ག་ལ་ཏི་ཡཱ་པ། 2 - གློ་བ།སྐུ་ཚབ་ཀྱ་ཡིས་པའུ་ལུ་ལ་ཁས་ལེན་བྱེད་པ། 1 ལོ་བཅུ་བཞི་གཤམ་ནས་ཏི་ཏོས་ལ་ཁྲིད་དེ། ང་ཡང་བར་ན་བཱ་མུ་ལ་ཡེ་རུ་ཤ་ལེམ་དུ་སོང་བའི། 2 དཀོན་མཆོག་གིས་ང་ལ་སྟོན་ད་མཛད་དེ་ང་འོ་དུ་རུ་སོང་བའི། དེ་ནས་ངས་བྱས་བྱ་དང་བྱེད་ཀྱིན་ལས་ཀ་ཀྱ། དོན་མེད་ཀྱིན་མ་བྱུང་བར་ཤོག་སྨྲས་རེ་ང་འོ་དུ་རུ་འོད་དེ་གང་ལ། ངས་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་མུ་ལ་བཤད་ཀྱིན་གཏམ་བཟང་གི་སྐོར་ལ། ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་ལ་ཟུར་ལ་ཐུག་སྟེ་བཤད་པའི། 3 ད་ངའི་མུ་ལ་འོད་མཁན་ཏི་ཏོས་གྷི་རིག་མི་ཡིན་ན། ཁོ་ལ་སུས་འང་ལྤགས་བོ་བཅད་ཀྱིན་སྲོལ་སྲུངས་སྨྲས་རེ་ཨུ་ཚུགས་མ་བྱས་སོང་། 4 གི་བྱས་རེ་སྨྲ་ན་འེ་ཀྱ་ཡི་ཁོག་ལ་མཱ་ཤི་ཀ་བ་ཟོག་པོ་རིང་འགའ་གསང་རེ་འཛུལ་རེ། མཱ་ཤི་ཀ་ནས་འོ་རང་ལ་འོད་ཀྱིན་རང་དབང་གོ་ལ་སོ་པ་བརྒྱབ་ཏུ་འོངས་རེ། འོ་རང་ལ་ཆོས་ཁྲིམས་ཀྱི་དབང་ལ་ཤོར་དུ་བཅུག་ཡས་ཐབས་ཤེས་བྱེད་འདིག། 5 ཡིན་ནའང་གཏམ་བཟང་གི་བདེན་པ་དེ། ཁྱེད་ཀྱི་ཕྱིར་ལ་སྐྱོབ་ཡས་ལ་འི་ཀིས་ཁོང་ཀྱ་ཡི་འོག་ལ་ཏི་ཏེ་གཅིག་འང་མ་སྒུར། 6 དེ་ནས་དཔོན་པོ་ཀྱ་ག་ཚོད་ཨོ་སོ་ཁ་བ་འོད་ན། ང་ལ་གིའང་ཇུས་གཏོགས་མ་བྱུང་སོང་། གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་མི་ལ་དབྱེ་བ་འབྲལ་ལ་མེད་མཛད་ད་ལགས། འོ་དེ་དཔོན་པོ་ཀྱ་ཡིས་ངས་བཤད་ཀྱིན་ལབ་ཀྱ་ཁར་ལ་གིའང་སྣོན་ཁ་བརྒྱབ་ཀྱི་མིན་འདུག 7 ད་པེ་ཏྲོ་ལ་ཡ་ཧུ་དཱ་པ་ཀྱ་ལ་གཏམ་བཟང་བཤད་ཡས་འགན་གནང་གིན་ཅོག་རེ། ང་ལའང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་གཏམ་བཟང་བཤད་ཡས་འགན་གནང་ན་གོ་ཁོང་ཀྱ་ཡིས་མཐོང་སོང་། 8 གི་བྱས་རེ་སྨྲ་ན་ཡ་ཧུ་དཱ་པ་ཀྱ་ཡི་ཁོག་ཏུ་སྐུ་ཚབ་ཀྱི་ཕྱག་ལས་པེ་ཏྲོ་ནས་མཛད་མཁན་དཀོན་མཆོག་གིས་རང་། ང་ནས་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་ཁོག་ཏུ་སྐུ་ཚབ་ཀྱི་ཕྱག་ལས་མཛད་གནང་སོང་། 9 དེ་ནས་ཆོས་ཚོགས་ཀྱི་ཀ་བ་བརྩིས་མཁན་ཡ་ཀོབ་དང་། པེ་ཏྲོ་དང་། ཡོ་ཧ་ནན་གྱི་དཀོན་མཆོག་གིས་ང་ལ་གནང་གིན་ཕྱག་ལས་གོ་ཧ་གོ་སྟེ། ང་དང་བར་ན་བཱ་ལ་ཁོང་ཀྱ་ཡི་ལས་རོགས་བྱེད་ཡས་ལ་ཁས་ལེན་སོང་། དེ་ནས་འེ་ཀྱ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་རྩ་རུ་དང་། ཁོང་ཀྱ་ཡ་ཧུ་དཱ་པ་ཀྱ་ཁོག་ཏུ་འགྲོ་ཡས་ཐག་བཅད་པ་ལགས། 10 མི་དབུལ་སྤྲེ་ཀྱ་ལ་དྲན་གསོ་བྱེད་སྨྲས་རེ་གཅིག་ཀ་ཁོང་ཀྱ་ཡིས་འེ་ལ་བསྐུལ་སོང་། དེ་ནས་དེ་རེ་བྱེད་ཡས་ལ་ཨེན་མ་ནས་ང་ལ་དམི་ཅིག་གི་འདོད་པ་འོད། པའུ་ལུ་ཡིས་པེ་ཏྲོ་ལ་ཁ་གཏད་བྱེད་པ། 11 ཡིན་ནའང་པེ་ཏྲོ་(ཀེ་ཕཱ།)ཨན་ཏི་ཡོག་ཡཱ་རྒྱལ་ས་རུ་འོངས་རེ། ངས་ཁོ་ལ་གདོང་དུ་རང་ཁ་གཏད་བྱས་བའི། གི་བྱས་རེ་སྨྲ་ན་ཁོས་མེད་དྲང་ང་བྱས་བ་ལགས། 12 ཡ་ཀོབ་ཀྱིས་བརྫངས་ཛ་མི་ཀྱ་མ་སླེབས་ཀྱིན་ཨེན་ལ། པེ་ཏྲོ་དད་པ་བྱེད་མཁན་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་མུ་ལ་བསྡད་དེ་ཟ་ལགས། ཡིན་ནའང་འོ་དེ་མི་ཀྱ་སླེབས་ཏེ་ཁོ་ལྤགས་བོ་བཅད་ཀྱིན་སྲོལ་བརྩིས་མཁན་ཀྱ་མུ་ལ་འཇིགས་ཏེ། ཁོ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ནས་སྦས་རེ་ར་ས་བསྡད་པ་ལགས། 13 དེ་ནས་ཁོའི་མུ་ལ་གཞན་མ་ཡ་ཧུ་དཱ་པ་ཀྱ་ཡིས་འང་དེ་རེ་ཟོག་བྱས་བ་ལགས། དེ་ནས་ཁོང་ཀྱ་ཡི་ཟོག་གིས་བར་ན་བཱ་ལ་བསླུས་རེ་ཁྲིད་པ་ལགས། 14 དེ་ནས་ཁོང་ཀྱ་ཡི་ལས་ཀ་དེ། གཏམ་བཟང་གི་བདེན་པ་ལ་མི་མཐུན་གྱིན་གོ་མཐོང་རེ། ངས་གི་རིའི་གདོང་དུ་པེ་ཏྲོ་ལ་སྨྲས་བའི། ཁྱོད་ཡ་ཧུ་དཱ་པ་བྱས་རེའང་ཡ་ཧུ་དཱ་པ་ཅོག་རེ་མིན་ད། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཅོག་རེ་མི་ཚེ་པུད་ན། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་ཡ་ཧུ་དཱ་པ་ཅོག་རེ་མི་ཚེ་པུད་སྨྲས་རེ། ཁྱོད་གང་བྱས་རེ་ཨུ་ཚུགས་བརྒྱབ་ཐུབ་བ་ལེ། 15 འོ་རང་སྐྱེས་ནས་ཧ་ལ་རང་ཡ་ཧུ་དཱ་པ་བྱས་རེ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་སྡིག་ཅན་ཀྱ་སྨྲ་གིན་ཅོག་རེ་མ་ལགས། 16 ཡིན་ནའང་ཆོས་ཁྲིམས་ཀྱི་ལས་ཀྱ་ནས་དྲང་པོ་མི་འགྱུར་ར། ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་ན། དྲང་པོ་འགྱུར་ར་ལགས་སྨྲས་རེ་འོ་རང་ཀྱ་ཤེས་ལ་ལགས། འོ་བྱས་རེ་ཆོས་ཁྲིམས་ཀྱི་ལས་ནས་སུའང་དྲང་པོ་མི་འགྱུར་གྱིན་བྱས་རེ་ལས་ཀ་ནས་མིན་ད། མཱ་ཤི་ཀ་ལ་དད་པ་བྱས་རེ་དྲང་པོ་འགྱུར་ཡས་ཀྱི་ཕྱིར་ལ། འོ་རང་ཀྱ་ཡིས་འང་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱས་བ་ལགས། 17 ཡིན་ནའང་འོ་རང་མཱ་ཤི་ཀའི་སྒོ་ནས་དྲང་པོ་བྱུང་ཡས་ཀྱི་ཐབས་ཤེས་བཙལ་ལི་གང་ལ། འོ་རང་ཀྱ་རང་ཆོས་ཁྲིམས་གོ་སྤང་རེ་སྡིག་པ་བྱེད་ཀྱིན་ཐུག་ན། མཱ་ཤི་ཀ་ཡིས་སྡིག་པ་བྱེད་དུ་བཅུག་པ་ལེ། དེ་ཕུ་ཀི་མ་ལགས། 18 གི་བྱས་རེ་སྨྲ་ན་ངས་ཁྲིམས་བརྟོལ་ཏ་གོ་ངས་ཡང་བཟོ་ན། ང་རང་ཁྲིམས་རྟོལ་མཁན་ལགས་སྨྲས་རེ་ཁུངས་བསྐྱལ་གྱི་ལགས། 19 དེ་ནས་དཀོན་མཆོག་གི་ཕྱིར་ལ་ང་གསོན་པོ་གནས་ཡས་ལ། ང་ཆོས་ཁྲིམས་ཀྱི་ཐོག་ནས་ཤི་ཚར་གྱིན་བྱས་རེ་ཆོས་ཁྲིམས་ཀྱི་འགན་གིའང་འཁུར་མེད་དགོས་ཀྱི་ལགས། 20 ང་མཱ་ཤི་ཀ་མུ་ལ་རྒྱང་ཤིང་ལ་ཤི་བའི། ད་དེ་ནས་ཧ་ལ་ང་རང་འཚོ་བ་བསྐྱལ་ལ་མིན་ད། མཱ་ཤི་ཀ་ངའི་ནང་དུ་འཚོ་བ་བསྐྱལ་ལ་ལགས། ད་ད་ལྟ་ང་ལུས་ལ་འཚོ་བ་བསྐྱལ་གྱིན་མི་ཚེ་འདི་ང་ལ་བྱམས་པ་བྱེད་མཁན་དང་། ངའི་ཕྱིར་ལ་རང་གི་སྐུ་སྲོག་བློས་བཏང་མཁན་དཀོན་མཆོག་གི་སྲས་ལ་དད་པ་བྱས་རེ་བསྐྱལ་ལ་ཡིན། 21 དཀོན་མཆོག་གི་ཐུགས་རྗེ་ལ་ང་ངོ་རྒོལ་མི་བྱེད། གི་བྱས་རེ་སྨྲ་ན་ཆོས་ཁྲིམས་ཀྱི་ཐོག་ནས་དྲང་པོ་འགྱུར་ཡས་ཡིན་ན། མཱ་ཤི་ཀ་དོན་མེད་ད་ལ་གྲོངས་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.