ག་ལ་ཏི་ཡཱ་པ། 5 - གློ་བ།མཱ་ཤི་ཀ་ནས་རང་དབང་། 1 རང་དབང་གི་ཕྱིར་ལ་མཱ་ཤི་ཀ་ཡིས་འོ་རང་ལ་རང་དབང་གནང་བ་ལགས། འོ་བྱས་རེ་ཆོས་ཁྲིམས་ཀྱི་བྲན་གཡོག་འོག་ལ་མི་ཆུད་ད་བརྟན་པོ་བྱས་རེ་སྡོད། 2 ད་ང་པའུ་ལུ་ཁྱེད་ཀྱ་ལ་སྨྲ་ཡིན། ཁྱེད་ཀྱ་ཡིས་ཡ་ཧུ་དཱ་པ་ཀྱ་ཡི་ལྤགས་བོ་བཅད་ཀྱིན་སྲོལ་བརྩིས་ན། མཱ་ཤི་ཀ་ཁྱེད་ཀྱི་ཕྱིར་ལ་གིའང་ཕན་ཐོགས་གི་མ་ལགས། 3 ལྤགས་བོ་བཅད་ཀྱིན་སྲོལ་བརྩིས་མཁན་གི་རི་ཡིས་ཆོས་ཁྲིམས་ཀྱི་བཀའ་གི་རི་སྲུང་དགོས་གུ་ལགས་སྨྲས་རེ་ང་ཡང་ད་དཔང་པོ་བྱེད་ད་ཡིན། 4 ཁྱེད་ཆོས་ཁྲིམས་ནས་དྲང་པོ་འགྱུར་ཡས་འདོད་མཁན་ཀྱ་མཱ་ཤི་ཀ་ནས་ཁ་འབྲལ་རེ་དཀོན་མཆོག་གི་ཐུགས་རྗེ་ནས་མ་ལ་ལྷིམ་འོད་ད་ལགས། 5 ཡིན་ནའང་དད་པ་ཡི་བྱས་རེ་དམ་པའི་ཐུགས་ཉིད་སྒོ་ནས་འོ་རང་དྲང་བདེན་གྱི་རེ་བ་ལ་སྒུག་སྟེ་བསྡད་འོད་ད་ལགས། 6 གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡེ་ཤུའི་གདོང་དུ་ལྤགས་བོ་བཅད་ཀྱིན་སྲོལ་བརྩིས་མཁན་ཡིན་ན་ལགས། མི་བརྩིས་མཁན་ཡིན་ན་གིའང་ཕན་མེད་ད་ལགས། ཡིན་ནའང་བྱམས་པ་ཡི་ཐོག་ནས་ལས་ཀ་བྱེད་ཀྱིན་དད་པ་གཅིག་ཀ་ཕན་ཐོགས་བ་ལགས། 7 ཁྱེད་ཀྱ་དགའ་ཡས་རེ་འགྲོའི་འོད་ད་ལགས། ཡིན་ནའང་ཁྱེད་ཀྱ་ལ་བདེན་པ་གོ་རྩི་ཡས་ལ་སུའི་བཀག་སོ། 8 དེ་རེ་མགོ་སྐོར་གྱིན་ལས་ཀ་ཁྱེད་ཀྱ་ལ་འབོད་གནང་མཁན་དཀོན་མཆོག་ནས་བྱུང་བ་མ་ལགས། 9 སྐྱུར་རྩི་ཏི་ཏེ་གཅིག་གི་བག་པའི་ཧྲིལ་ར་གི་རི་ལ་སྐྱུར་བསླངས་ང་ལགས། 10 ཁྱེད་ཀྱ་ངའི་ལྟ་བ་ལ་མ་ན་གཞན་མ་ཁས་ལེན་གྱི་མ་ལགས་སྨྲས་རེ་ང་གཙོ་བོ་ལ་བློ་བསྐལ་ཡིན། ཁྱེད་ཀྱ་ལ་དཀྲུག་མཁན་གོ་སུ་ཡིན་ན། འོ་དེ་ལ་ཆད་པ་ཕོག་གི་ལགས། 11 ཡིན་ནའང་སྤུན་ཀྱ་བོ། ང་དོ་རང་འང་ལྤགས་བོ་བཅད་ཀྱིན་སྲོལ་གོ་རྩི་དགོས་ཀྱི་ལགས་སྨྲས་རེ་བཤད་ན། ང་ལ་གཞན་མ་ཀྱ་ཡིས་གི་བྱས་རེ་གནོད་བསྐྱལ་ལ་ལེ། དེའི་སྐོར་ལ་ངས་བཤད་འོད་ན། མཱ་ཤི་ཀའི་རྒྱང་ཤིང་གི་སྐོར་ལ་ངས་བཤད་ཀྱིན་གྱིས་གིའང་གནོད་བསྐྱལ་ཡས་མེད་ད་ལགས། 12 ཁྱེད་ཀྱ་ལ་དཀྲུག་མཁན་ཀྱ་ཡིས་རང་གི་ལྤགས་བོ་བཅད་ཡས་གཅིག་ཀ་མིན་ད་བྱ་རང་བཅད་ན་སྒྲིག་ཡས་འོད། 13 སྤུན་ཀྱ་བོ། ཁྱེད་ཀྱ་རང་དབང་གི་དོན་ལ་བོས་བ་ལགས། འོ་དེ་རང་དབང་དེ་ལུས་ཀྱི་འདོད་ཆགས་བཀང་ཡས་ལ་བེད་སྤྱོད་མ་བྱེད། ཡིན་ནའང་ཁྱེད་ཀྱ་བྱམས་པ་ཡི་ཐོག་ནས་གཅིག་གིས་གཅིག་ལ་ཞབས་ཕྱི་ཞུས། 14 གི་བྱས་རེ་སྨྲ་ན་ཆོས་ཁྲིམས་གི་རི་རང་གི་ཁྱིམ་མཚེས་ལ་རང་ལ་ཅོག་རེ་བརྩེ་བ་བྱེད་སྨྲ་གིན་བཀའ་གཅིག་གི་སྒྲུབ་འོད་ད་ལགས། 15 ཡིན་ནའང་ཁྱེད་ཀྱ་སེམས་ཅན་ཅོག་རེ་གཅིག་གིས་གཅིག་ལ་སྐྱོན་བཏང་རེ་སྡུག་པོ་སྟེར་ན། ཁྱེད་ཀྱ་ཁྱེད་རང་ཀྱ་ནས་རང་མེད་ད་ལ་འགྲོ་མ་དགོས་བར་ཤོག་སྨྲས་རེ་གཟབ་གཟབ་བྱེད། དམ་པའི་ཐུགས་ཉིད་ནས་འགྲོ་བ། 16 ཡིན་ནའང་ང་སྨྲ་ཡིན། དམ་པའི་ཐུགས་ཉིད་ནས་མི་ཚེ་སྐྱོལ། དེ་ནས་ཁྱོད་ཁྱེད་རི་ལུས་ཀྱི་འདོད་པ་སྒྲུབ་ཏུ་ཆུག་གི་མ་ལགས། 17 གི་བྱས་རེ་སྨྲ་ན་ལུས་ཀྱི་འདོད་པ་ཀྱ་དམ་པའི་ཐུགས་ཉིད་ཀྱི་འདོད་པ་ལ་མི་མཐུན་ད་ལགས། དེ་ནས་དམ་པའི་ཐུགས་ཉིད་ཀྱི་འདོད་པ་ལུས་ཀྱི་འདོད་པ་ལ་མི་མཐུན་ད་ལགས། དེ་ནས་དེ་གཉིས་བོ་དགྲ་བྱུང་རེ་ཁྱེད་ཀྱ་ཡིས་འཐད་ཀྱིན་ལས་ཀ་བྱེད་དུ་མི་བཅུག་གི་ལགས། 18 ཡིན་ནའང་ཁྱེད་ཀྱ་དམ་པའི་ཐུགས་ཉིད་ཐོག་ནས་འཁྲིད་བ་མཛད་ན། ཁྱེད་ཀྱ་ཆོས་ཁྲིམས་ཀྱི་དབང་གི་འོག་ཏུ་མེད་ད་ལགས། 19 ད་སྡིག་ཅན་རང་གཤིས་ཀྱི་ལས་ཀ་ཀྱ་གསལ་བོ་འོད་ད་ལགས། དེ་ཀྱ་ལོག་གཡེམ་དང་། འདོད་ཆགས་ཀྱི་ལས་ཀ་དང་། འདོད་ཆགས་དགའ་གིན་དང་། 20 སྐུ་འདྲ་ལ་མཆོད་ཀྱིན་དང་། ངན་སྔགས་དང་། སྡང་སེམས་དང་། སྡུག་ག་དང་། ཕྲག་དོག་དང་། ཞེ་སྡང་དང་། རང་འདོད་དང་། ཕྱོགས་བྱེད་ཀྱིན་དང་། ཁ་བྲལ་གྱིན་དང་། 21 སྙིང་ནག་དང་། ར་བཟི་གིན་དང་། སྤྱོད་པ་མེད་ཀྱིན་བཞུགས་གྲལ་དང་། དེ་རེ་ཅོག་རེ་ལས་ཀ་ཀྱ་ལགས། དེ་རེ་བྱེད་མཁན་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་རྒྱུད་འཛིན་ཐུབ་ཀྱི་མ་ལགས་སྨྲས་རེ་ངས་ཨེན་ལ་ཁྱེད་ཀྱ་ལ་སྨྲས་བའི། དེ་ནས་ད་ལྟའང་སྨྲ་ཡིན། 22 ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ཀྱ་བྱམས་པ་དང་། དགའ་སྤྲོ་དང་། ཞི་བདེ་དང་། བཟོད་པ་དང་། སྙིང་རྗེ་དང་། བཟང་པོ་དང་། བློ་བཀལ་ཐུབ་ཀྱིན་དང་། 23 ཉམ་ཆུང་དང་། རང་ཚོད་ཟིམ་གྱིན་ལགས། དེ་ཀྱ་ལ་མི་མཐུན་གྱིན་ཆོས་ཁྲིམས་མེད་ད་ལགས། 24 དེ་ནས་མཱ་ཤི་ཀ་ཡེ་ཤུའི་ཡིན་མཁན་ཀྱ་ཡིས་ཁོ་རི་སྡིག་ཅན་རང་གཤིས་གོ་འདོད་ཆགས་དང་འདོད་པ་ཀྱ་མུ་ལ་རྒྱང་ཤིང་དུ་བརྐྱངས་རེ་བསད་པ་ལགས། 25 ད་འོ་རང་དམ་པའི་ཐུགས་ཉིད་ཐོག་ནས་མི་ཚེ་བསྐྱལ་ན། དམ་པའི་ཐུགས་ཉིད་ལ་མཐུན་ཏེ་འགྲོ་དགོས་གུ་ལགས། 26 འོ་རང་ཀྱ་རང་མཐོང་དང་གཞན་མ་ལ་དཀྲུག་གིན་དང་། གཅིག་གིས་གཅིག་ལ་ཕྲག་དོག་བྱེད་ཀྱིན་ལས་ཀ་བྱེད་ཡས་མེད་ད་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.