Biblia Todo Logo
Bìoball air-loidhne

- Sanasan -

ཨིབ་རི་པ། 2 - གློ་བ།


ཐར་པའི་སྐོར་ལ་དོ་སྣང་བྱེད་དགོས།

1 འོ་བྱས་རེ་འོ་རིས་གི་གོ་ག་གོ་ལ་ཡོལ་ལེ་ལྷག་དོ་སྣང་བྱེད་དགོས་གུ་ལགས། དེ་རེ་མིན་ན་འོ་རི་ལམ་ནོར་ཡས་ཀྱི་ཉེན་ཁ་འོད།

2 ནམ་མཁའི་བང་ཆེན་ཀྱ་ཡིས་གསལ་བསྒྲགས་བྱས་བྱ་བཀའ་གོ་དངོས་གནས་ཀྱི་བདེན་པ་ཡིན་གྱིན་བྱས་རེ། ཆོས་ཁྲིམས་མི་སྲུང་མཁན་དང་བཀའ་ལ་མེད་ཉན་མཁན་ཀྱ་ཡི་ཆེད་དུ་ཐོབ་དགོས་ཡས་ཆད་པ་གོ་ཕོག་འོད་ད་ལགས།

3 ད་འོ་རིས་དེ་རེ་ཐར་པ་ཆེ་ལ་དོ་སྣང་མེད་སྟེར་ན། འོ་རང་གང་གི་བྱས་རེ་ཐར་ཡས། ཐར་པ་དེ་འགོ་མ་གོ་གཙོ་བོ་རང་གིས་གསལ་བསྒྲགས་མཛད་པ་ལགས། དེ་ནས་ཁོང་ནས་ཉན་མཁན་ཀྱ་ཡིས་འོ་རང་ཀྱ་ལ་འོ་དེའི་བདེན་དཔང་བྱས་བ་ལགས།

4 དེ་ནས་དཀོན་མཆོག་གིས་འང་རྟགས་ཀྱ་དང་། ཧང་སང་གིན་ཕྱག་ལས་ཀྱ་དང་། ནུས་མཐུ་སྣ་ཚོགས་ཀྱི་ཕྱག་ལས་ཀྱ་དང་། རང་གི་ཐུགས་དགོངས་ལ་བརྟན་ཏེ་བཀྲམ་མ་མཛད་ཛ་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་ཀྱ་ཡི་ཐོག་ནས། འོ་དེའི་བདེན་དཔང་མཛད་པ་ལགས།


ཐར་པ་ལ་འཁྲིད་ཀྱིན་གྱི་སྐོར།

5 འོ་རིས་ལབ་བཏང་གིན་མ་འོངས་པར་གྱི་འཇིག་རྟེན་གོ་དཀོན་མཆོག་གི་ནམ་མཁའི་བང་ཆེན་ཀྱ་ཡི་དབང་འོག་ཏུ་བཞག་མ་མཛད་འོད་ད་ལགས།

6 ཡིན་ནའང་དམ་པའི་གསུང་རབ་ནང་དུ་ས་ཆ་གཅིག་ཏུ་དེ་རེ་གསུངས་འོད་ད་ལགས། མི་གི་ལགས་སེ། ཁྱེད་རང་འོ་དེའི་སེམས་ཁྲལ་མཛད་ཡས། ཡང་མེད་ན་མིའི་བུ་སུ་ལགས་སེ། ཁྱེད་རང་ཁོའི་དོ་སྣང་མཛད་ཡས།

7 ཁྱེད་རང་གིས་ཁོ་ལ་གནས་སྐབས་ཀྱི་ཆེད་དུ་ནམ་མཁའི་བང་ཆེན་ཀྱ་ནས་དམའ་བ་མཛད་སོང་། ཁྱེད་རང་གིས་ཁོ་ལ་གཟི་བརྗིད་དང་བཀུར་སྟིའི་ཅོད་པན་བསྐོན་མཛད་པ་ལགས།

8 དེ་ནས་དོན་གི་རི་ཁྱེད་རང་གིས་ཁོའི་རྐང་པའི་འོག་ཏུ་བཞག་མཛད་པ་ལགས། དེ་ནས་དཀོན་མཆོག་གིས་དོན་གི་རི་ཁོང་གི་དབང་འོག་ཏུ་བཞག་བ་མཛད་དེ། ཁོང་གི་དབང་འོག་ལ་མ་བཞག་ཞ་གིའང་མེད། ཡིན་ནའང་དོན་གི་རི་ད་ལྟ་ཁོང་གི་དབང་འོག་ཏུ་འོད་ཀྱིན་གོ་འོ་རིས་མེད་མཐོང་ང་ལགས།

9 ཡིན་ནའང་འོ་རང་ཡེ་ཤུ་ལ་མཐོང་ང་ལགས། ཁོང་པ་གནས་སྐབས་ཀྱི་ཆེད་དུ་ནམ་མཁའི་བང་ཆེན་ཀྱ་ནས་ཅི་མེ་དམའ་བ་མཛད་པ་ལགས། ཁོང་གིས་འཆི་བའི་སྡུག་པོ་མྱངས་མྱ་བྱས་རེ། ཁོང་ལ་གཟི་བརྗིད་དང་བཀུར་སྟིའི་ཅོད་པན་བསྐོན་པ་ལགས། དེ་ནས་དེ་ནི་དཀོན་མཆོག་གི་ཐུགས་རྗེའི་སྒོ་ནས་མི་གི་རིའི་དོན་དུ། ཁོང་པ་ཡིས་འཆི་བའི་སྡུག་པོ་མྱངས་བར་ཤོག་སྨྲས་རེ་ལགས།

10 དངོས་པོ་གི་རི་བཀོད་མཛད་ཀྱིན་ནི་དཀོན་མཆོག་ལགས། དེ་ནས་གི་རི་ཁོང་གི་ཆེད་དུ་བཀོད་མཛད་པ་ལགས། དེ་ནས་བི་ཛ་དང་བུ་མོ་མང་ང་ལ་གཟི་བརྗིད་ནང་དུ་ཁྲིད་དེ་འོང་ཡས་ཀྱི་ཆེད་དུ། ཡེ་ཤུ་ལ་སྡུག་པོ་མྱངས་དུ་བཅུག་སྟེ་ཕུན་སུམ་ཚོགས་པ་མཛད་ཡས་གོ། དཀོན་མཆོག་གི་ཆེད་དུ་ཏག་ཏག་བྱུང་བ་ལགས། ཡེ་ཤུ་རང་ཁོང་ཀྱ་ལ་ཐར་པ་ལ་འཁྲིད་ཀྱིན་གོ་ལགས།

11 གི་བྱས་རེ་སྨྲ་ན་དམ་པ་མཛད་མཁན་དང་དམ་པ་བྱུང་བྱ་གི་རིའི་ཡབ་གཅིག་པ་ལགས། འོ་བྱས་རེ་ཁོང་ཀྱ་ལ་སྤུན་སྨྲས་རེ་འབོད་ཡས་ལ་ཡེ་ཤུ་ཡིས་ངོ་ཚ་མེད་མཛད་ད་ལགས།

12 ཁོང་གིས་དཀོན་མཆོག་ལ་གསུངས་ང་ལགས། ངའི་སྤུན་ཀྱ་ཡི་གུང་དུ་ང་ཁྱེད་རང་གི་མཚན་གསལ་བསྒྲགས་བྱེད་ཡས་ཡིན། མི་ཚོགས་ཀྱི་གུང་དུ་ང་ཁྱེད་རང་ལ་བསྟོད་དབྱངས་འབུལ་ཡས་ཡིན།

13 དེ་ནས་ཡང་། ང་ཁོང་གི་ཁར་ལ་བློ་བཀལ་ལ་ཡིན། དེ་ནས་ཡང་ཁོང་གིས་གསུངས་ང་ལགས། ང་དང་དཀོན་མཆོག་གིས་ང་ལ་གནང་ན་ཕྲུ་བ་ཀྱ་ལ་ལྟོས་དང་།

14-15 འཆི་བ་ཡི་ཐོག་ནས་འཆི་བ་ཡི་བདག་པོ་བདུད་ལ་ཁོང་གིས་མེད་ད་ལ་མཛད་ཡས་དང་། འཆི་བའི་འཇིགས་སྐྲག་གི་མི་ཚེ་གང་ཚང་བྲན་གཡོག་ལ་ཤོར་ཤ་ཀྱ་ལ། ཁོང་པ་ཡིས་ཐར་བ་མཛད་ཡས་ཀྱི་ཕྱིར་ལ། བུ་ཕྲུག་ཀྱ་ཤ་ཁྲག་གི་ལུས་ལ་བྱས་རེ་ཁོང་པ་ཡིས་འང་མིའི་ལུས་བསྣུམས་པ་ལགས།

16 གི་བྱས་རེ་སྨྲ་ན་ཁོང་གིས་ནམ་མཁའི་བང་ཆེན་ཀྱ་ལ་མིན་ད། ཡིན་ནའང་ཨབ་ར་ཧམ་གྱི་བརྒྱུད་པ་ཀྱ་ལ་རོགས་རམ་མཛད་ད་ལགས་སྨྲས་རེ་གསལ་བོ་འདུག།

17 འོ་བྱས་རེ་མི་ཀྱ་ཡི་སྡིག་པའི་སྡིག་བཤགས་འབུལ་ཡས་ལ། ཁོང་པ་དཀོན་མཆོག་གི་ཞབས་ཕྱི་ཞུ་གིན་སྙིང་རྗེ་ཅན་དང་། བློ་གཏད་ཆོག་པ་མཆོད་དཔོན་ཆེ་འབྱུང་ཡས་ཀྱི་ཆེད་དུ། ཁོང་ཡེ་ཤུ་ནི་ཕྱོགས་གི་རི་ནས་རང་གི་སྤུན་ཀྱ་ཅོག་རེ་འགྱུར་དགོས་བ་ལགས།

18 དེ་ནས་ཁོང་པ་རང་ཚོད་ལྟ་ལ་ཆུད་ད་རང་སྡུག་པོ་མྱངས་མྱ་བྱས་རེ། ཚོད་ལྟ་ལ་ཆུད་ཆ་ཀྱ་ལ་ཁོང་པ་རོགས་རམ་མཛད་ཐུབ་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan