེ་ལབ་བཏང་ནའང་། ཁྱེད་ཀྱ་ལ་ཐར་པ་ལ་འཐུན་གྱིན་དོན་བཟང་ང་ཀྱ་འཐོབ་འོད་ད་ལགས་སྨྲས་རེ་འེ་ཀྱ་ལ་ཡིད་ཆེས་བརྟན་པོ་འོད།

10 གི་བྱས་རེ་སྨྲ་ན་དཀོན་མཆོག་ནི་མེད་དྲང་ང་མེད་ད་ལགས། ཁྱེད་ཀྱ་ཡིས་བྱས་ཀྱིན་ལས་བཟང་ང་ཀྱ་དང་། ཁྱེད་ཀྱ་ཡིས་ཁོང་པ་ལ་བརྩེ་བ་བྱེད་ཀྱིན་བྱས་རེ་ཨེན་མ་དམ་པའི་མི་ཀྱ་ལ་ཞབས་ཏོག་ཕུལ་པ་དང་། དེ་ནས་ད་ལྟའང་བྱེད་ཀྱིན་དེ་ལ་དཀོན་མཆོག་གིས་བརྗེད་ད་མཛད་ཀྱི་མ་ལགས།

11 ཁྱེད་ཀྱིས་རེ་བ་བྱས་བྱ་གོ་དངོས་གནས་སྒྲུབ་ཡས་ཀྱི་ཆེད་དུ། ཁྱེད་ཀྱ་རེ་རེ་ཡིས་མཐའ་ཐུག་པའི་དེ་རེ་རང་བྱས་རེ་བརྩོན་འགྲུས་བྱེད་ད་ཤོག་སྨྲས་རེ་འེ་ཀྱ་འདོད་འདིག་འོད།

12 དེ་ནས་ཁྱེད་ཀྱ་ལས་མེད་ལམ་གྱིན་མ་བྱུང་བ། ཡིན་ནའང་དད་པ་དང་བཟོད་པའི་སྒོ་ནས་དཀོན་མཆོག་གི་དམ་བཅའ་ཐོབ་ཐ་ཀྱ་ཅོག་རེ་བྱུང་གིན་གོ་འེ་ཀྱ་འདོད་འདིག་འོད།


དཀོན་མཆོག་གི་དམ་བཅའ་བརྟན་བརྟན་འོད་ཀྱིན་གྱི་སྐོར།

13 དཀོན་མཆོག་གིས་ཨབ་ར་ཧམ་ལ་དམ་བཅའ་མཛད་ད་རང་རང་ལ་ཆེ་སུའང་མེད་ད། ཁོང་པ་ཡིས་རང་ལ་དཔང་པོ་བཙུགས་ཏེ་དམ་བཅའ་འདི་མཛད་པ་ལགས།

14 ང་དངོས་གནས་ཁྱོད་ལ་བྱིན་རླབས་སྟེར་ཡས་ཡིན། དེ་ནས་ཁྱོའི་བུ་རྒྱུད་ལ་འཕེལ་རུ་བཅུག་ཡས་ཡིན།

15 དེ་ནས་ཨབ་ར་ཧམ་གྱིས་བཟོད་པ་བྱས་རེ་བསྒུགས་ཏེ་འོ་དེ་དམ་བཅའ་གོ་ཐོབ་པ་ལགས།

16 མི་ཀྱ་མནའ་བསྐྱལ་ལི་གང་ལ་རང་ལ་ཆེ་གཅིག་དཔང་པོ་བཙུགས་ཏེ་མནའ་བསྐྱལ་ལ་ལགས། དེ་ནས་ཁོང་ཀྱ་ཡིས་རྙོག་གྲ་གི་རི་མནའ་ནས་རང་ཐག་བཅད་ད་ལགས།

17 དེ་རེ་བྱས་རེ་དཀོན་མཆོག་གིས་འང་རང་གི་དམ་བཅའ་ཐོབ་ཐ་ཀྱ་ལ་རང་གི་ཐུགས་དགོངས་འགྱུར་བ་མེད་ཀྱིན་གོ། གསལ་བོ་སྟོན་མཛད་ཡས་ཀྱི་ཆེད་དུ་དབུ་མནའ་བཞེས་པ་ལགས།

18 དཀོན་མཆོག་གི་འགྱུར་བ་མེད་ཀྱིན་དམ་བཅའ་དང་། མནའ་གཉིས་ཀ་ར་གནང་ང་མཛད་པ་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་ཟོག་གསུངས་ང་མེད་མཛད་ད་ལགས། འོ་བྱས་རེ་འོ་རང་ཁོང་པ་ནས་སྐྱབས་ཐོབ་ཐ་ཀྱ་འོ་རི་གདོང་དུ་འོད་ཀྱིན་རེ་བ་གོ་ལ། བརྟན་པོ་མ་སྲུང་ཡས་ལ་སེམས་ཤུགས་ཆེ་ཐོབ་འོད་ད་ལགས།

19 རེ་བ་དེ་ནི་སེམས་ཀྱི་གཏིང་རྡོ་ཅོག་རེ་སྲ་དང་བརྟན་པོ་འོད་ད་ལགས། དེ་ནས་དེ་ཡིས་འོ་རང་ལ་མཆོད་ཁང་ནང་གི་ཡོལ་བ་ནས་དཀོན་མཆོག་གི་དམ་པའི་གནས་ས་རུ་འཁྲིད་བ་ལགས།

20 དེ་ནས་འདི་ནང་དུ་ཡེ་ཤུ་ཨེན་ལ་རང་འོ་རི་ཚབ་ལ་ཕེབས་ཚར་ལགས། དེ་ནས་ཁོང་པ་ནི་མེལ་ཀི་ཟེ་དེག་ཅོག་རེ་འོ་རི་ཆེད་དུ་མཐའ་མེད་པའི་གཙོ་མཆོད་དཔོན་བྱུང་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan