ཀོ་ལོ་སཱེ་པ། 4 - གློ་བ།1 ཁྱེད་བདག་པོ་ཀྱ་བོ། ནམ་མཁའི་ཞིང་ཁམས་དུ་ཁྱེད་ཀྱ་ལའང་བདག་པོ་འོད་ད་ལགས་སྨྲས་ཤེས་རེ། རང་གི་བྲན་གཡོག་ལ་དྲང་པོ་དང་དབྱེ་བ་མེད་ཀྱིན་སྤྱོད་པ་བྱེད། སྨོན་ལམ་ཞུ་དགོས་ཡས་ཀྱི་སྐོར་ལ། 2 བཀའ་དྲིན་ཆེ་ཞུས་རེ་དེ་ནས་སྤྱང་ཛེ་བྱུང་རེ་སྨོན་ལམ་མེད་ཆད་ད་རྒྱོབ། 3 མཱ་ཤི་ཀའི་གསང་བ་གོ་བཤད་ཡས་ལ། དཀོན་མཆོག་གིས་འེ་ཀྱ་ལ་བཀའ་ཡི་ཆེད་དུ་སྒོ་པེ་བར་ཤོག་སྨྲས་རེ་འི་ཀི་ཕྱིར་ལའང་སྨོན་ལམ་རྒྱོབ། དོན་འདིའི་ཆེད་དུ་ང་བཙོན་ཁང་དུ་འོད། 4 ངས་བཤད་དགོས་ཀྱིན་གསང་བ་གོ་གསལ་བོ་བྱས་རེ་གསལ་བསྒྲགས་བྱེད་ཐུབ་ཡས་ལ་སྨོན་ལམ་རྒྱོབ། 5 གོ་སྐབས་གི་ཐོབ་ན་བེད་སྤྱོད་བཟང་པོ་བྱས་རེ་མཱ་ཤི་ཀ་བ་མིན་མཁན་ཀྱ་མུ་ལ་སྤྱང་ཛེ་བྱས་རེ་སྤྱོད་པ་བྱེད། 6 མི་གི་རི་མུ་ལ་ལན་ག་རེ་སྟེར་དགོས་ཡས་གོ་ཁྱེད་ཀྱིས་ཤེས་ཡས་ཀྱི་ཆེད་དུ། ཁྱེད་ཀྱི་གཏམ་ནི་ཚྭ་ཡི་བྲོ་བ་སྟེར་གྱིན་ཅོག་རེ་བྱིན་རླབས་ཆེ་འབྱུང་དགོས། མཐའ་མའི་འཚམས་འདྲི། 7 ངའི་གནས་ཚུལ་གི་རི་ཁྱེད་ཀྱ་ལ་ཏུ་ཁི་ཀོས་ཀྱིས་བཤད་ཀྱི་ལགས། ཁོ་ནི་གཅེས་བའི་སྤུན་དང་། བློ་བཀལ་ཐུབ་ཀྱིན་ཞབས་ཏོག་པ་དང་། གཙོ་བོའི་ནང་ལས་རོགས་གཅིག་པ་ལགས། 8 འི་ཀི་གནས་ཚུལ་ཁྱེད་ཀྱིས་ཧ་གོ་ཡས་དང་། ཁོས་ཁྱེད་ཀྱ་ལ་སེམས་ཤུགས་སྤོར་ར་ཤོག་སྨྲས་རེ། ང་ཁོ་ལ་ཁྱེད་ཀྱི་རྩ་རུ་དོན་འདི་ཆེད་དུ་བཏང་ང་ཡིན། 9 དེ་ནས་ཁྱེད་ཀྱ་ནི་གཅིག་ཡིན་མཁན་འོ་རི་བློ་བཀལ་ཐུབ་ཀྱིན་དང་། གཅེས་བའི་སྤུན་ཨོ་ནེ་སི་མུ་ཁོའི་མུ་ལ་འོང་གི་ལགས། ཁོང་གཉིས་བོ་ཡིས་དུ་རུ་བྱུང་གིན་གནས་ཚུལ་གི་རི་ཁྱེད་ཀྱ་ལ་བཤད་ཀྱི་ལགས། 10 བཙོན་ཁང་ནང་དུ་ངའི་རོགས་བ་ཨ་རིས་སྟར་ཀུ་དང་། བར་ན་བཱ་ཡི་ཚ་བོ་མར་ཀུ་ཡིས་འང་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། (མར་ཀུའི་སྐོར་ལ་ངས་ཁྱེད་ཀྱ་ལ་ཨེན་དུ་རུ་བཤད་ཚར་འོད། དེ་ནས་ཁོ་ཁྱེད་ཀྱི་རྩ་རུ་འོང་ན་ཁོ་ལ་ནང་ལ་བསུས།) 11 ཡུ་སི་ཏོ་སྨྲ་མཁན་ཡེ་ཤུ་ཡིས་འང་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། དཀོན་མཆོག་གི་རྒྱལ་སྲིད་ཆེད་དུ་ངའི་ལས་རོགས་ཀྱ་ནས་ཁོང་ཀྱ་གཅིག་ཀ་ཡ་ཧུ་དཱ་པ་ལགས། དེ་ནས་ཁོང་ཀྱ་ནས་ང་ལ་སེམས་གསོ་ཐོབ་བའི། 12 ཁྱེད་ཀྱ་ནས་གཅིག་ཡིན་མཁན་དེ་ནས་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་ཨེ་པབ་རཱ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། དེ་ནས་ཁྱེད་ཀྱ་དཀོན་མཆོག་གི་ཐུགས་དགོངས་གི་རི་ལ། ནར་འགྲོ་ཉིད་ཉ་དང་ཚང་བ་བྱུང་བར་ཤོག་སྨྲས་རེ། ཁོ་ཁྱེད་ཀྱི་ཕྱིར་ལ་ཙོག་བའི་བརྩོན་འགྲུས་བྱས་རེ་སྨོན་ལམ་བརྒྱབ་བའི། 13 ཁྱེད་ཀྱ་དེ་ནས་ལའོ་དི་ཀེ་ཡཱ་དང་ཧི་ར་པོ་ལི་གྲོང་ཁྱེར་གྱི་མི་ཀྱ་ཡི་དོན་ལ། ཁོས་དཀའ་ལས་བརྒྱབ་ཀྱིན་གྱི་དཔང་པོ་གོ་ང་ཡིན། 14 གཅེས་བའི་ཨེམ་ཆི་ལུ་ཀ་དང་དེ་མཱ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། 15 ལའོ་དི་ཀེ་ཡཱ་རུ་འོད་མཁན་སྤུན་ཀྱ་དང་། ནིམ་ཕཱ་དང་། མོའི་ནང་དུ་ཚོགས་ཀྱིན་ཆོས་ཚོགས་ལ་ངས་འཚམས་འདྲི་ཞུས། 16 འདི་ཡིག་དེ་ཁྱེད་ཀྱ་ཡིས་ཀློག་ཚར་ཏེ་ལའོ་དི་ཀེ་ཡཱ་པ་ཀྱ་ཡི་ཆོས་ཚོགས་ལ་ཀློག་ཏུ་ཆུག། དེ་ནས་ལའོ་དི་ཀེ་ཡཱ་ནས་བསྐུར་ཀ་ཡིག་གོའང་ཁྱེད་ཀྱ་ཀློག། 17 དེ་ནས་ཨར་ཀིབ་པོ་ལ་གཙོ་བོའི་སྒོ་ནས་ཁྱོད་ལ་ཐོབ་ཐ་ལས་འགན་གོ། ཁྱོས་གང་གི་བྱས་རེ་ཡིན་ན་སྒྲུབ་པ་བྱེད་སྨྲས་རེ་སྨྲོས། 18 ང་པའུ་ལུ་ང་རང་གི་ལག་པ་ནས་འདི་འཚམས་འདྲི་དེ་བྲིས་བ་ཡིན། ང་བཙོན་པ་གཅིག་ཡིན་མཁན་ལ་ཁྱེད་ཀྱིས་དྲན་གསོ་བྱེད། ཁྱེད་ཀྱ་ལ་ཐུགས་རྗེ་འཐོབ་པར་ཤོག།།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.