ཨེ་ཕེ་སུ་པ། 5 - གློ་བ།1 འོ་བྱས་རེ་ཁྱེད་ཀྱ་གཅེས་བའི་སྲས་དང་སྲས་མོ་ཀྱ་བྱས་རེ་དཀོན་མཆོག་གི་ཅོག་རེ་བྱེད་ཡས་ཐབས་ཤེས་བྱེད། 2 དེ་ནས་མཱ་ཤི་ཀ་ཡིས་འོ་རང་ལ་བྱམས་པ་མཛད་དེ། རང་གི་སྲོག་འོ་རི་ཕྱིར་ལ་དཀོན་མཆོག་གི་དྲུང་དུ་དྲི་ཞིམ་གྱི་མཆོད་པ་དང་། དམར་མཆོད་ཅོག་རེ་བྱུང་རེ་བློས་བཏང་མཛད་ཀྱིན་ཅོག་རེ། ཁྱེད་ཀྱ་བྱམས་པའི་ནང་ནས་མི་ཚེ་སྐྱོལ། 3 ཡིན་ནའང་ཁྱེད་ཀྱ་དཀོན་མཆོག་གི་དམ་པའི་མི་ཀྱ་བྱས་རེ་ཁྱེད་ཀྱི་གུང་དུ་འདོད་ལོག་དང་སྦག་བ་ཤོར་གྱིན་ལས་སྣ་གི་རི། ཡང་ན་བརྣབ་སེམས་ཀྱ་ཡི་མིང་གཅིག་འང་བེད་སྤྱོད་བྱེད་ཡས་མེད་ད་ལགས། 4 དེ་ནས་ཕན་ཐོག་མེད་ཀྱིན་ལབ་ཛོར་ར་ཀྱ་དང་། ཆོ་མེད་ཀྱིན་ཀྱ་ཡང་ན་ཀྱལ་ཀྱ་ཀྱ་ཡི་ལབ་ཀྱ་ཁྱེད་ཀྱི་གུང་དུ་མ་ཡོང་དགོས། ཡིན་ནའང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས། 5 གི་བྱས་རེ་སྨྲ་ན་འདོད་ལོག་བྱེད་མཁན་དང་། ལས་མེད་གཙང་ང་བྱེད་མཁན་དང་། བརྣབ་སེམས་ཅན་གྱི་མི་སུའི་ཡིན་ན། (སྐུ་འདྲ་མཆོད་མཁན་ཀྱ།) མཱ་ཤི་ཀ་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐལ་ད་མེད་ཐོབ་ཀྱི་ལགས་སྨྲས་རེ། ཁྱེད་ཀྱ་ཡིས་གསལ་བོ་ཤེས་ལ་བྱེད། 6 ཁྱེད་ཀྱ་ལ་སུས་འང་ཁུངས་མེད་ཀྱིན་ལབ་ཀྱ་བཏང་རེ་མ་བསླུས་བར་ཤོག། གི་བྱས་རེ་སྨྲ་ན་དེ་རེ་ཀྱ་ཡིས་བྱས་རེ་དཀོན་མཆོག་གི་ཐུགས་ཁྲོ་བཀའ་ལ་མེད་ཉན་གྱིན་ཀྱ་ཡི་ཁ་ལ་འཕོག་བ་ལགས། 7 འོ་བྱས་རེ་ཁོང་ཀྱ་མུ་ལ་མ་འདྲེ། 8 གི་བྱས་རེ་སྨྲ་ན་སྐབས་གཅིག་ལ་ཁྱེད་ཀྱ་མུན་ནག་ནང་འོད་ད་ལགས། ཡིན་ནའང་ད་ལྟ་གཙོ་བོའི་ནང་ཁྱེད་ཀྱ་འོད་ནང་དུ་འོད་ད་ལགས། འོད་ཀྱི་ཕྲུ་བ་ཀྱ་ཅོག་རེ་མི་ཚེ་སྐྱོལ། 9 (གི་བྱས་རེ་སྨྲ་ན་འོད་ཀྱི་འབྲས་བུ་ཀྱ་ནི་བཟང་ང་དང་། དྲང་ང་དང་། བདེན་པ་ཡིན་གྱིན་གི་རི་ནང་ཐོབ་པ་ལགས།) 10 དེ་ནས་གཙོ་བོའི་ཐུགས་དགྱེས་ཀྱིན་གྱི་དོན་གོ་ཀྱ་ཤེས་ལ་བྱེད། 11 ཕན་ཐོགས་མེད་ཀྱིན་མུན་ནག་གི་ལས་ཀ་ཀྱ་ལ་མ་འདྲེ། ཡིན་ནའང་འོ་དེ་རེ་ལས་ཀ་ཀྱ་འོད་ལ་སྟོན། 12 གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་གསང་བ་དུ་བྱས་བྱ་ལས་ཀ་ཀྱ་ཡི་སྐོར་ལ་སྨྲ་ཡས་གོའང་ངོ་ཚ་གིན་ལགས། 13 ཡིན་ནའང་འོད་ཀྱི་ཐོག་ནས་མངོན་གྱིན་གི་རི་མཐོང་གི་ལགས། དེ་ནས་མཐོང་གིན་གི་རི་འོད་ལགས། 14 འོ་བྱས་རེ་གསུང་རབ་ལ་དེ་རེ་གསུངས་འོད་ད་ལགས། གཉིད་ལོག་སྟེ་བསྡད་ད་ཀྱ་བོ། ལོངས། དེ་ནས་འཆི་བ་ནས་གསོན། དེ་ནས་མཱ་ཤི་ཀ་ཡིས་ཁྱེད་ཀྱ་ལ་འོད་གནང་གི་ལགས། 15 འོ་བྱས་རེ་ཁྱེད་ཀྱ་མི་ཚེ་ག་རེ་བསྐྱལ་གྱིན་ལ་གཟབ་གཟབ་བྱེད། གླེན་ད་ཀྱ་ཅོག་རེ་མིན་ད་མཁས་བ་ཀྱ་ཅོག་རེ། 16 གོ་སྐབས་གི་རིའི་བེད་སྤྱོད་བཟང་པོ་གཏོང་། གི་བྱས་རེ་སྨྲ་ན་དུས་ཚད་ཀྱ་ངན་པ་འདུག། 17 འོ་བྱས་རེ་གླེན་ད་མ་འབྱུང་། ཡིན་ནའང་གཙོ་བོའི་ཐུགས་དགོངས་གི་ཡིན་གྱིན་གོ་ཤེས་ལ་བྱེད། 18 དེ་ནས་མི་ཚེ་འཕྲོ་བརླག་བཏང་གིན། རྒུན་ཆང་གིས་བཟི་རེ་མ་རྒྱུགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ། 19 གཅིག་གིས་གཅིག་མུ་ལ་གསུང་མགུར་དང་། བསྟོད་གླུ་དང་། མགུར་གླུ་ཀྱ་ཐོག་ནས་ལབ་བཏང་རེ། དེ་ནས་རང་གི་སེམས་ནས་གཙོ་བོ་ལ་བསྟོད་དབྱངས་དང་། རོལ་དབྱངས་ཕུལ། 20 དེ་ནས་ནམ་ཡིན་ན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ཐོག་ནས་གི་རིའི་ཕྱིར་ལ་ཡབ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས། 21 དེ་ནས་མཱ་ཤི་ཀ་ལ་བསྙེན་བཀུར་འབུལ་ཡས་ལ་ཕན་ཚུན་ཁ་ལ་ཉན། ཁྱོ་ག་དང་སྐྱེས་དམན་ལ་བསླབ་བྱ། 22 སྐྱེས་དམན་ཀྱ་བོ། ཁྱེད་ཀྱ་གཙོ་བོའི་བཀའ་ལ་མཉན་གྱིན་ཅོག་རེ། རང་གི་ཁྱོ་གའི་ཁ་ལ་ཉན། 23 གི་བྱས་རེ་སྨྲ་ན་ཆོས་ཚོགས་ནི་མཱ་ཤི་ཀའི་སྐུ་ལུས་བྱས་རེ་མཱ་ཤི་ཀ་ནི་ཆོས་ཚོགས་ཀྱི་དབུ་དང་། ཁོང་པ་རང་འོ་དེའི་སྐྱབས་མགོན་ཡིན་གྱིན་ཅོག་རེ་ཁྱོ་ག་གོ་སྐྱེས་དམན་གྱི་མགོ་བ་ཡིན། 24 ད་ཆོས་ཚོགས་གོ་མཱ་ཤི་ཀའི་བཀའ་ལ་ཉན་གྱིན་ཅོག་རེ་སྐྱེས་དམན་ཀྱ་གི་རི་རང་གི་ཁྱོ་ག་ཡི་ཁ་ལ་ཉན་དགོས། 25 ཁྱོ་ག་ཀྱ་བོ། རང་གི་སྐྱེས་དམན་ཀྱ་ལ་བརྩེ་བ་བྱེད། གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡིས་འང་ཆོས་ཚོགས་ལ་བརྩེ་བ་མཛད་དེ་རང་གི་སྐུ་སྲོག་འོ་དེའི་ཕྱིར་ལ་བློས་བཏང་ང་མཛད་པ་ལགས། 26 དེའི་དོན་གོ་ཆོས་ཚོགས་ལ་དམ་པ་མཛད་ཡས་ཀྱི་ཕྱིར་ལ་བཀའ་ཡི་ཐོག་ནས་ཆུ་ཡིས་ཁྲུས་རེ་གཙང་མ་མཛད་པ་ལགས། 27 དེ་རེ་མཛད་དེ་ཆོས་ཚོགས་གོ་རྨེ་བ་དང་གཉེར་མ་མེད་ཀྱིན། ཡང་ན་དེ་རེ་སྐྱོན་གིའང་མེད་ཀྱིན། ཡིན་ནའང་དམ་པ་དང་སྐྱོན་མེད་ད། དམི་ཅིག་གི་གཟི་བརྗིད་ཆེའི་སྒོ་ནས་རང་གི་དྲུང་དུ་འབུལ་ཡས་ལ་ལགས། 28 འདུག་བྱས་རེ་རང་ཁྱོ་ག་ཀྱ་གིས་འང་རང་གི་སྐྱེས་དམན་ལ་རང་གི་ལུས་ཡིན་གྱིན་ཅོག་རེ་བརྩེ་བ་བྱེད་དགོས་ཀྱི་ལགས། རང་གི་སྐྱེས་དམན་ལ་བརྩེ་བ་བྱེད་མཁན་གྱིས་རང་ལ་བརྩེ་བ་བྱེད་ད་ལགས། 29 མི་སུས་འང་རང་གི་ལུས་ལ་སྡང་ང་མི་བྱེད་ད་ལགས། ཡིན་ནའང་འོ་དེ་ལ་བརྩེ་དུང་བྱས་རེ་བདག་པོ་བརྒྱབ་བ་ལགས། དེ་རེ་རང་མཱ་ཤི་ཀ་ཡིས་རང་གི་ཆོས་ཚོགས་ལ་བརྩེ་དུང་མཛད་ད་ལགས། 30 གི་བྱས་རེ་སྨྲ་ན་འོ་རང་ཁོང་པ་ཡི་སྐུ་ལུས་ཀྱི་ཡན་ལག་ཀྱ་ལགས། 31 འོ་བྱས་རེ་སྐྱེས་བའི་བུ་ཡིས་རང་གི་ཕ་མ་ལ་བོར་ཏེ་རང་གི་སྐྱེས་དམན་མུ་ལ་འཆམས་མ་ལགས། དེ་ནས་ཁོང་གཉིས་བོ་ལུས་གཅིག་འབྱུང་གི་ལགས། 32 དེ་ནི་གསང་བ་ཆེ་གཅིག་ལགས། དེ་ནས་འདི་ལབ་དེ་ང་མཱ་ཤི་ཀ་དང་ཆོས་ཚོགས་ལ་དམིགས་ཏེ་སྨྲ་ཡིན། 33 གི་ཡིན་ན། ཁྱེད་ཀྱ་གི་རི་ཡིས་རང་གི་སྐྱེས་དམན་ལ་རང་ལ་ཅོག་རེ་བརྩེ་བ་བྱེད་དགོས། དེ་ནས་སྐྱེས་དམན་གྱིས་འང་རང་གི་ཁྱོ་ག་ལ་བརྩི་བཀུར་བྱེད་དགོས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.