Biblia Todo Logo
Bìoball air-loidhne

- Sanasan -

ཨིབ་རི་པ། 11 - གློ་བ།


དད་པའི་དཔེ་ཀྱ།

1 ད་དད་པ་ནི་འོ་རི་རེ་བ་བྱས་ཀྱིན་དོན་གྱི་བློ་གཏད་དང་། འོ་རི་མིག་གིས་མེད་མཐོང་གིན་དོན་ཀྱ་ཡི་རེ་བ་བརྟན་པོ་གོ་ལགས།

2 གི་བྱས་རེ་སྨྲ་ན་དད་པའི་སྒོ་ནས་རང་དང་པའི་མི་ཀྱ་ལ་དཀོན་མཆོག་གིས་ཐུགས་མཉེས་བོ་མཛད་པ་ལགས།

3 དད་པའི་སྒོ་ནས་འཇིག་རྟེན་ཁམས་གི་རི་དཀོན་མཆོག་གི་བཀའི་ཐོག་ནས་བཀོད་བ་ལགས་སྨྲས་རེ་འོ་རང་ཧ་གོ་ར་ལགས། འོ་བྱས་རེ་མིག་གིས་མཐོང་གིན་གོ་མཐོང་མི་ཐུབ་ཀྱིན་གྱི་སྒོ་ནས་བཀོད་བ་ལགས།

4 དད་པའི་སྒོ་ནས་ཧ་བེལ་གྱིས་ཁོའི་སྤུན་ཀ་ཡིན་ནས་ལྷག་བཟང་ང་མཆོད་པ་དཀོན་མཆོག་ལ་ཕུལ་བ་ལགས། དེ་ནས་དཀོན་མཆོག་གིས་ཧ་བེལ་གྱི་མཆོད་པ་ལ་ཐུགས་མཉེས་བོ་མཛད་དེ་ཁོ་དྲང་པོ་བརྩིས་བ་ལགས། དེ་ནས་ཧ་བེལ་གྲོངས་ཚར་ཏེའང་དད་པའི་སྒོ་ནས་རང་ཁོ་ད་ལྟ་ལབ་བཏང་ང་ལགས།

5 དད་པའི་སྒོ་ནས་ཧེ་ནོག་འཆི་བ་མ་མྱངས་བ་ནམ་མཁའི་ཞིང་ཁམས་ལ་ཁྲིད་པ་ལགས། དེ་ནས་ཁོ་ག་རུའང་མ་རྙེད་པ་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་ཁོ་ལ་ཁྲིད་བ་མཛད་པ་ལགས། ཁོ་ཡར་ལ་འཁྲིད་ཡས་ཨེན་ལ་དཀོན་མཆོག་ལ་ཐུགས་དགྱེས་རུ་བཅུག་གིན་མི་གཅིག་འོད་ད་ལགས།

6 དད་པ་མེད་ད་དཀོན་མཆོག་ལ་ཐུགས་དགྱེས་རུ་བཅུག་ཐུབ་ཡས་མེད་ད་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་དྲུང་དུ་འོང་མཁན་ཀྱ་ཡིས་དཀོན་མཆོག་འོད་ཀྱིན་དང་། ཁོང་ལ་བཙལ་མཁན་ཀྱ་ལ་ཁོང་པ་ཡིས་བྱ་དགའ་གནང་གི་ལགས་སྨྲས་རེ་ཡིད་ཆེས་བྱེད་དགོས།

7 དད་པའི་སྒོ་ནས་ནོ་ཨ་ཡིས་འོ་དེ་གང་ལ་མ་མཐོང་ཐ་གནས་ཚུལ་གྱི་སྐོར་ལ། དཀོན་མཆོག་ནས་ཉེན་བརྡ་བྱུང་རེ་རང་གི་ནང་མི་ལ་སྐྱོབ་ཡས་ལ། ཁོས་བསྙེན་བཀུར་བྱས་རེ་གྲུ་གཟིངས་གཅིག་བཟོས་བ་ལགས། འདི་སྒོ་ནས་ཁོས་འཇིག་རྟེན་གྱི་སྐྱོན་སྟོན་པ་ལགས། དེ་ནས་དད་པ་ནས་བྱུང་གིན་དྲང་བདེན་གྱི་བརྒྱུད་འཛིན་གོ་ཁོ་ལ་ཐོབ་པ་ལགས།

8 དད་པའི་སྒོ་ནས་དཀོན་མཆོག་གིས་ཨབ་ར་ཧམ་ལ་གནང་ཡས་ཀྱི་དམ་བཅའ་མཛད་ཛ་ཡུལ་གཅིག་རུ་འགྲོ་ཡས་ལ་བོས་ལི་གང་ལ། ཁོ་ག་རུ་འགྲོ་ཡས་ཡིན་གྱིན་གོ་ཤེས་ཡས་མེད་ད་ལའང་ཁོ་བཀའ་ལ་མཉན་ཏེ་སོང་བ་ལགས།

9 དད་པའི་སྒོ་ནས་ཁོ་དམ་བཅའ་མཛད་ཛ་ཡུལ་གོ་རུ་འཁྱམས་ཏེ་རྒྱུག་གིན་མི་ཅོག་རེ་གུར་ནང་དུ་བསྡད་པ་ལགས། དེ་ནས་དམ་བཅའ་གཅིག་པའི་བརྒྱུད་འཛིན་ཡིན་གྱིན་ཨི་སཱག་དང་ཡ་ཀོབ་གཉིས་བོའང་དེ་རེ་རང་བྱས་རེ་གུར་ནང་དུ་བསྡད་པ་ལགས།

10 གི་བྱས་རེ་སྨྲ་ན་རྨང་གཞི་བརྟན་པོ་འོད་ཀྱིན་རྒྱལ་ས་གོ་ལ་ཁོ་སྒུག་སྟེ་བསྡད་པ་ལགས། དེ་ནས་འདི་རྒྱལ་སའི་ཇུས་མཛད་ཀྱིན་དང་བཟོ་ཀྱིན་གོ་དཀོན་མཆོག་ལགས།

11 དད་པའི་སྒོ་ནས་ས་རཱ་རྒད་མོ་བྱུང་རེའང་ཕྲུ་སྐྱེ་ཐུབ་ཡས་ཀྱི་ནུས་པ་ཐོབ་པ་ལགས། གི་བྱས་རེ་སྨྲ་ན་དམ་བཅའ་མཛད་ཀྱིན་ཁོང་པ་ནི་བློ་གཏད་ཆོག་པ་འོད་ཀྱིན་གོ་མོས་བརྩིས་བ་ལགས།

12 འོ་བྱས་རེ་ཤི་ཡས་ཡིན་གྱིན་ལུས་ཅོག་རེ་བྱུང་བྱ་མི་གཅིག་གི་ཐོག་ནས་གནམ་གྱི་སྐར་མ་ཀྱ་དང་། རྒྱ་མཚོའི་བེ་མ་ཀྱ་ཚོད་གྲངས་ཀ་བརྒྱབ་མི་ཐུབ་ཀྱིན་བུ་རྒྱུད་ཀྱ་བྱུང་བ་ལགས།

13 དམ་བཅའ་མཛད་ཛ་གོ་མ་ཐོབ་པ་ལ་རང་ཁོང་ཀྱ་གི་རི་དད་པ་བྱས་རེ་གྲོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་རང་ལ་འདི་འཇིག་རྟེན་དུ་ཕྱི་རྒྱལ་དང་འཁྱམ་པོ་ཡིན་གྱིན་གོ་ཁས་ལེན་ཏེ། འོ་དེ་དམ་བཅའ་མཛད་ཛ་གོ་ཐག་རིང་ནས་རང་མཐོང་རེ་ཕེབས་བསུ་ཞུས་བ་ལགས།

14 དེ་རེ་སྨྲ་གིན་མི་ཀྱ་ཡིས་རང་གི་ཆེད་དུ་ཡུལ་གཅིག་བཙལ་རེ་བསྡད་ཀྱིན་གོ་གསལ་བོ་སྟོན་ད་ལགས།

15 ཁོ་རང་ཀྱ་ཐོན་ཏེ་འོངས་བ་ཡུལ་གྱི་སྐོར་ལ་ཁོང་ཀྱ་ཡིས་དྲན་གསོ་བྱས་འོད་ན། ཁོང་ཀྱ་འོ་དུ་རུ་ལོག་སྟེ་འགྲོ་ཡས་ཀྱི་གོ་སྐབས་འཐོབ་ཡས་འོད་ད་ལགས།

16 ཡིན་ནའང་ཁོང་ཀྱ་དེ་ནས་ལྷག་བཟང་ང་ནམ་མཁའི་ཞིང་ཁམས་ཀྱི་ཡུལ་ཅོག་རེ་གཅིག་གི་འདོད་པ་བྱེད་ད་ལགས། འོ་བྱས་རེ་དཀོན་མཆོག་ཁོང་ཀྱ་ཡི་དཀོན་མཆོག་ཡིན་གསུངས་རེ་གསུངས་ཡས་ལ་ངོ་ཚ་མེད་མཛད་ད་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་ཁོང་ཀྱ་ཡི་ཕྱིར་ལ་རྒྱལ་ས་གཅིག་གྲ་སྒྲིག་མཛད་འོད་ད་ལགས།

17 དད་པའི་སྒོ་ནས་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཚོད་ལྟ་མཛད་ད་རང་། ཁོང་གིས་རང་གི་བི་ཛ་ཨི་སཱག་ལ་དམར་མཆོད་ཕུལ་བ་ལགས། ཁོང་ལ་དམ་བཅའ་ཀྱ་ཐོབ་སྟེའང་རང་གི་བི་ཛ་གཅིག་གཅིག་ཀ་ར་གོ་ལ་དམར་མཆོད་འབུལ་ཡས་ལ་གྲ་སྒྲིག་བྱུང་བ་ལགས།

18 འོ་དེ་བི་ཛའི་སྐོར་ལ་དཀོན་མཆོག་གིས་ཁོ་ལ་གསུངས་བ་ལགས། ཨི་སཱག་གི་ཐོག་ནས་རང་ཁྱོའི་བུ་རྒྱུད་ཀྱི་མིང་ཐོབ་ཀྱི་ལགས།

19 དཀོན་མཆོག་གིས་མི་ཀྱ་ལ་འཆི་བ་ནས་ཡང་གསོན་པོ་མཛད་ཐུབ་བ་ལགས་སྨྲས་རེ་ཨབ་ར་ཧམ་གྱིས་བསམས་པ་ལགས། དེ་ནས་ཁོས་བསམ་གྱིན་ཅོག་རེ་ཨི་སཱག་ལ་འཆི་བ་ནས་ལྡབ་ལེ་ཐོབ་པ་ལགས།

20 དད་པའི་སྒོ་ནས་ཨི་སཱག་གིས་ཡ་ཀོབ་དང་ཨེ་སའུ་ལ་ཁོང་ཀྱ་ཡི་མ་འོངས་པར་གྱི་དོན་ལ་བྱིན་རླབས་གནང་བ་ལགས།

21 དད་པའི་སྒོ་ནས་ཡ་ཀོབ་གྲོངས་གུ་བྱེད་ད་རང་ཡོ་སེབ་ཀྱི་བུ་རེ་རེ་ལ་བྱིན་རླབས་གནང་བ་ལགས། དེ་ནས་རང་གི་བེར་ཀྱོག་ཁར་ལ་བསྙེས་རེ་དཀོན་མཆོག་ལ་བསྙེན་བཀུར་ཕུལ་བ་ལགས།

22 དད་པའི་སྒོ་ནས་ཡོ་སེབ་གྲོངས་རིན་ད་རང་ཡིས་ར་ཨེལ་པ་ཀྱ་ཨེ་ཇེབ་ནས་ཐོན་ཡས་ཡིན་གྱིན་གྱི་སྐོར་ལ་སྨྲས་བ་ལགས། དེ་ནས་རང་གི་ཕུང་པོ་སྐུང་ཡས་ཀྱི་སྐོར་ལ་ཁ་ཆེམས་བཞག་པ་ལགས།

23 དད་པའི་སྒོ་ནས་མོ་ཤེའི་ཕ་མས་ཁོ་སྐྱེས་ལ་རང་མཛེས་བ་མཐོང་རེ། རྒྱལ་བོའི་བཀའ་རྩི་ཡས་ལ་མ་འཇིགས་པ་ཁོ་ལ་ཟླ་བ་གསུམ་ཐུག་པའི་སྦས་རེ་བཞག་པ་ལགས།

24 དད་པའི་སྒོ་ནས་མོ་ཤེ་ཁྱོག་ཐོང་ཚར་ཏེ་ཨེ་ཇེབ་རྒྱལ་བོའི་བུ་མོ་ཡི་སྲས་བོ་ཡིན་སྨྲས་རེ་སྨྲ་ཡས་ལ་ཁས་མ་ལེན་པ་ལགས།

25 གནས་སྐབས་ཀྱི་ཆེད་དུ་སྡིག་པའི་སྐྱིད་ད་ལ་ཉམ་མོ་དགའ་ཡས་ལས་དཀོན་མཆོག་གི་མི་ཀྱ་ཡི་མུ་ལ་སྡུག་པོ་མྱངས་ཡས་གོ་ཁོས་བདམས་པ་ལགས།

26 ཁོས་མ་འོངས་པར་གྱི་བྱ་དགའ་ལ་དམིགས་ཏེ་ཨེ་ཇེབ་ཡུལ་གྱི་གཏེར་ལས། མཱ་ཤི་ཀའི་ཆེད་དུ་སྡུག་པོ་མྱངས་ཡས་གོ་ཡོལ་ལེ་ཁག་ཆེ་བརྩིས་བ་ལགས།

27 དད་པའི་སྒོ་ནས་ཁོས་རྒྱལ་བོའི་ཐུགས་ཁྲོ་ལ་མ་འཇིགས་བ་ཨེ་ཇེབ་ཡུལ་ནས་ཐོན་ཏེ་སོང་བ་ལགས། གི་བྱས་རེ་སྨྲ་ན་མིག་གིས་མཐོང་མི་ཐུབ་ཀྱིན་དཀོན་མཆོག་ལ་མཐོང་ཐ་ཅོག་རེ་ཁོ་བརྟན་པོ་བྱས་རེ་བསྡད་པ་ལགས།

28 འགོ་མ་སྐྱེས་ཀྱ་བུ་ལ་མེད་ད་ལ་བཏང་གིན་གྱིས་ཡིས་ར་ཨེལ་གྱི་འགོ་མ་སྐྱེས་ཀྱ་བུ་ཀྱ་ལ་ཐོ་མེད་བཏང་ཡས་ཆེད་དུ། དད་པའི་སྒོ་ནས་ཁོས་པེ་སག་གི་དུས་ཆེན་བསྲུངས་བ་ལགས། དེ་ནས་ཁྲག་གཏོར་པ་ལགས།

29 དད་པའི་སྒོ་ནས་ཡིས་ར་ཨེལ་པ་ཀྱ་ས་སྐམ་པོ་ནས་འགྲོ་གིན་ཅོག་རེ་རྒྱ་མཚོ་དམར་བོ་གོ་ནས་སོང་བ་ལགས། ཡིན་ནའང་ཨེ་ཇེབ་པ་ཀྱ་འོ་དེ་རེ་བྱས་རེ་འགྲོ་གུ་བྱེད་ད་རང་བིབ་སྟེ་ཤི་བ་ལགས།

30 དད་པའི་སྒོ་ནས་ཉིན་མ་བདུན་ཐུག་པའི་ཡིས་ར་ཨེལ་པ་ཀྱ་ཡིས་ཡེ་རི་ཀོ་རྒྱལ་ས་ལ་སྐོར་ར་བརྒྱབ་སྟེ་འོ་དེའི་ལྕགས་རི་གོ་བརྡིབས་པ་ལགས།

31 དད་པའི་སྒོ་ནས་གཞང་འཚོང་མ་ར་ཧབ་ཀྱིས་མི་སོ་བ་ཀྱ་ལ་ག་མོ་མ་བྱས་རེ་ཕེབས་བསུ་ཞུས་ཞ་བྱས་རེ། བཀའ་ལ་མེད་ཉན་མཁན་ཀྱ་མུ་ལ་མོ་མ་ཤི་བ་ལགས།

32 ད་དེ་ནས་ལྷག་ང་གི་སྨྲ་ཡས། གི་དེ་ཡོན་དང་། བ་རག་དང་། སམ་སོན་དང་། ཡེབ་ཐཱ་དང་། དཱ་བིད་དང་། སཱ་མུ་ཨེལ་དང་། མངོན་ཤེས་མཁན་ཀྱ་ཡི་སྐོར་ལ་ང་ལ་སྨྲ་ལུང་མེད།

33 དད་པའི་སྒོ་ནས་ཁོང་ཀྱ་ཡི་རྒྱལ་ཁབ་ཀྱ་ཐོབ་པ་ལགས། དེ་ནས་ཁྲིམས་གཅོད་བདེན་པ་བཅད་པ་ལགས། དེ་ནས་དམ་བཅའ་མཛད་ཛ་གོ་ཐོབ་པ་ལགས། དེ་ནས་སེང་གེ་ཀྱ་ཡི་ཁ་བཀག་པ་ལགས། དེ་ནས།

34 མེ་དྲག་ཀྱ་བསད་པ་ལགས། དེ་ནས་རལ་གྲིའི་ཁ་ནས་ཐར་པ་ལགས། དེ་ནས་ཐབ་སྐྱོ་བ་ནས་ཤུགས་ཆེ་བྱུང་བ་ལགས། དེ་ནས་དམག་ལ་དབང་ཆེ་བྱུང་བ་ལགས། དེ་ནས་ཕྱི་རྒྱལ་གྱི་དམག་མི་ཀྱ་ལ་འབྲོས་རུ་བཅུག་པ་ལགས།

35 བུ་མོ་ཀྱ་ལ་རང་གི་ནང་མི་ཤི་ཤ་ཀྱ་འཆི་བ་ནས་གསོན་པོ་བྱུང་རེ་ཐོབ་པ་ལགས། དེ་ནས་གཞན་མ་ཀྱ་ཡི་འཆི་བ་ནས་སླར་གསོན་ཏེ་ཚེ་འདི་ནས་ལྷག་བཟང་ང་ཚེ་འཐོབ་ཡས་ཀྱི་ཆེད་དུ། རང་དབང་གོ་ཁས་མེད་ལེན་ད་སྡུག་པོ་གོ་མྱངས་བ་ལགས།

36 དེ་ནས་གཞན་མ་ཀྱ་ལ་འཕྱ་ལས་བཏང་ཡས་དང་རྟ་ལྕག་གིས་སྡུང་དག་ཕོག་པ་ལགས། དེ་ནས་རིང་འགའ་ལ་ལྕགས་སྒྲོག་བརྒྱུས་བ་ལགས། དེ་ནས་རིང་འགའ་ལ་བཙོན་ལ་བཅུག་པ་ལགས།

37 ཁོང་ཀྱ་ལ་རྡོ་གོང་བཞུས་ཏེ་བསད་པ་ལགས། ཁོང་ཀྱ་ལ་སོག་ལེ་ཡིས་དུམ་བུ་གཉིས་ལ་བཅད་པ་ལགས། ཁོང་ཀྱ་ལ་རལ་གྲི་གིས་བསད་པ་ལགས། ཁོང་ཀྱ་དབུལ་སྤྲེ་བྱུང་རེ་སྡུག་པོ་མྱངས་རེ། དེ་ནས་མི་ཀྱ་ཡིས་ཁོང་ཀྱ་ལ་ཨ་བྱས་རེ་ཁོང་ཀྱ་ར་དང་ལུག་གི་ལྤགས་བོ་ཀྱ་གོན་ཏེ་འཁྱམས་ཏེ་རྒྱུགས་པ་ལགས།

38 ཁོ་འཇིག་རྟེན་དུ་བསྡད་ཡས་གོ་ཁོང་ཀྱ་ཡི་ཆེད་དུ་མ་སྒྲིག་པ། ཁོང་ཀྱ་རི་སྟོང་དང་། རི་ཀྱ་ལ་འཁྱམས་ཏེ་དང་། བྲག་ཕུག་ཀྱ་དང་། ས་དོང་ཀྱ་ལ་བསྡད་པ་ལགས།

39 ཁོང་ཀྱ་གི་རི་ལ་དད་པའི་སྒོ་ནས་དཀོན་མཆོག་གིས་ཐུགས་མཉེས་བོ་མཛད་པ་ལགས། ཡིན་ནའང་དམ་བཅའ་མཛད་ཛ་གོ་ཁོང་ཀྱ་ལ་མ་ཐོབ་པ་ལགས།

40 གི་བྱས་རེ་སྨྲ་ན་འོ་རང་ཀྱ་མུ་ལ་ཁོང་ཀྱ་ཕུན་སུམ་ཚོག་པ་འབྱུང་བར་ཤོག་སྨྲས་རེ་དཀོན་མཆོག་གིས་འོ་རང་ལ་དེ་ནས་ལྷག་བཟང་ང་འཆར་གཞི་བཤམས་འོད་ད་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan