ཀོ་ལོ་སཱེ་པ། 3 - གློ་བ།ཚེ་རྙིང་པ་དང་གསར་པ། 1 ད་ཁྱེད་ཀྱ་མཱ་ཤི་ཀ་མུ་ལ་སླར་གསོན་པོ་བསླངས་ལ་ཡིན་ན། དཀོན་མཆོག་གི་ཕྱག་གཡས་རུ་མཱ་ཤི་ཀ་བཞུགས་ས་ནམ་མཁའི་ཞིང་ཁམས་ཀྱི་དོན་ཀྱ་ཚོལ། 2 ས་གཞི་རུ་འོད་ཀྱིན་དོན་ཀྱ་ལ་མིན་ད་ནམ་མཁའི་ཞིང་ཁམས་དུ་འོད་ཀྱིན་དོན་ཀྱ་ལ་བསམ་བློ་གཏོང་། 3 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཤི་བ་ལགས། དེ་ནས་ཁྱེད་ཀྱི་ཚེ་ནི་མཱ་ཤི་ཀ་མུ་ལ་དཀོན་མཆོག་གི་ནང་སྦས་འོད་ད་ལགས། 4 དེ་ནས་ཁྱེད་ཀྱ་ཡི་ཚེ་སྲོག་ཡིན་གྱིན་མཱ་ཤི་ཀ་མངོན་ཏེ་གང་ལ། ཁྱེད་ཀྱའང་ཁོང་པ་མུ་ལ་གཟི་བརྗིད་ནང་དུ་མངོན་གྱི་ལགས། 5 འོ་བྱས་རེ་ཁྱེད་ཀྱི་ནང་ལ་འོད་ཀྱིན་ལོག་གཡེམ་དང་། མེད་གཙང་ང་དང་། འདོད་ཆགས་དང་། འདོད་ངན་དང་། སྐུ་འདྲ་ལ་མཆོད་ཡས་ཡིན་གྱིན་འདོད་རྔམ་ཅོག་རེ་འཇིག་རྟེན་གྱི་གཤིས་ཀ་ཀྱ་སོད། 6 དོན་དེ་ཀྱ་ཡིས་བྱས་རེ་དཀོན་མཆོག་གི་ཐུགས་ཁྲོ་བབ་ཀྱི་ལགས། 7 ཁྱེད་ཀྱ་དོན་དེ་ཀྱ་ལ་མི་ཚེ་བསྐྱལ་ལི་གང་ལ་ཨེན་མ་དེ་རེ་ཀྱ་རང་བྱེད་ད་ལགས། 8 ཡིན་ནའང་ད་ལྟ་ཁྱེད་ཀྱ་ཡི་ཁོང་ཁྲོ་དང་། ཞེ་སྡང་། དེ་ནས་ངན་སེམས་དང་། དམའ་འབེབས་དང་། ཁྱེད་རི་ཁ་ནས་འཐོན་གྱིན་ཚིག་ཛོར་ར་གི་རི་སྤོང་། 9 དེ་ནས་གཅིག་གིས་གཅིག་ལ་ཟོག་མ་བཤད། གི་བྱས་རེ་སྨྲ་ན་ཁྱེད་ཀྱི་གཤིས་ཀ་རྙིང་པ་ཀྱ་འོ་འདིའི་ལག་ལེན་མུ་ལ་རང་ཁྱེད་ཀྱིས་སྤངས་ས་བ་ལགས། 10 དེ་ནས་གཤིས་ཀ་གསར་པ་དེ་ཁས་ལེན་འོད་ད་ལགས། དེ་ནས་དེ་ནི་ཁྱེད་ཀྱ་ཡི་བཀོད་པ་པོའི་སྐོར་ལ་ཤེས་རབ་ཚང་གོ་གོ་འཐོབ་ཡས་ཀྱི་ཆེད་དུ། ཁྱེད་ཀྱ་ལ་ཁོང་པ་རང་གི་གཤིས་ཀ་ལ་གསར་པ་མཛད་འདིག་འོད་ད་ལགས། 11 དུ་རུ་གྷི་རིག་དང་ཡ་ཧུ་དཱ་པ། དེ་ནས་ལྤགས་བོ་བཅད་ཅ་དང་མ་བཅད་ཅ། དེ་ནས་ཕྱི་རྒྱལ་དང་ཡར་རྒྱས་མེད་ཀྱིན། དེ་ནས་བྲན་གཡོག་དང་རང་དབང་གི་མི་སྨྲས་རེ་དབྱེ་བ་མེད་ད་ལགས། ཡིན་ནའང་མཱ་ཤི་ཀ་ནི་གི་རི་ལགས། དེ་ནས་གི་རིའི་ནང་བཞུགས་འོད་ད་ལགས། 12 འོ་བྱས་རེ་ཁྱེད་ཀྱ་དཀོན་མཆོག་གིས་བདམས་ད་དམ་པ་དང་གཅེས་བའི་མི་ཀྱ་ཡིན་གྱིན་བྱས་རེ། རང་ལ་སྙིང་རྗེ་དང་། བཀའ་དྲིན་དང་། ཉམ་ཆུང་དང་། ཞི་བ་དང་། བཟོད་པའི་གོས་སྐོན། 13 དེ་ནས་གཅིག་གིས་གཅིག་ལ་བཟོད་པ་སྒོམ་ཏེ། གཅིག་གིས་གཞན་མ་ལ་སྐྱོན་འཛུགས་འོད་ན། གཅིག་གིས་གཅིག་ལ་དགོངས་ཡངས་སྟེར་ཏེ་གཙོ་བོ་ཡིས་ཁྱེད་ཀྱི་སྡིག་པ་བསལ་གྱིན་ཅོག་རེ། ཁྱེད་ཀྱ་ཡིས་འང་དགོངས་ཡངས་སྟེར་དགོས། 14 དེ་ནས་དེ་གི་རིའི་ཐོག་ལ་བྱམས་པ་གོ་གོན་དགོས། བྱམས་པ་འདིས་གི་རི་ལ་ཡང་དག་པའི་མཐུན་འབྲེལ་ལ་བསྡམ་གྱི་ལགས། 15 མཱ་ཤི་ཀའི་ཞི་བདེ་ཡིས་ཁྱེད་རི་སེམས་ལ་དབང་བསྒྱུར་བྱེད་དུ་ཆུག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཞི་བདེ་ནང་དུ་ལུས་གཅིག་གི་ཡན་ལག་ཅོག་རེ་གནས་ཡས་ལ་བོས་པ་ཡིན། དེ་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས། 16 མཱ་ཤི་ཀའི་བཀའ་ཁྱེད་ཀྱ་ནང་མོད་ཆོ་ལི་གནས་དགོས། དེ་ནས་ཤེས་རབ་གི་རི་ནས་གཅིག་གིས་གཅིག་ལ་སློབས། དེ་ནས་བསླབ་བྱ་རྒྱོབ། དེ་ནས་དཀོན་མཆོག་ལ་རང་གི་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་རེ་གསུང་མགུར་དང་། བསྟོད་དབྱངས་དང་། མགུར་གླུ་ཀྱ་ལེན། 17 དེ་ནས་ཚིག་དང་ལས་ཀྱི་ཐོག་ནས་ཁྱེད་ཀྱ་ཡིས་གི་བྱེད་ན། གི་རི་གཙོ་བོ་ཡེ་ཤུའི་མཚན་ནས་ཡབ་དཀོན་མཆོག་ལ་ཁོང་གི་ཐོག་ནས་བཀའ་དྲིན་ཆེ་ཞུས་རེ་བྱེད། མཱ་ཤི་ཀ་བའི་ནང་མི་ལ་བསླབ་བྱ། 18 ཁྱེད་སྐྱེས་དམན་ཀྱ་བོ། རང་གི་ཁྱོ་ག་ཀྱ་ཡི་འོག་ཏུ་སྡོད། དེ་ནི་གཙོ་བོའི་དྲུང་དུ་དྲང་ང་འདུག། 19 དེ་ནས་ཁྱེད་ཁྱོ་ག་ཀྱ་བོ། རང་གི་སྐྱེས་དམན་ཀྱ་ལ་བརྩེ་བ་བྱེད། དེ་ནས་ཁོང་ཀྱ་ལ་རྩུབ་བ་མ་བྱེད། 20 དེ་ནས་ཁྱེད་ཕྲུ་བ་ཀྱ་བོ། གི་རིའི་ཐོག་ནས་རང་གི་ཕ་མ་ཀྱ་ཡི་ཁ་ལ་ཉན། གི་བྱས་རེ་སྨྲ་ན་དེ་རེ་བྱེད་ན། གཙོ་བོ་ལ་ཐུགས་མཉེས་བོ་བྱུང་ང་ལགས། 21 ཁྱེད་ཨ་རྒས་ཀྱ་བོ། རང་གི་ཕྲུ་བ་ཀྱ་ལ་ཁོང་ཁྲོ་མ་བསླངས། བསླངས་ན་ཁོང་ཀྱ་ཡི་སེམས་ཤུགས་ཆག་གི་ལགས། 22 ཁྱེད་བྲན་གཡོག་ཀྱ་བོ། འདི་འཇིག་རྟེན་དུ་རང་གི་བདག་པོའི་མིག་གི་གདོང་དུ་གཅིག་ཀ་དགའ་རུ་བཅུག་ཡས་མིན་ད། ཡིན་ནའང་དངོས་གནས་དྲང་ནས་སེམས་ཉིད་ནས་གཙོ་བོ་ལ་བརྩི་བཀུར་བྱས་རེ་གི་རིའི་ཐོག་ནས་རང་གི་བདག་པོའི་ཁ་ལ་ཉན། 23 ཁྱེད་ཀྱ་ཡིས་གི་བྱེད་ན་མིའི་ཆེད་དུ་མིན་ད། གཙོ་བོའི་ཆེད་དུ་ཞབས་ཕྱི་ཞུ་གིན་ཅོག་རེ་ཁྱེད་རི་སེམས་གཏིང་ནས་བྱེད། 24 གི་བྱས་རེ་སྨྲ་ན་གཙོ་བོ་ནས་ཁྱེད་ཀྱ་ལ་རྒྱུ་འཛིན་འབྱུང་ཡས་གོ་བྱ་དགའ་ལ་འཐོབ་ཀྱི་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས། དེ་ནས་ཁྱེད་ཀྱ་ཡི་གཙོ་བོ་མཱ་ཤི་ཀ་ལ་ཞབས་ཕྱི་ཞུ་ལ་ལགས། 25 ཡིན་ནའང་ངན་པ་བྱེད་མཁན་ལ་ངན་པའི་འབྲས་བུ་འཐོབ་ཀྱི་ལགས། དཀོན་མཆོག་གིས་ཕྱོགས་རིས་མེད་མཛད་ད་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.