ག་ལ་ཏི་ཡཱ་པ། 1 - གློ་བ།1 མི་ཀྱ་ནས་མིན་ད། དེ་ནས་མིའི་ཐོག་ནས་མིན་ད། ཡིན་ནའང་ཡེ་ཤུ་མཱ་ཤི་ཀ་དང་། ཁོང་པ་ལ་འཆི་བ་ནས་བཞེངས་ང་མཛད་ཀྱིན་ཡབ་དཀོན་མཆོག་གི་སྐུ་ཚབ་ང་པའུ་ལུ། 2 དང་ངའི་མུ་ལ་འོད་མཁན་སྤུན་ཀྱ་གི་རི་ནས་ག་ལ་ཏི་ཡཱའི་ཆོས་ཚོགས་ཀྱ་ལ། 3 འོ་རི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ཀྱ་ལ་ཐུགས་རྗེ་དང་ཞི་བདེ་བབ་བར་ཤོག། 4 འོ་རི་དཀོན་མཆོག་དང་ཡབ་ཀྱི་ཐུགས་དགོངས་སྒྲུབ་ཡས་ལ། ཡེ་ཤུ་མཱ་ཤི་ཀ་ཡིས་འོ་རང་ལ་ད་ལྟ་ཡི་དུས་ངན་པ་ནས་ཐར་དུ་བཅུག་ཡས་ལ། འོ་རི་སྡིག་པ་ཀྱ་ཡི་ཕྱིར་ལ་རང་གི་སྐུ་སྲོག་བློ་བཏང་བ་ལགས། 5 རྒྱུན་ནས་རྒྱུན་དུ་དཀོན་མཆོག་ལ་གཟི་བརྗིད་འོང་བར་ཤོག། ཨ་མེན། གཏམ་བཟང་གཞན་མ་མེད། 6 མཱ་ཤི་ཀའི་ཐུགས་རྗེ་ནས་བོས་པ་ཁྱེད་ཀྱ་དེ་རེ་མགྱོགས་བ་ཁོང་ལ་ངོ་ལོག་སྟེ། གཏམ་བཟང་གཞན་མ་གྱི་གཤམ་ལ་འབྲང་གིན་ལ་ང་ཧ་ལས་སོང་། 7 གཏམ་བཟང་གཞན་མ་ནི་འོད་འང་མེད་ད་ལགས། ཡིན་ནའང་མི་རིང་འགའ་ཡིས་ཁྱེད་ཀྱ་ལ་དཀྲུགས་ཏེ། མཱ་ཤི་ཀའི་གཏམ་བཟང་གོ་ལ་གཡོ་ཡས་བྱེད་འདིག། 8 གི་ཡིན་ན་འི་ཀིས་ཁྱེད་ཀྱ་ལ་བཤད་ཀྱིན་གཏམ་བཟང་གི་མི་འདྲ་བ་འེ་ཀྱ་དང་། ནམ་མཁའི་བང་ཆེན་གཅིག་གིས་འང་གཞན་མ་བཤད་ན། འོ་དེ་གོ་ལ་དཀོན་མཆོག་གི་ཆད་པ་ཕོག་བར་ཤོག 9 འི་ཀིས་ཨེན་མ་སྨྲ་གིན་ཅོག་རེ་ད་ལྟ་ང་ལྡབ་ལེ་སྨྲ་ཡིན། ཁྱེད་ཀྱ་ཡིས་ཁས་ལེན་ལ་གཏམ་བཟང་ནས་མི་འདྲ་བ་གཞན་མ་སུ་གཅིག་གིའང་ཁྱེད་ཀྱ་ལ་བཤད་ན། འོ་དེ་ལ་དཀོན་མཆོག་གི་ཆད་པ་ཕོག་བར་ཤོག། 10 ད་ང་མི་ཀྱ་ནས་ངོས་ལེན་བཙལ་ལི་བོ། ཡང་མེད་ན་དཀོན་མཆོག་ནས་བཙལ་ལི་བོ། ཡང་ང་མི་ཀྱ་ལ་དགའ་རུ་བཅུག་ཡས་ལ་ཐབས་ཤེས་བྱེད་འདིག་བའི། ངས་ད་ལྟ་ཐུག་པའི་མི་ཀྱ་ལ་དགའ་རུ་བཅུག་ཡས་ཐབས་ཤེས་བྱས་འོད་ན། ང་མཱ་ཤི་ཀའི་ཞབས་ཕྱི་འོངས་ཡས་མེད། པའུ་ལུ་ལ་འབོད་བ། 11 སྤུན་ཀྱ་བོ། ངས་བཤད་ཀྱིན་གཏམ་བཟང་གོ་མིའི་གཏམ་བཟང་མ་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་བྱེད་སྨྲས་རེ་ང་འདོད་འདིག་འོད། 12 གི་བྱས་རེ་སྨྲ་ན་ང་ལ་དེ། མི་སུའི་ནས་འང་འབྱོར་པ་མ་ལགས། དེ་ནས་སུས་འང་བསླབས་པ་མ་ལགས། ཡིན་ནའང་ཡེ་ཤུ་མཱ་ཤི་ཀ་ལ་མངོན་སུམ་མཇལ་རེ། ཁོང་པ་ནས་ང་ལ་འདི་ཐོབ་སོང་། 13 ཨེན་མ་ང་ཡ་ཧུ་དཱ་པ་ཆོས་ལུགས་བརྩིས་ལི་གང་ལ། ངས་དཀོན་མཆོག་གི་ཆོས་ཚོགས་ལ་དམི་ཅིག་གི་འཇིགས་སྐྲག་ཆེ་སྡུག་པོ་སྟེར་གྱིན་དང་། འོ་དེ་ལ་མེད་ད་ལ་བཏང་ཡས་ལ་ཐབས་ཤེས་བྱས་ཀྱིན་གོ་ཁྱེད་ཀྱ་ཡིས་གོ་འོད་ད་ལགས། 14 འི་ཀིའི་མི་ཀྱ་ཁོག་ཏུ་ངའི་ལོ་འདྲ་འདྲ་ཡི་མི་ཀྱ་ནས་ལྷག་ཡ་ཧུ་དཱ་པ་ཆོས་ལུགས་ལ་ང་ཨེན་ལ་ཐར་སོང་། དེ་ནས་ངའི་ཕ་མའི་ལུགས་སྲོལ་ཀྱ་ལ་ང་དམི་ཅིག་གི་ཤུགས་ཆེ་བརྩིས་ལི་འོད། 15 ཡིན་ནའང་ང་མ་སྐྱེས་ཀྱིན་ཨེན་ལ་རང་། ང་ལ་ར་ས་པད་རེ་བདམས་མ་མཛད་ཀྱིན་དང་། རང་གི་ཐུགས་རྗེ་ཐོག་ནས་འབོད་མཛད་ཀྱིན་དཀོན་མཆོག་གིས་ཐུགས་མཉེས་བོ་མཛད་དེ། 16 ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་གཏམ་བཟང་བཤད་ཡས་ཀྱི་ཕྱིར་ལ། ཁོང་པ་ཡི་སྲས་ང་ལ་སྟོན་མཛད་སོང་། དེ་ནས་ངས་ཚ་དྲག་བྱས་རེ་སུའི་མུ་ལ་གྲོས་མ་བྱས། 17 དེ་ནས་ངའི་ཨེན་ལ་འོད་མཁན་སྐུ་ཚབ་ཀྱ་རྩ་རུ་ཡེ་རུ་ཤ་ལེམ་དུ་ང་མ་སོང་། ཡིན་ནའང་ང་ལམ་སང་ཨ་རབ་ཡུལ་ལ་སོང་བའི། དེ་ནས་གཤམ་ལ་དཱ་མ་སེག་ཀོ་རྒྱལ་ས་རུ་ལོག་སྟེ་འོངས་བའི། 18 དེ་ནས་ལོ་གསུམ་གཤམ་ནས་ང་ཡེ་རུ་ཤ་ལེམ་དུ་པེ་ཏྲོ་ལ་ཐུག་ཏུ་སོང་བའི། དེ་ནས་ཁོའི་མུ་ལ་ཞག་མོ་བཅོ་ལྔ་བསྡད་པའི། 19 ཡིན་ནའང་གཙོ་བོའི་ནུ་བོ་ཡ་ཀོབ་ལ་མ་ན། གཞན་མ་སྐུ་ཚབ་ཀྱ་ནས་སུ་ལ་ངས་མ་མཐོང་། 20 དཀོན་མཆོག་གི་གདོང་དུ་ངས་ཁྱེད་ཀྱ་ལ་བྲིས་ཀྱིན་ལབ་ཀྱ་ཟོག་པོ་མིན། 21 འོ་དེ་གཤམ་ནས་ང་སི་རི་ཡཱ་དང་ཀི་ལི་ཀི་ཡཱ་ཡུལ་ཕྱོགས་ལ་སོང་བའི། 22 འོ་དེ་ཐུག་པའི་ཡུ་དེ་ཡཱ་ཡུལ་དུ་འོད་མཁན་མཱ་ཤི་ཀའི་ཆོས་ཚོགས་ཀྱ་ཡིས་ང་ལ་མཐོང་མ་མྱོང་འོད་ད་ལགས། 23 ཁོང་ཀྱ་ཡིས་དེ་ཚོད་གཅིག་ཀ་གོ་འོད་ད་ལགས། ཨེན་མ་འོ་རང་ལ་སྡུག་པོ་བཏང་རེ་འོ་རི་རྩི་གིན་དད་པ་མེད་ད་ལ་བཏང་ཡས་བྱེད་མཁན་མི་གོ། ད་ལྟ་འོ་དེ་དད་པའི་ཕྱིར་ལ་རང་གཏམ་བཟང་བཤད་འདིག། 24 དེ་ནས་ངའི་བྱས་རེ་ཁོང་ཀྱ་ཡིས་དཀོན་མཆོག་ལ་བསྟོད་པ་ཕུལ་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.