Biblia Todo Logo
Bìoball air-loidhne

- Sanasan -

ཨེ་ཕེ་སུ་པ། 2 - གློ་བ།


མཱ་ཤི་ཀའི་ཐོག་ནས་འཆི་བ་ནས་གསོན་པོ།

1 ཨེན་མ་ཁྱེད་ཀྱ་རང་གི་ཉེས་སྐྱོན་དང་སྡིག་པ་ཡིས་བྱས་རེ་ཤི་ཤ་ཅོག་རེ་འོད་ད་ལགས།

2 འོ་དེ་གང་ལ་ཁྱེད་ཀྱ་འཇིག་རྟེན་གྱི་ལུགས་སྲོལ་ངན་པ་ཀྱ་བསྲུངས་རེ། བར་སྣང་ཁམས་ཀྱི་ནུས་མཐུ་ཀྱ་ལ་དབང་བྱེད་མཁན་ལ་བརྩིས་རེ་འོ་རེ་མི་ཚེ་བསྐྱལ་ལ་ལགས། དེ་ནས་སེམས་ཉིད་འདི་ཡིས་རང་ད་ལྟ་དཀོན་མཆོག་གི་བཀའ་ལ་མེད་ཉན་གྱིན་མི་ཀྱ་ཡི་ཁར་ལ་དབང་བྱེད་ད་ལགས།

3 ཁོང་ཀྱ་ཡི་གུང་དུ་འོ་རང་གི་རིའང་རང་གི་འདོད་ཆགས་ཀྱི་དབང་འོག་ཏུ་བསྡད་དེ། རང་གི་ལུས་སེམས་ཀྱི་འདོད་པ་ལ་མཐུན་གྱིན་ལས་ཀ་ཀྱ་ཨེན་མ་བྱེད་ད་ལགས། དེ་ནས་མི་གཞན་མ་ཀྱ་ཅོག་རེ་འོ་རང་ཀྱ་ལ་དཀོན་མཆོག་གི་ཐུགས་ཁྲོ་ཕོག་དགོས་ཡས་འོད་ད་ལགས།

4 ཡིན་ནའང་སྙིང་རྗེ་ལ་ཕུན་སུམ་ཚོགས་པ་འོད་ཀྱིན་དཀོན་མཆོག་གིས་རང་གི་བྱམས་པ་རྒྱ་ཆེའི་ཐོག་ནས་འོ་རང་ལ་བརྩེ་བ་མཛད་པ་ལགས།

5 འོ་བྱས་རེ་སྡིག་པ་ཡི་ནང་དུ་ཆུད་དེ་འོ་རང་ཤི་ཤ་ཅོག་རེ་འོད་ནའང་། ཁོང་པ་ཡིས་འོ་རང་ལ་མཱ་ཤི་ཀ་མུ་ལ་གསོན་པོ་མཛད་པ་ལགས། ཐུགས་རྗེའི་ཐོག་ནས་རང་ཁྱེད་ཀྱ་ལ་ཐར་པ་ཐོབ་འོད་ད་ལགས།

6 དེ་ནས་མཱ་ཤི་ཀ་ཡེ་ཤུ་མུ་ལ་འོ་རང་ལ་སླར་གསོན་པོ་མཛད་དེ། འོ་རང་ཁོང་མུ་ལ་ནམ་མཁའི་ཞིང་ཁམས་དུ་བསྡད་དུ་བཅུག་བ་མཛད་པ་ལགས།

7 དེ་ནི་མ་འོངས་པའི་དུས་ལ་ཁོང་པ་ཡིས་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་འོ་རང་ལ་གནང་ན་སྙིང་རྗེའི་སྒོ་ནས་རང་གི་གྲངས་མེད་ཀྱི་ཐུགས་རྗེ་འདི་མི་ཀྱ་ལ་སྟོན་ཡས་ཀྱི་ཕྱིར་ལ་ལགས།

8 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་རྗེ་ནས་དད་པའི་ཐོག་ནས་ཁྱེད་ཀྱ་ལ་ཐར་པ་ཐོབ་འོད་ད་ལགས། དེ་ནས་དེ་ཁྱེད་ཀྱ་རང་ལ་བརྟེན་ཏེ་བྱུང་བ་མ་ལགས། ཡིན་ནའང་དཀོན་མཆོག་གི་གནང་སྦྱིན་ལགས།

9 སུས་འང་ངོམ་སོ་མི་བྱེད་ཡས་ཀྱི་ཕྱིར་ལ་ཐར་པ་དེ་ལས་ནས་བྱུང་བ་མ་ལགས།

10 གི་བྱས་རེ་སྨྲ་ན་འོ་རང་ལས་བཟང་ང་ཀྱ་ཡི་ཕྱིར་ལ་མཱ་ཤི་ཀ་ཡེ་ཤུ་ནང་བཀོད་ཀ་དཀོན་མཆོག་གི་ཕྱག་བཟོ་ལགས། དེ་ནས་དེ་རེ་བྱེད་ཡས་ལ་ཁོང་པ་ཡིས་འོ་རང་ལ་ཨེན་མ་ནས་རང་གྲ་སྒྲིག་མཛད་པ་ལགས།


མཱ་ཤི་ཀའི་ནང་གཅིག་ཏུ་འགྱུར་བ།

11 འོ་བྱས་རེ་དྲན་གསོ་བྱེད། ཁྱེད་ཀྱ་སྐྱེས་ནས་ཧ་ལ་རང་ཡ་ཧུ་དཱ་པ་མིན་གྱིན་འོད་ད་རང་། ལུས་ལ་ལག་པ་ཡི་ཐོག་ནས་ལྤགས་བོ་བཅད་ཅ་ཡ་ཧུ་དཱ་པ་ཀྱ་ཡིས་ཁྱེད་ཀྱ་ལ་ལྤགས་བོ་མ་བཅད་ཅ་ཀྱ་སྨྲས་རེ་སྨྲ་ལགས།

12 འོ་དེ་དུས་ལ་ཁྱེད་ཀྱ་མཱ་ཤི་ཀ་ནས་ཁ་བྲལ་བྲ། དེ་ནས་ཡིས་ར་ཨེལ་པ་མི་རིགས་ཀྱི་ཐོབ་ཐང་ནས་བུད་དེ་བཞག་ཞ། དེ་ནས་དཀོན་མཆོག་གི་དམ་བཅའ་ཀྱ་ཤེས་ཡས་མེད་ཀྱིན། དེ་ནས་རེ་བ་མེད་ཀྱིན་དང་དེ་འཇིག་རྟེན་དུ་དཀོན་མཆོག་མུ་ལ་འབྲེལ་བ་མེད་ཀྱིན་འོད་ད་ལགས་སྨྲས་རེ་དྲན་གསོ་བྱེད།

13 ཡིན་ནའང་འོ་དེ་དུས་ལ་ཁྱེད་ཀྱ་མཱ་ཤི་ཀ་ཡེ་ཤུ་ནས་ཐག་རིང་ང་འོད་མཁན་ཀྱ་ད་ལྟ་མཱ་ཤི་ཀའི་སྐུ་ཁྲག་གི་སྒོ་ནས་ཉེ་ལ་ཁྲིད་འོད་ད་ལགས།

14 གི་བྱས་རེ་སྨྲ་ན་མཱ་ཤི་ཀ་རང་གིས་འོ་རང་ཁག་གཉིས་བོ་ལ་གཅིག་སྡུམ་མ་མཛད་དེ་ཁོང་རང་འོ་རི་ཞི་བདེ་ལགས། དེ་ནས་ཁ་བྲལ་རུ་བཅུག་མཁན་དགྲ་ཡི་གྱང་གོ་ཁོང་པ་ཡིས་གཏོར་བཤིག་མཛད་པ་ལགས།

15 དེ་ནི་ཁོང་པ་ཡིས་ཡ་ཧུ་དཱ་པ་ཆོས་ཁྲིམས་ཀྱི་བཀའ་ཁྲིམས་གི་རི་མེད་ད་ལ་མཛད་དེ་། རང་གི་ཐོག་ནས་ཁག་གཉིས་བོའི་ཚབ་ལ་གསར་པ་གཅིག་ལ་སྡུམ་དེ་ཞི་བདེ་མཛད་པ་ལགས།

16 དེ་ནས་ཁོང་པ་རྒྱང་ཤིང་ལ་གྲོངས་ཀྱིན་གྱི་ཐོག་ནས་འོ་རང་གཉིས་ཀ་ར་ལ་ལུས་གཅིག་ལ་དཀོན་མཆོག་མུ་ལ་སྡུམ་མ་མཛད་དེ་སྡང་སེམས་གོ་མེད་ད་ལ་མཛད་པ་ལགས།

17 ཁོང་པ་ཕེབས་ཏེ་ཁྱེད་ཐག་རིང་ང་དང་ཉེ་འོད་ཀྱིན་ཀྱ་ལ་ཞི་བདེའི་གཏམ་བཟང་གསུངས་ང་མཛད་པ་ལགས།

18 གི་བྱས་རེ་སྨྲ་ན་མཱ་ཤི་ཀའི་ཐོག་ནས་འོ་རང་གཉིས་ཀ་ར་དམ་པའི་ཐུགས་ཉིད་གཅིག་གི་སྒོ་ནས་ཡབ་ཀྱི་དྲུང་དུ་འགྲོ་ཐུབ་ཀྱིན་བྱུང་བ་ལགས།

19 འོ་བྱས་རེ་ད་དེ་ནས་ཧ་ལ་ཁྱེད་ཀྱ་ཡུལ་གཞན་མ་ཡི་མི་ཡང་ན་ངོ་མེད་ཤེས་ཀྱིན་མི་མ་ལགས། ཡིན་ནའང་དམ་པའི་མི་ཀྱ་མུ་ལ་ཡུལ་གཅིག་པ་དང་དཀོན་མཆོག་གི་ནང་མི་ཀྱ་ལགས།

20 དེ་ནང་མིའི་རྨང་གཞི་གོ་སྐུ་ཚབ་ཀྱ་དང་མངོན་ཤེས་མཁན་ཀྱ་ཡི་ཁར་ལ་བརྩིགས་འོད་ད་ལགས། དེ་ནས་མཱ་ཤི་ཀ་ཡེ་ཤུ་ཁོང་པ་རང་གོ་གཙོ་ཟུར་རྡོ་གོ་ལགས།

21 མཱ་ཤི་ཀ་ལ་བརྟེན་ཏེ་འོ་དེ་ཁང་པ་གོ་གི་རི་གཅིག་ཏུ་མཐུན་ཏེ་གཙོ་བོའི་ནང་མཆོད་ཁང་དམ་པ་གཅིག་ལ་འགྱུར་ར་ལགས།

22 དེ་ནས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་དཀོན་མཆོག་གི་བཞུགས་ས་འབྱུང་ཡས་ལ་ཁྱེད་ཀྱའང་ཁོང་མུ་ལ་བརྩིགས་ཏེ་འགྲོ་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan