ཨིབ་རི་པ། 3 - གློ་བ།ཡེ་ཤུ་ནི་མོ་ཤེ་ནས་ཁག་ཆེ། 1 འོ་བྱས་རེ་ནམ་མཁའི་ཞིང་ཁམས་དུ་མུ་ལ་བོས་པ་དམ་པའི་སྤུན་ཀྱ་བོ། འོ་རིས་ཁས་ལེན་ལ་སྐུ་ཚབ་དང་གཙོ་མཆོད་དཔོན་ཡེ་ཤུའི་སྐོར་ལ་བསམ་བློ་གཏོང་། 2 དཀོན་མཆོག་གི་ནང་མི་ཀྱ་མུ་ལ་མོ་ཤེ་བློ་གཏད་ཆོག་པ་འོད་ཀྱིན་ཅོག་རེ། ཡེ་ཤུ་ཁོང་ལ་བཀོད་མཛད་ཀྱིན་མུ་ལ་བློ་གཏད་ཆོག་པ་འོད་ད་ལགས། 3 ཁང་པ་ནས་ཁང་པ་བཟོ་མཁན་ལ་བཀུར་སྟི་ལྷག་འོད་ཀྱིན་ཅོག་རེ། མོ་ཤེ་ནས་ཡེ་ཤུ་དོ་རང་འང་ལྷག་གཟི་བརྗིད་ཆེ་བརྩིས་བ་ལགས། 4 གི་བྱས་རེ་སྨྲ་ན་ཁང་པ་རེ་རེ་ལ་རྩིག་མཁན་རེ་རེ་འོང་ང་ལགས། ཡིན་ནའང་གི་རི་རྩིག་གིན་གོ་ནི་དཀོན་མཆོག་ལགས། 5 ད་མོ་ཤེ་ནི་དཀོན་མཆོག་གི་ནང་མི་མུ་ལ་ཞབས་ཕྱི་པ་ཅོག་རེ་བློ་གཏད་ཆོག་པ་འོད་ཀྱིན་བྱས་རེ། མ་འོངས་པར་ལ་དཀོན་མཆོག་གིས་གསུང་ཡས་ཡིན་གྱིན་བཀའི་སྐོར་ལ་ཁོས་དཔང་པོ་བྱས་བ་ལགས། 6 ཡིན་ནའང་མཱ་ཤི་ཀ་ནི་དཀོན་མཆོག་གི་ནང་མི་ཁར་ལ་སྲས་ཅོག་རེ་བློ་གཏད་ཆོག་པ་འོད་ད་ལགས། ད་འོ་རི་རེ་བ་ལ་འོ་རང་སྙིང་ཆེ་བྱས། དེ་ནས་བློ་གཏད་བརྟན་པོ་བཞག་ན། འོ་རང་དཀོན་མཆོག་གི་ནང་མི་ལགས། དད་པ་མེད་ཀྱིན་གྱི་སྐོར་ལ་ཉེན་བརྡ། 7 འོ་བྱས་རེ་དམ་པའི་ཐུགས་ཉིད་ཀྱིས་གསུངས་ང་ལགས། དི་རིང་ཁྱེད་ཀྱ་ཡིས་དཀོན་མཆོག་གི་གསུང་སྐད་གོ་ན། 8 རི་སྟོང་དུ་ཚོད་ལྟའི་ཉིན་མ་ལ་ངོ་ལོག་བྱས་བྱ་ཅོག་རེ། ཁྱེད་ཀྱ་རང་གི་སེམས་གྱོང་ང་མ་བཟོ། 9 འོ་དུ་རུ་ཁྱེད་ཀྱ་ཡི་དང་པོའི་ཕ་མ་ཀྱ་ཡིས་ངའི་ཚོད་ལྟ་བྱས་བ་ལགས། དེ་ནས་ལོ་བཞི་བཅུ་ཐུག་པའི་ཁོང་ཀྱ་ཡིས་ངའི་ལས་ཀ་ཀྱ་མཐོང་བ་ལགས། 10 འོ་བྱས་རེ་ང་འོ་དེ་མི་ཀྱ་མུ་ལ་ཁྲོས་བའི། དེ་ནས་ངས་དེ་སྨྲས་བའི། ཁོང་ཀྱ་ཡི་སེམས་ཙོག་བའི་འཁོར་ཏེ་བསྡད་ད་ལགས། དེ་ནས་ཁོང་ཀྱ་ཡིས་ངའི་ལམ་ངོ་མ་ཤེས་འོད་ད་ལགས། 11 འོ་བྱས་རེ་ང་ཁོང་ཁྲོ་ལངས་རེ་ངས་མནའ་བསྐྱལ་བའི། ཁོང་ཀྱ་ངའི་ངལ་གསོ་ནང་དུ་ནམ་མའང་འཛུལ་གྱི་མ་ལགས། 12 སྤུན་ཀྱ་བོ། གཟབ་གཟབ་བྱེད། ཁྱེད་ཀྱ་ནས་རིང་འགའ་ཡི་ནང་འོད་ཀྱིན་ངན་པ་དང་། དད་པ་མེད་ཀྱིན་སེམས་ཀྱིས་བྱས་རེ་ཁྱེད་ཀྱ་ལ་གསོན་པོ་དཀོན་མཆོག་ནས་ཐག་རིང་ང་མ་འཁྲིད་བ་ཤོག། 13 ཁྱེད་ཀྱ་ནས་སུའང་སེམས་སྡིག་པའི་སླུ་བྲིད་ཡིས་གྱོང་བ་མེད་ཡོང་ཡས་ཀྱི་ཕྱིར་ལ། དི་རིང་གི་ཉིན་མ་སྨྲས་རེ་འོད་ཀྱིན་ཐུག་པའི། གཅིག་གིས་གཅིག་ལ་སློབ་གསོ་རྒྱོབ། 14 གི་བྱས་རེ་སྨྲ་ན་འོ་རང་གི་འགོ་མའི་བློ་གཏད་ལ་མཐའ་ཐུག་པའི་བརྟན་པོ་བྱས་རེ་མཐའ་འཁྱོལ་ལ་བྱེད་ན། འོ་རང་མཱ་ཤི་ཀའི་ལས་རོགས་བྱུང་ང་ལགས། 15 དམ་པའི་གསུང་རབ་ཀྱིས་གསུངས་ང་ལགས། དི་རིང་ཁྱེད་ཀྱ་ཡིས་དཀོན་མཆོག་གི་གསུང་སྐད་གོ་ན། ངོ་ལོག་གི་ཉིན་མ་ལ་ཅོག་རེ་ཁྱེད་ཀྱ་རང་གི་སེམས་གྱོང་ང་མ་བཟོ། 16 དཀོན་མཆོག་གི་གསུང་སྐད་གོ་གོ་སྟེའང་ངོ་ལོག་བྱེད་མཁན་ཀྱ་སུ་ལེ། ཁོང་ཀྱ་མོ་ཤེ་ཡིས་འཁྲིད་ཁྲ་ཨེ་ཇེབ་ཡུལ་ནས་ཐོན་མཁན་ཀྱ་མ་ལེ། 17 དེ་ནས་སུའི་མུ་ལ་ཁོང་པ་ལོ་བཞི་བཅུ་ཐུག་པའི་ཐུགས་འཁྲོ་བ་ལེ། རི་སྟོང་དུ་ཤི་རི་སོང་ས་སྡིག་པ་བྱེད་མཁན་ཀྱ་མུ་ལ་མ་ལེ། 18 བཀའ་ལ་མེད་ཉན་མཁན་ཀྱ་ཁོང་པ་ཡི་ངལ་གསོ་ཡི་ནང་ནམ་མའང་མི་འཛུལ་གྱི་ལགས་གསུངས་རེ་ཁོང་པ་ཡིས་མནའ་བསྐྱལ་མཛད་པ་མ་ལེ། 19 འོ་བྱས་རེ་ཁོང་ཀྱ་ཡི་དད་པ་མེད་ཀྱིན་གྱིས་བྱས་རེ་ཁོང་ཀྱ་ནམ་མའང་འཛུལ་མ་ཐུབ་ཐ་གོ་འོ་རང་ཤེས་ལ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.