ཨེ་ཕེ་སུ་པ། 4 - གློ་བ།མཱ་ཤི་ཀའི་ཆོས་ཚོགས་ནང་དུ་མཐུན་སྒྲིལ། 1 འོ་བྱས་རེ་གཙོ་བོའི་བཙོན་པ་ང་པའུ་ལུ་ཁྱེད་ཀྱ་ལ་ཞུ་བ་དེ་ཀྱ་འབུལ་ལ་ཡིན། ཁྱེད་ཀྱ་ལ་དཀོན་མཆོག་གིས་བོས་མཛད་ཛ་གོ་ལ་རྟེན་ཐུབ་ཀྱིན་མི་ཚེ་སྐྱོལ། 2 དེ་ནས་ཉམ་ཆུང་དང་། ཞི་འཇམ་དང་། བཟོད་སྒོམ་གི་རི་ནས། བྱམས་པའི་སྒོ་ནས་གཅིག་གིས་གཅིག་ལ་བཟོད་པ་བསྒོམས་ཏེ། 3 དམ་པའི་ཐུགས་ཉིད་ནས་བྱུང་གིན་མཐུན་སྒྲིལ་གོ་ཞི་བདེའི་སྒོ་ནས་གི་ཐུབ་ཐུ་སྲུང་ཡས་ཐབས་ཤེས་བྱེད། 4 དཀོན་མཆོག་གིས་ཁྱེད་ཀྱ་ལ་བོས་ལི་གང་ལ་རེ་བ་གཅིག་ལ་བོས་པ་ཅོག་རེ། ལུས་གཅིག་དང་། ཐུགས་ཉིད་གཅིག། 5 གཙོ་བོ་གཅིག་དང་། དད་པ་གཅིག་དང་། ཁྲུས་གསོལ་གཅིག། 6 དང་དཀོན་མཆོག་གཅིག་འོད་ད་ལགས། དེ་ནས་ཁོང་གི་རིའི་ཡབ་ལགས། དེ་ནས་ཁོང་པ་གི་རིའི་ཐོག་ལ། དེ་ནས་གི་རིའི་ཐོག་ནས་དང་། གི་རིའི་ནང་བཞུགས་འོད་ད་ལགས། 7 ཡིན་ནའང་ཐུགས་རྗེ་གོ་འོ་རང་རེ་རེ་ལ་མཱ་ཤི་ཀའི་གནང་སྦྱིན་གྱི་ཚད་ལ་བརྟེན་ཏེ་གནང་འོད་ད་ལགས། 8 འདིའི་སྐོར་ལ་གསུང་རབ་ལ་དེ་རེ་གསུངས་འོད་ད་ལགས། ཁོང་པ་ནམ་མཁའི་ཞིང་ཁམས་ཐོག་ལ་ཕེབས་བའི་གང་ལ། བཙོན་པའི་ཚོགས་ཁྲིད་བ་མཛད་པ་ལགས། དེ་ནས་མི་ཀྱ་ལ་གནང་སྦྱིན་ཀྱ་གནང་ང་མཛད་པ་ལགས། 9 ད་ཁོང་པ་ནམ་མཁའི་ཞིང་ཁམས་ཐོག་ལ་ཕེབས་པ་ལགས། སྨྲ་གིན་གྱི་དོན་དེ་གི་ལེ། དོན་ནི་དེ་རང་ལགས། ཁོང་པ་ཨེན་ལ་འཇིག་རྟེན་གྱི་ས་ཆ་དམའ་ཤོས་ལ་བབ་མཛད་པ་ལགས། 10 མ་ལ་བབ་མཛད་མཁན་གོ་རང་ནམ་མཁའི་ཞིང་ཁམས་གི་རིའི་མཐོ་ཤོས་ལ་ཕེབས་མཁན་གོ་ལགས། དེ་ནས་དེ་ནི་ཁོང་གིས་འཇིག་རྟེན་དུ་གི་རི་ཁང་དུ་བཅུག་ཡས་ཀྱི་ཕྱིར་ལ་ལགས། 11 དེ་ནས་མཱ་ཤི་ཀ་རང་གིས་གནང་ན་གནང་སྦྱིན་ཀྱ། རིང་འགའ་སྐུ་ཚབ་ཀྱ། རིང་འགའ་མངོན་ཤེས་མཁན་ཀྱ། རིང་འགའ་གཏམ་བཟང་བཤད་མཁན་ཀྱ། རིང་འགའ་མཆོད་དཔོན་དང་སློབ་དཔོན་ཀྱ་བྱུང་རེ། 12 མཱ་ཤི་ཀའི་ཆོས་ཚོགས་ཡར་རྒྱས་བཏང་ཡས་ཀྱི་ཕྱིར་ལ་ཞབས་ཕྱི་ཞུ་ཡས་ཀྱི་ལས་ཀ་ཀྱ་ལ་མི་དམ་པ་ཀྱ་གྲ་སྒྲིག་བྱེད་ཡས་ལ་ལགས། 13 དེ་ནས་འོ་རང་གི་རི་དད་པ་ལ་གཅིག་མ་འབྱུང་གིན་ཐུག་པའི་དང་། དཀོན་མཆོག་གི་སྲས་ཀྱི་ཤེས་ཡོན་ལ་ནར་འགྲོ་ཉིད་རེ་མཱ་ཤི་ཀའི་ཕུན་སུམ་ཚོགས་པའི་ཚད་ཅོག་རེ་མ་འབྱུང་གིིན་ཐུག་པའི་འདི་ནི་འབྱུང་གི་ལགས། 14 ད་འོ་རང་དེ་ནས་ཧ་ལ་མིའི་གཡོ་སྒྱུ་ནས། དེ་ནས་བསླུ་བྲིད་འོག་ལ་ཆུད་དེ། རྦ་རླབས་ཀྱ་ཡིས་ཧ་ལ་ཚུར་ལ་གཡོས་ཡ་དང་། ལྟ་བ་ལོག་པ་སྣ་ཚོགས་ཀྱིས་དཀྲུགས་ཀྲ་ཕྲུ་བ་ཀྱ་ཅོག་རེ་མི་བྱུང་བ། 15 ཡིན་ནའང་བྱམས་པའི་ཀྱི་སྒོ་ནས་ལབ་བདེན་པ་བཤད་དེ། འུ་རེ་དབུ་ཡིན་མཁན་མཱ་ཤི་ཀའི་ནང་ལ་ཕྱོགས་གི་རི་ནས་འོ་རང་འཚར་ཏེ་འགྲོ་དགོས། 16 ཁོང་པ་ནས་རང་ལུས་གང་ཚང་རྒྱུས་པ་རེ་རེའི་མཐུད་ད་དང་མུ་ལ་བསྡམས་ད་འོད་ད་ལགས། འོ་བྱས་རེ་ཡན་ལག་མི་རི་མི་རིའི་རང་གི་བྱེད་དགོས་ཀྱིན་ལས་ཀ་གོ་བྱེད་ན། ལུས་གང་ཚང་འཚར་ཏེ་བྱམས་པའི་ཐོག་ནས་རང་ལ་ཡར་རྒྱས་བཏང་ང་ལགས། མི་ཚེ་རྙིང་པ་དང་གསར་པ། 17 ད་ང་གཙོ་བོའི་ནང་བཀའ་ཤུགས་ཆེ་སྟེར་ཏེ་སྨྲ་ཡིན། ཁྱེད་ཀྱ་དེ་ནས་ཧ་ལ་ཡ་ཧུ་དཱ་པ་མིན་གྱིན་མི་ཀྱ་ཅོག་རེ་དོན་མེད་ཀྱིན་བསམ་བློ་ཀྱ་བཏང་རེ་མི་ཚེ་མ་བསྐྱལ། 18 དེ་ནས་ཁོང་ཀྱ་ཡི་སེམས་གྱོང་ང་ཡི་རྐྱེན་གྱི་ཁོང་ཀྱ་ནང་འོད་ཀྱིན་གཏི་མུག་གིས་བྱས་རེ་ཁོང་ཀྱ་ཡི་ཤེས་ཡོན་མུན་ནག་གིས་བཏུམས་འོད་ད་ལགས། དེ་ནས་དཀོན་མཆོག་གི་ཚེ་ནས་ཁ་བྲལ་འོད་ད་ལགས། 19 ཁོང་ཀྱ་ཡིས་ངོ་ཚ་གི་རི་སྤངས་རེ་འདོད་ཆགས་ལ་ཆུད་འདུག། དེ་ནས་ལས་མེད་གཙང་ང་སྣ་ཚོགས་བྱེད་ཡས་ལ་ཁོང་ཀྱ་འདོད་པ་ཆེ་བྱུང་འདུག། 20 ཡིན་ནའང་ཁྱེད་ཀྱ་ཡིས་མཱ་ཤི་ཀའི་སྐོར་ལ་བསླབས་ལ་གོ་དེ་རེ་མ་ལགས། 21 ཡེ་ཤུ་ནང་འོད་ཀྱིན་བདེན་པ་ལ་བརྟེན་ཏེ་ཁྱེད་ཀྱ་ཡིས་ཁོང་པ་ཡི་སྐོར་ལ་མཉན་འོད་ད་ལགས། དེ་ནས་བསླབས་འོད་ད་ལགས། 22 དེ་ནི་སླུ་གིན་འདོད་ཆགས་ཀྱིས་རུལ་ར་ཨེན་མ་མི་ཚེའི་སྤྱོད་པ་ལ་མཐུན་གྱིན་ཁྱེད་རི་སྤྱོད་པ་རྙིང་པ་གོ་སྤོངས། 23 དེ་ནས་རང་གི་སེམས་ཉིད་དུ་གསར་པ་འབྱུང་། 24 དེ་ནས་དཀོན་མཆོག་གི་གཤིས་ཀ་ལ་བདེན་པའི་དྲང་བདེན་དང་། དམ་པ་ལ་བཀོད་ཀ་གཤིས་ཀ་གསར་པ་གོ་ལེན་སྨྲས་རེ་ཁྱེད་ཀྱ་ལ་བསླབས་འོད་ད་ལགས། 25 འོ་བྱས་རེ་ཟོག་སྤངས་རེ་ཁྱེད་རེ་རེ་ཡིས་རང་གི་ཁྱིམ་མཚེས་མུ་ལ་ལབ་བདེན་པ་ཤོད། གི་བྱས་རེ་སྨྲ་ན་འོ་རང་ལུས་གཅིག་པའི་ཡན་ལག་ཀྱ་ལགས། 26 འཚིག་པ་ཟོ། ཡིན་ནའང་སྡིག་པ་མ་བྱེད། ཉི་མ་འགྲུབ་ཡས་ཨེན་ལ་ཁྱེད་ཀྱ་ཡི་འཚིག་པ་ཞི་བར་ཤོག། 27 དེ་ནས་བདུད་ལ་གོ་སྐབས་མ་སྟེར། 28 རྐུ་མཁན་གྱིས་ད་མ་བརྐུས་བར་ཤོག། ཡིན་ནའང་ཁོས་དཀའ་ལས་བརྒྱབ་བར་ཤོག། ཁོས་རང་གི་ལག་པ་གཉིས་ཀྱིས་དྲང་པོ་བྱས་རེ་དཀའ་ལས་བརྒྱབ་བར་ཤོག།དེ་ནས་དགོས་མཁན་ཀྱ་ལ་སྦྱིན་པ་བཏང་བར་ཤོག། 29 ཁྱེད་ཀྱ་ཡིས་ཁ་ནས་ཚིག་ངན་པ་ཀྱ་མ་བཤད། ཡིན་ནའང་ཉན་མཁན་ཀྱ་ལ་ཕན་ཡས་ཀྱི་ཕྱིར་ལ་དུས་ལ་མཐུན་གྱིན་དང་ཡར་རྒྱས་བཏང་གིན་ཚིག་སྙན་ད་ཀྱ་གཅིག་ཀ་ཤོད། 30 དེ་ནས་ཐར་པའི་ཉིན་མའི་ཕྱིར་ལ་དམ་པའི་ཐུགས་ཉིད་ཀྱི་རྟགས་བརྒྱབ་གྱ་བྱས་རེ། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་སྐྱོ་རུ་མ་ཆུག། 31 ངན་སེམས་གི་རི་དང་། ཁོང་ཁྲོ་དང་། ཞེ་སྡང་གི་རི། དེ་ནས་འཐབ་རྩོད་དང་། དམའ་འབེབས་གི་རི་དང་། ཕྲག་དོག་སྣ་ཚོགས་ཀྱ་སྤོངས། 32 དཀོན་མཆོག་གི་མཱ་ཤི་ཀའི་ཐོག་ནས་ཁྱེད་ཀྱ་ལ་དགོངས་ཡངས་གནང་གིན་ཅོག་རེ་ཁྱེད་ཀྱའང་། གཅིག་གིས་གཅིག་ལ་དགོངས་ཡངས་སྟེར་ཏེ་གཅིག་གིས་གཅིག་ལ་སྙིང་རྗེ་དང་སེམས་ཆུང་བྱེད།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.