ཨིབ་རི་པ། 5 - གློ་བ།1 གཙོ་མཆོད་དཔོན་རེ་རེ་མི་ཀྱ་ཡི་ཁོག་ནས་བདམས་མ་ལགས། དེ་ནས་ཁོང་ཀྱ་མི་ཀྱ་ཡི་ཆེད་དུ་དཀོན་མཆོག་ལ་མཆོད་པ་དང་། སྡིག་བཤགས་ཀྱི་དམར་མཆོད་འབུལ་ཡས་ཀྱི་ཆེད་དུ་བསྐོས་ལ་ལགས། 2 དེ་ནས་ཁོ་ཁོ་རང་ཐབ་སྐྱོ་བ་འོད་ཀྱིན་བྱས་རེ་འོ་རེ་མེད་ཤེས་ཀྱིན་དང་། ལམ་ནོར་ན་མི་ཀྱ་མུ་ལ་འཇམ་པོ་མ་འབྲེལ་བ་བྱེད་ཐུབ་བ་ལགས། 3 འོ་བྱས་རེ་མི་ཀྱ་ཡི་སྡིག་པ་ཀྱ་ཆེད་དུ་གཅིག་ཀ་མིན་ད། ཁོས་ཁོ་རང་རང་གི་སྡིག་པ་ཀྱ་ཡི་ཆེད་དུའང་སྡིག་བཤགས་ཀྱི་དམར་མཆོད་འབུལ་དགོས་ལ་ལགས། 4 མི་སུས་འང་གཙོ་མཆོད་དཔོན་གྱི་གོ་ས་འདི་རང་གི་འཐད་དེ་མེད་ལེན་ད་ལགས། ཡིན་ནའང་ཨ་རོན་ལ་བོས་པ་ཅོག་རེ་ཁོ་ལ་དཀོན་མཆོག་གིས་བོས་མཛད་ད་ལགས། 5 དེ་རེ་རང་བྱས་རེ་མཱ་ཤི་ཀ་ཡིས་འང་གཙོ་མཆོད་དཔོན་འབྱུང་ཡས་ལ་རང་གི་རང་ལ་བཀུར་སྟི་མ་མཛད་པ་ལགས། ཡིན་ནའང་ཁོང་ལ་དེ་རེ་གསུངས་ཀྱིན་དཀོན་མཆོག་གིས་ཁོང་ལ་བསྐོས་བ་ལགས། ཁྱོད་ནི་ངའི་བུ་ལགས། དི་རིང་ང་ཁྱོའི་ཡབ་བྱུང་འོད། 6 གསུང་རབ་ཀྱི་ཕྱོགས་གཞན་མ་གཅིག་ལ་ཁོང་པ་ཡིས་གསུངས་ང་ལགས། མེལ་ཀི་ཟེ་དེག་ཅོག་རེ། ཁྱོད་འང་དུས་གཏན་གྱི་ཆེད་དུ་མཆོད་དཔོན་ལགས། 7 ཡེ་ཤུ་འཇིག་རྟེན་དུ་བཞུགས་བ་རང་ཁོང་པ་བཤུམས་ཏེ་གསུང་སྐད་ཆེའི་ཐོག་ནས། ཁོང་པ་ལ་འཆི་བ་ནས་སྐྱོབ་ཐུབ་མཁན་དཀོན་མཆོག་ལ་སྨོན་ལམ་དང་ཞུ་བ་ཕུལ་བ་ལགས། དེ་ནས་ཁོང་གིས་དཀོན་མཆོག་ལ་བཀུར་སྟི་ཆེ་མཛད་ཀྱིན་གྱི་རྐྱེན་གྱི་ཁོང་པ་ཡི་སྨོན་ལམ་གསན་ད་མཛད་པ་ལགས། 8 ཁོང་པ་སྲས་བྱས་རེའང་རང་གི་མྱངས་མྱ་སྡུག་པོ་ཀྱ་ཡི་སྒོ་ནས་བཀའ་ལ་ཉན་ཡས་སྦྱངས་ང་མཛད་པ་ལགས། 9 དེ་ནས་འདུག་བྱས་རེ་ཁོང་ལ་ཕུན་སུམ་ཚོག་པ་མཛད་དེ། ཁོང་པ་བཀའ་ལ་ཉན་མཁན་གི་རི་ཡི་ཆེད་དུ་ཁོང་པ་མཐའ་མེད་པའི་ཐར་པ་ཡི་འབྱུང་ཁུངས་བྱུང་བ་ལགས། 10 དེ་ནས་མེལ་ཀི་ཟེ་དེག་ཅོག་རེ་ཁོང་པ་ལ་དཀོན་མཆོག་གིས་གཙོ་མཆོད་དཔོན་བསྐོས་མཛད་པ་ལགས། དད་པ་ནས་ལོག་ཡས་ཀྱི་སྐོར་ལ་ཉེན་བརྡ། 11 དེའི་སྐོར་ལ་འེ་ཀྱ་ཁྱེད་ཀྱ་ལ་སྨྲ་ཡས་མང་ང་འོད། ཡིན་ནའང་ཁྱེད་ཀྱ་ཧ་གོ་ཡས་ལ་གྱོང་ང་བྱུང་རེ་ཁྱེད་ཀྱ་ལ་འགྲེལ་བཤད་བརྒྱབ་ན་དཀའ་ལས་འདུག། 12 གི་བྱས་རེ་སྨྲ་ན་ད་ལྟ་ཐུག་པའི་ཏ་ཁྱེད་ཀྱ་སློབ་མཁན་བྱུང་དགོས་ཡས་འོད། ཡིན་ནའང་ཁྱེད་ཀྱ་ལ་དཀོན་མཆོག་གི་བཀའ་ཡི་རྨང་གཞི་ཀྱ་ལྡབ་ལེ་སློབ་མཁན་གཅིག་དགོས་ཡས་འདུག། ཁྱེད་ཀྱ་ལ་ཟ་མ་དོག་དོག་མིན་ད་འོ་མ་དགོས་ཡས་འདུག། 13 གི་བྱས་རེ་སྨྲ་ན་འོ་མ་འཐུང་མཁན་ནི་ཕྲུ་བ་ཅོག་རེ་ཡིན་གྱིན་བྱས་རེ། ཁོ་དྲང་བདེན་གྱི་བཀའ་ལ་འཇོན་ད་མེད་ཡོང་ང་ལགས། 14 ཡིན་ནའང་ཟ་མ་དོག་དོག་ནི་མི་ནར་འགྲོ་ཉིད་ཉ་ཀྱ་ཡི་ཆེད་དུ་ལགས། ཁོང་ཀྱ་ཡིས་ཙོག་བའི་ལག་ལེན་བྱེད་ཀྱིན་གྱི་སྒོ་ནས་བཟང་ང་དང་། ངན་པའི་དབྱེ་བ་བྱེད་ཡས་ལ་མཁས་བ་བྱུང་འོད་ད་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.