ཨེ་ཕེ་སུ་པ། 3 - གློ་བ།དཀོན་མཆོག་གི་གསང་བ་མངོན་པ། 1 འོ་བྱས་རེ་ང་པའུ་ལུ་ཁྱེད་ཡ་ཧུ་དཱ་པ་མིན་གྱིན་ཀྱ་ཡི་དོན་དུ་མཱ་ཤི་ཀ་ཡེ་ཤུའི་བཙོན་པ་ཡིན། 2 ཁྱེད་ཀྱ་ཡི་ཕྱིར་ལ་དཀོན་མཆོག་གི་ཐུགས་རྗེའི་ལས་འགན་གོ་ང་ལ་གནང་འོད་ཀྱིན་གྱི་སྐོར་ལ་ཁྱེད་ཀྱ་ཡིས་གོ་འོད་ད་ལགས་སྨྲས་རེ་ངས་བསམས་བའི་འོད། 3 དཀོན་མཆོག་གི་གསང་བ་དེ་ང་ལ་གསལ་སྟོན་གྱི་ཐོག་ནས་མངོན་དུ་མཛད་པ་ལགས། དེ་ནས་དེའི་སྐོར་ལ་ངས་ཨེན་ལ་ཁྱེད་ཀྱ་ལ་མདོར་བསྡུས་ལ་བྲིས་འོད་ད་ལགས། 4 ཁྱེད་ཀྱ་ཡིས་དེ་ཀློག་བའི་གང་ལ། མཱ་ཤི་ཀའི་གསང་བའི་སྐོར་ལ་ངས་ཤེས་ཡོན་ག་རེ་འོད་ཀྱིན་གོ་ཁྱེད་ཀྱ་ཡིས་ཧ་གོ་ཐུབ་ཀྱི་ལགས། 5 དེ་ནས་གསང་བ་དེ་ཨེན་མའི་མི་རབས་ལ་མངོན་དུ་མ་མཛད་པ་ལགས། ཡིན་ནའང་ད་ལྟ་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཁོང་པ་ཡི་དམ་པའི་སྐུ་ཚབ་ཀྱ་དང་མངོན་ཤེས་མཁན་ཀྱ་ལ་དཀོན་མཆོག་གིས་མངོན་དུ་མཛད་པ་ལགས། 6 གསང་བ་དེ་ནི་གཏམ་བཟང་གི་ཐོག་ནས་ཡ་ཧུ་དཱ་པ་མིན་གྱིན་ཀྱའང་ཡིས་ར་ཨེལ་པ་ཀྱ་མུ་ལ་རྒྱུན་འཛིན་གཅིག་པ་དང་། ལུས་གཅིག་གི་ཡན་ལག་ཀྱ་དང་། མཱ་ཤི་ཀ་ཡེ་ཤུའི་ནང་དམ་བཅའ་འི་སྐལ་ད་ཐོབ་ཀྱིན་ལགས། 7 དཀོན་མཆོག་གི་ནུས་མཐུའི་ཕྱག་ལས་ཐོག་ནས་ང་ལ་གནང་གིན་ཁོང་པ་ཡི་ཐུགས་རྗེའི་གནང་སྦྱིན་ལ་བརྟེན་ཏེ་ང་ལ་གཏམ་བཟང་གི་ཞབས་ཏོག་པ་བསྐོས་བ་ལགས། 8-9 ང་དཀོན་མཆོག་གི་དམ་པ་མི་ཀྱ་ནས་དམའ་ཤོས་གོ་ཡིན་ནའང་། མཱ་ཤི་ཀའི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་གཏམ་བཟང་གོ་ཡ་ཧུ་དཱ་པ་མིན་གྱིན་ཀྱ་ལ་བཤད་ཡས་དང་། དེ་ནས་གི་རི་བཀོད་གནང་མཁན་དཀོན་མཆོག་གིས་ཨེན་མ་དུས་རབས་ནས་སྦས་རེ་བཞག་མཛད་ཛ་གསང་བ་དེ། མི་གི་རི་ལ་མངོན་དུ་བཅུག་ཡས་ཀྱི་འདི་ཐུགས་རྗེ་དེ་ང་ལ་གནང་བ་ལགས། 10 དེ་ནི་ཆོས་ཚོགས་ཀྱི་སྒོ་ནས་ནམ་མཁའི་ཞིང་ཁམས་དུ་འོད་མཁན་དཔོན་པོ་ཀྱ་དང་། དབང་བྱེད་མཁན་ཀྱ་ལ་དཀོན་མཆོག་གི་ཤེས་རབ་རྣམ་པ་སྣ་ཚོགས་ད་ལྟ་མངོན་དུ་མཛད་ཡས་ཀྱི་ཕྱིར་ལ་ལགས། 11 དེ་ནི་དཀོན་མཆོག་གི་མཐའ་མེད་པའི་ཐུགས་དགོངས་ལ་བརྟེན་ཏེ་མཱ་ཤི་ཀ་ཡེ་ཤུ། འོ་རི་གཙོ་བོའི་ཐོག་ནས་འགྲུབ་མཛད་པ་ལགས། 12 དེ་ནས་མཱ་ཤི་ཀ་ལ་འོ་རི་དད་པ་དང་ཁོང་པ་ཡི་ཐོག་ནས་འོ་རང་དཀོན་མཆོག་གི་དྲུང་དུ་སྙིང་ཆེ་དང་བློ་གཏད་ཆེ་བྱས་རེ་འགྲོ་ཐུབ་བ་ལགས། 13 ཁྱེད་ཀྱི་ཕྱིར་ལ་ངས་མྱངས་ཀྱིན་སྡུག་པོ་དེ་ཁྱེད་ཀྱ་ལ་ཕན་ཡས་ལ་ལགས། འོ་བྱས་རེ་ཁྱེད་ཀྱ་སེམས་ཤུགས་མ་ཆགས་སྨྲས་རེ་ང་ཞུ་བ་འབུལ་ལ་ཡིན། ཨེ་ཕེ་སུ་པ་ཀྱ་ཡི་ཕྱིར་ལ་སྨོན་ལམ་ཞུས་བ། 14-15 འོ་བྱས་རེ་གནམ་ས་གཉིས་ནང་ལ་འོད་ཀྱིན་ནང་མི་རེ་རེ་ལ་ཡབ་ནས་མིང་བྱུང་བྱ་ཁོང་པ་ཡི་དྲུང་དུ་ངའི་པུས་མོ་ས་ལ་བཙུགས་ཏེ་ང་སྨོན་ལམ་ཞུ་ལ་ཡིན། 16 དཀོན་མཆོག་གི་གྲངས་མེད་ཀྱི་གཟི་བརྗིད་ལ་བརྟེན་ཏེ་ཐུགས་ཉིད་ཀྱི་ཐོག་ནས་ནུས་མཐུ་གནང་རེ་ཁྱེད་ཀྱ་ཡི་སེམས་ལ་སྟོབས་ཤུགས་གནང་བར་ཤོག། 17 དེ་ནས་དད་པའི་ཐོག་ནས་མཱ་ཤི་ཀ་ཁྱེད་ཀྱ་ཡི་སེམས་ནང་དུ་བཞུགས་བར་ཤོག། དེ་ནས་བྱམས་པ་ནང་རྩ་བ་གཏིང་རིང་པོ་དང་བརྟན་པོ་བྱུང་རེ། 18 དམ་པའི་མི་གི་རི་མུ་ལ་མཱ་ཤི་ཀའི་བྱམས་པའི་རྒྱ་ཆེ་དང་། རིང་ཆེ་དང་། མཐོ་ཆེ་དང་། གཏིང་ཆེ་གི་ཡིན་གྱིན་གོ་ཧ་གོ་ཡས་ཀྱི་སྟོབས་ཐོབ་པ་བྱེད་ཡས། 19 དེ་ནས་དཀོན་མཆོག་གི་ཚེ་སྲོག་དང་ནུས་མཐུ་ཡིས་ཁྱེད་ཀྱ་གང་ཚང་ཁང་ཡས་ཀྱི་ཕྱིར་ལ་ཁྱེད་ཀྱ་ཡིས་བློ་ལ་འཇུས་མི་ཐུབ་ཀྱིན་མཱ་ཤི་ཀའི་བྱམས་པ་ཧ་གོ་ཡས་ཀྱི་སྨོན་ལམ་ང་ཞུ་ལ་ཡིན། 20 ད་འོ་རི་ནང་དུ་ལས་སྒྲུབ་ཀྱིན་ནུས་མཐུའི་སྒོ་ནས་འོ་རི་ཞུ་གིན་དང་། བསམས་ཀྱིན་ནས་ལྷག་མོད་ཆོ་ལི་མཛད་ཐུབ་ཀྱིན་དཀོན་མཆོག་ལ། 21 ཆོས་ཚོགས་དང་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་མི་རབས་ནས་མི་རབས་ཐུག་པའི་རྒྱུན་ནས་རྒྱུན་དུ་བསྟོད་པ་འོང་བར་ཤོག།ཨ་མེན།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.