ཨིབ་རི་པ། 10 - གློ་བ།1 ཆོས་ཁྲིམས་ནི་འོང་ཡས་ཡིན་གྱིན་དོན་བཟང་ང་ཀྱ་ཡི་དབྱིབས་དངོས་གནས་གོ་མ་ལགས། ཡིན་ནའང་འོ་དེ་ཀྱ་ཡི་གྲིབ་ཇག་གཅིག་ཀ་ལགས། འོ་བྱས་རེ་ལོ་ཏེན་ཀྱ་ཙོག་བའི་འབུལ་གྱིན་དམར་མཆོད་ཀྱི་སྒོ་ནས་མཆོད་པ་འབུལ་རུ་འོང་མཁན་ཀྱ་ལ་ཡང་དག་པ་ནམ་མའང་བཟོ་མི་ཐུབ་བ་ལགས། 2 དེ་རེ་མིན་ན་མཆོད་པ་འབུལ་རུ་འོང་མཁན་ཀྱ་ཡིས་དམར་མཆོད་འབུལ་ཡས་ལ་མཚམས་བཞག་གི་མ་ལེ། གི་བྱས་རེ་སྨྲ་ན་མཆོད་པ་འབུལ་རུ་འོང་མཁན་ཀྱ་ཐེངས་གཅིག་ལ་རང་གཙང་མ་བྱུང་ཡས་ཡིན་ན། ཁོང་ཀྱ་ལ་རང་གི་སྡིག་པ་ཀྱ་ཡི་འགྱོད་པ་བྱུང་ཡས་མེད་ད་ལགས། 3 ཡིན་ནའང་འོ་དེ་དམར་མཆོད་ཀྱ་ཡིས་མི་ཀྱ་ལ་ལོ་ཏེན་ཀྱ་རང་གི་སྡིག་པ་ཀྱ་ཡི་དྲན་གསོ་བསླངས་ང་ལགས། 4 གི་བྱས་རེ་སྨྲ་ན་གླུང་དང་ར་ཀྱ་ཡི་ཁྲག་གིས་སྡིག་པ་ཀྱ་སེལ་མི་ཐུབ་བ་ལགས། 5 འོ་བྱས་རེ་མཱ་ཤི་ཀ་འཇིག་རྟེན་དུ་ཕེབས་བ་རང་ཁོང་པ་ཡིས་གསུངས་བ་ལགས། དམར་མཆོད་དང་མཆོད་པ་ཁྱེད་རང་གིས་མ་འདོད་པ་ལགས། ཡིན་ནའང་ངའི་ཆེད་དུ་ཁྱེད་རང་གིས་ལུས་གཅིག་བཤམས་མ་མཛད་པ་ལགས། 6 སྦྱིན་སྲེག་དང་སྡིག་བཤགས་ཀྱི་མཆོད་པ་ལ། ཁྱེད་རང་གིས་ཐུགས་མཉེས་བོ་མ་མཛད་པ་ལགས། 7 དེ་ནས་ངས་ཞུས་བའི། ཀྱེ་དཀོན་མཆོད་གཟིགས་དང་། དཔེ་ཆའི་ནང་ངའི་སྐོར་ལ་བྲིས་བྲ་ཅོག་རེ། ཁྱེད་རང་གི་ཐུགས་དགོངས་སྒྲུབ་ཡས་ལ་ང་འོངས་འོད། 8 དང་པོ་ཁོང་པ་ཡིས་གསུངས་བ་ལགས། དམར་མཆོད་དང་མཆོད་པ་ཀྱ། དེ་ནས་སྦྱིན་སྲེག་དང་སྡིག་བཤགས་ཀྱི་མཆོད་པ་ཀྱ་ལ་ཁྱེད་རང་གིས་མ་འདོད་པ་ལགས། དེ་ནས་དེ་ཀྱ་ལ་ཐུགས་མཉེས་བོ་མ་མཛད་པ་ལགས། དེ་ཀྱ་ནི་ཆོས་ཁྲིམས་ལ་རྟེན་ཏེ་འབུལ་ལ་ལགས། 9 དེ་ནས་གཤམ་ལ་ཁོང་པ་ཡིས་གསུངས་བ་ལགས། གཟིགས་དང་། ཁྱེད་རང་གི་ཐུགས་དགོངས་སྒྲུབ་ཡས་ལ་ང་འོངས་འོད། དེ་ནས་དམར་མཆོད་རྙིང་པ་གི་རི་དཀོན་མཆོག་གིས་མེད་ད་ལ་མཛད་དེ། མཱ་ཤི་ཀའི་དམར་མཆོད་གོ་འོ་དེ་ཀྱ་ཡི་ཚབ་ལ་བཞག་བ་མཛད་ད་ལགས། 10 དེ་ནས་འོ་དེ་ཐུགས་དགོངས་ཀྱི་སྒོ་ནས་ཐེངས་གཅིག་ལ་རང་གི་རིའི་ཆེད་དུ། ཡེ་ཤུ་མཱ་ཤི་ཀའི་སྐུ་གཟུགས་ཀྱི་དམར་མཆོད་ཀྱི་ཐོག་ནས་འོ་རང་ཀྱ་དམ་པ་མཛད་འོད་ད་ལགས། 11 མཆོད་དཔོན་འོད་ལེ་ཞག་མོ་དྲང་བའི་རང་གི་ཞབས་ཕྱི་སྒྲུབ་ཡས་ལ། དམར་མཆོད་སྣ་གཅིག་ལྡབ་ལེ་ཀུལ་ལེ་འབུལ་ལ་ལགས། དེ་ནས་མཆོད་པ་དེ་ཡིས་སྡིག་པ་ནམ་མའང་སེལ་མི་ཐུབ་བ་ལགས། 12 ཡིན་ནའང་མཱ་ཤི་ཀའི་དུས་གཏན་གྱི་ཆེད་དུ་ཐེངས་གཅིག་ལ་སྡིག་པ་སེལ་ཡས་ཀྱི་དམར་མཆོད་ཕུལ་རེ། ཁོང་དཀོན་མཆོག་གི་ཕྱག་གཡས་རུ་བཞུགས་བ་མཛད་པ་ལགས། 13 དེ་ནས་ཁོང་པ་ཡི་དགྲ་ཀྱ་ལ་དཀོན་མཆོག་གིས་ཁོང་གི་ཞབས་འོག་ཏུ་མ་བཞག་ཐུག་པའི། ཁོང་པ་སྒུག་སྟེ་བཞུགས་འོད་ད་ལགས། 14 དམར་མཆོད་གཅིག་གི་སྒོ་ནས་དམ་པ་མཛད་ཡས་ཡིན་མཁན་ཀྱ་ལ་དུས་གཏན་གྱི་ཆེད་དུ་ཕུན་སུམ་ཚོགས་པ་མཛད་འོད་ད་ལགས། 15 འདི་སྐོར་ལ་དམ་པའི་ཐུགས་ཉིད་ཀྱིས་འང་འོ་རང་ཀྱ་ལ་དཔང་པོ་མཛད་ད་ལགས། དང་པོ་ཁོང་པ་ཡིས་གསུངས་ང་ལགས། 16 གཙོ་བོ་གསུངས་ང་ལགས། འོ་དེ་ཉིན་མ་ཀྱ་ཡི་གཤམ་ནས། ཁོང་ཀྱ་མུ་ལ་བཞག་ཡས་ཡིན་གྱིན་ངའི་དམ་བཅའ་གོ་དེ་ལགས། ངའི་ཆོས་ཁྲིམས་གོ་ཁོང་ཀྱ་ཡི་སེམས་ལ་བཞག་ཡས་ཡིན། དེ་ནས་འོ་དེ་གོ་ཁོང་ཀྱ་ཡི་བློ་ལ་བྲིས་ཡས་ཡིན། 17 དེ་ནས་ཡང་ཁོང་པ་ཡིས་གསུངས་ང་ལགས། ཁོང་ཀྱ་ཡི་སྡིག་པ་དང་ལས་ངན་ཀྱ། ང་ནམ་མའང་ལྡབ་ལེ་དྲན་གསོ་མི་བྱེད། 18 ད་སྡིག་པ་དེ་ཀྱ་ལ་དགོངས་ཡངས་ཐོབ་ཚར་ན། སྡིག་བཤགས་ཀྱི་དམར་མཆོད་ད་ཡང་འབུལ་མེད་དགོས། བཟོད་པ་བྱེད་དགོས་ཡས་ཀྱི་འབོད་སྒྲ། 19 འོ་བྱས་རེ་སྤུན་ཀྱ་བོ། ཡེ་ཤུའི་སྐུ་ཁྲག་གི་སྒོ་ནས་དམ་པའི་དམ་པ་གནས་ས་ནང་དུ་འཛུལ་ཡས་ཀྱི་བློ་ཁོག་འོ་རང་ལ་འོད་ད་ལགས། 20 འོ་རི་དོན་དུ་ཡེ་ཤུ་གྲོངས་ང་མཛད་ཀྱིན་གྱི་སྒོ་ནས་དམ་པའི་དམ་པ་གནས་ས་ཡི་ཡོལ་བ་པེ་མཛད་དེ། འོ་དེ་ནང་དུ་འཛུལ་ཡས་ཀྱི་ལམ་གསར་པ་དང་གསོན་པོ་གཅིག་བཀོད་མཛད་པ་ལགས། 21 ད་འོ་རང་ལ་དཀོན་མཆོག་གི་ཕོ་བྲང་ནང་དུ་སྐྱོང་གིན་མཆོད་དཔོན་ཁག་ཆེ་ཞིག་འོད་ཀྱིན་བྱས་རེ། 22 འོ་རི་སེམས་ནང་གི་བསམ་བློ་ངན་པ་ཀྱ་མཱ་ཤི་ཀའི་སྐུ་ཁྲག་གཏོར་ཏེ་དག་ད་དང་། འོ་རི་ལུས་ཆུ་གཙང་མ་ཡིས་ཁྲུས་རེ། འོ་རང་སེམས་དྲང་པོ་དང་ཡིད་ཆེས་བརྟན་པོ་ཡིས་ཁངས་རེ། འོ་རང་དཀོན་མཆོག་གིས་དྲུང་དུ་འགྲོའོ། 23 འོ་རིས་ཁས་ལེན་བྱས་བྱ་རེ་བ་ལ་བརྟན་པོ་མ་སྲུང་དགོས། གི་བྱས་རེ་སྨྲ་ན་དམ་བཅའ་མཛད་མཁན་དཀོན་མཆོག་ནི་བློ་གཏད་ཆོག་པ་འོད་ད་ལགས། 24 བྱམས་པ་དང་ལས་བཟང་གི་ཆེད་དུ་འོ་རང་གཅིག་གིས་གཅིག་ལ་སེམས་ཤུགས་སྤར་ཡས་ལ་བསམ་བློ་བཏང་དགོས། 25 མེ་རིང་འགའ་ཚོགས་འདུ་ལ་འགྲོ་ཉིད་མེད་འདོད་ཀྱིན་འོང་ང་ལགས། ཡིན་ནའང་འོ་རང་ཀྱ་མུ་ལ་འཛོམས་ཡས་ལ་མཚམས་མ་བཞག།ཡིན་ནའང་གཙོ་བོའི་ཉིན་མ་ཉེ་སླེབས་ཀྱིན་གོ་ཁྱེད་ཀྱ་ཡིས་མཐོང་ཐ་བྱས་རེ། ཡོལ་ལེ་ལྷག་གཅིག་གིས་གཅིག་ལ་སེམས་ཤུགས་སྤོར། 26 གི་བྱས་རེ་སྨྲ་ན་བདེན་པའི་ཤེས་ཡོན་ཐོབ་སྟེའང་དོ་རང་འང་འོ་རང་ཀྱ་ཡིས་རྐང་བཙུགས་ཏེ་སྡིག་པ་བྱས་ན། སྡིག་པ་སེལ་ཡས་ཀྱི་དམར་མཆོད་གཞན་མ་ལྷག་མེད་ད་ལགས། 27 ཡིན་ནའང་དཀོན་མཆོག་གི་ཁྲིམས་གཅོད་ཕོག་ཡས་ལ་སྒུག་སྟེ་བསྡད་ཡས་ཀྱི་འཇིགས་སྐྲག་དང་། ཁོང་གི་དགྲ་ཀྱ་ལ་མེད་ད་ལ་མཛད་ཡས་ཡིན་གྱིན་ཐུགས་ཁྲོའི་མེའི་ཉེན་ཁ་གཅིག་ཀ་འོད་ད་ལགས། 28 མོ་ཤེའི་ཆོས་ཁྲིམས་ལ་མི་བརྩིས་ཀྱིན་མི་གོ་ལ་དཔང་པོ་གཉིས་ཡང་ན་གསུམ་གྱི་དཔང་པོ་བྱེད་ན། ཁོ་ལ་སྙིང་རྗེ་མི་བྱེད་ད་བསད་ད་ལགས། 29 ད་དཀོན་མཆོག་གི་སྲས་ལ་རྐང་པ་འོག་ལ་བཞག་གིན་དང་། རང་ལ་དམ་པ་མཛད་ཀྱིན་དམ་བཅའ་འི་སྐུ་ཁྲག་གོ་ལ་མེད་གཙང་ང་བརྩིས་ཀྱིན་དང་། ཐུགས་རྗེའི་ཐུགས་ཉིད་ལ་སྨད་སྤྲ་བཏང་མཁན་ཀྱ་ལ། དེ་ནས་ག་ཚོད་ལྷག་ཆད་པ་ཕོག་བའི་འོད་གྲོ་བའི་སྨྲས་རེ་ཁྱེད་རང་ཀྱ་རང་བསམ་བློ་གཏོང་དང་། 30 གི་བྱས་རེ་སྨྲ་ན། དགྲ་ཤ་ལན་གྱིན་གོ་ང་ཡིན། དེ་ནས་ངས་ཁོང་ཀྱ་ལ་ལན་བརྒྱབ་བོ། གསུངས་རེ་གསུངས་ཀྱིན་ཁོང་པ་ལ་འོ་རང་ངོ་ཤེས་ལ་ལགས། དེ་ནས་ཡང་ཁོང་པ་ཡིས་གསུངས་ང་ལགས། གཙོ་བོ་ཡིས་རང་གི་མི་ཀྱ་ལ་ཁྲིམས་གཅོད་མཛད་ཀྱི་ལགས། 31 གསོན་པོ་དཀོན་མཆོག་གི་ཕྱག་ཏུ་འཇུས་ན་འཇིགས་སྐྲག་ཆེ་ལགས། 32 ཨེན་མའི་ཉིན་མ་ཀྱ་ལ་ཁྱེད་ཀྱ་དྲན་གསོ་བྱེད། དཀོན་མཆོག་གི་འོད་ཐོབ་ཚར་ཏེ་གཤམ་ནས་ཁྱེད་ཀྱ་ཡིས་སྡུག་པོ་མང་ང་མྱངས་བ་ལགས། ཡིན་ནའང་ཁྱེད་ཀྱ་ཡིས་བཟོད་པ་བྱས་བ་ལགས། 33 ཁྱེད་ཀྱ་ལ་དུས་ཀ་མི་མང་ཀྱའི་གདོང་དུ་སྨད་སྤྲ་དང་སྡུག་སྦྱོང་ཕོག་པ་ལགས། དེ་ནས་དུས་ཀ་འུ་རེ་རང་སྡུག་པོ་མྱངས་མཁན་ཀྱ་མུ་ལ་ཐེ་འོད་ད་ལགས། 34 ཁྱེད་ཀྱ་ཡིས་བཙོན་པ་ཀྱ་ལ་སྙིང་རྗེ་བྱས་བ་ལགས། དེ་ནས་ནོར་འདི་ནས་བཟང་ང་དང་། དུས་གཏན་དུ་གནས་ཀྱིན་ནོར་གོ་ཁྱེད་ཀྱ་ལ་འོད་ཀྱིན་གོ་ཁྱེད་ཀྱིས་ཤེས་རེ། ཁྱེད་ཀྱ་ཡི་ནོར་ཁྱེད་ཀྱ་ནས་འཕྲོག་བ་རང་ཉམ་མོ་དགྱེས་རེ་བཟོད་པ་བྱས་བ་ལགས། 35 འོ་བྱས་རེ་ཁྱེད་ཀྱ་ཡི་སྙིང་སྟོབས་གོ་ཉམས་དུ་མ་ཆུག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་བྱ་དགའ་ཆེ་འཐོབ་ཀྱི་ལགས། 36 ཁྱེད་ཀྱ་ཡིས་དཀོན་མཆོག་གི་ཐུགས་དགོངས་བསྒྲུབས་ཡས་དང་། ཁོང་གི་དམ་བཅའ་མཛད་ཛ་གོ་འཐོབ་ཡས་ཀྱི་ཆེད་དུ་བཟོད་པ་བྱེད་དགོས། 37 གི་བྱས་རེ་སྨྲ་ན་ཏི་ཏེ་ཅིག་ནས། ཕེབས་ཡས་ཡིན་མཁན་གོ་ཕེབས་ཀྱི་ལགས། དེ་ནས་ཁོང་གིས་དལ་ལ་མཛད་ཀྱི་མ་ལགས། 38 ངའི་དྲང་བདེན་གྱི་མི་ཀྱ་དད་པའི་སྒོ་ནས་འཚོ་བ་བསྐྱལ་གྱི་ལགས། དེ་ནས་རྒྱབ་ལོག་སྟེ་འགྲོ་མཁན་ཀྱ་མུ་ལ་ང་མེད་དགའ་འོད། 39 ཡིན་ནའང་འོ་རང་ནི་རྒྱབ་ལོག་སྟེ་འགྲོ་མཁན་དང་། མེད་ད་ལ་འགྲོ་མཁན་ཀྱ་མ་ལགས། འོ་རང་ཀྱ་ནི་དད་པ་བྱས་རེ་ཐར་པ་ཐོབ་ཐ་ཀྱ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.