Biblia Todo Logo
Bìoball air-loidhne

- Sanasan -


ཀོ་ལོ་སཱེ་པ། 1 - གློ་བ།

1 དཀོན་མཆོག་གི་ཐུགས་དགོངས་ཐོག་ནས་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་དང་འོ་རི་ནུ་བོ་ཏི་མོ་ཐེའུ་ནས།

2 ཀོ་ལོ་སཱེ་རྒྱལ་ས་རུ་འོད་མཁན་མཱ་ཤི་ཀ་ལ་བློ་བཀལ་ཐུབ་ཀྱིན་དམ་པའི་སྤུན་ཀྱ་ལ། འོ་རི་ཡབ་དཀོན་མཆོག་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ཀྱ་ལ་འཐོབ་པར་ཤོག།


པའུ་ལུ་ཡིས་བཀའ་དྲིན་ཆེ་ཞུས་བ་དང་སྨོན་ལམ།

3 ཁྱེད་ཀྱི་དོན་ལ་སྨོན་ལམ་ཞུས་གང་ལ། འེ་ཀྱ་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་ཙོག་བའི་བཀའ་དྲིན་ཆེ་ཞུས་འོད།

4 གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡེ་ཤུའི་ཁར་ལ་ཁྱེད་ཀྱི་དད་པ་དང་། དམ་པའི་མི་ཀྱ་གི་རི་ལ་ཁྱེད་ཀྱི་བརྩེ་བའི་སྐོར་ལ་འི་ཀིས་གོ་འོད།

5 དད་པ་དང་བརྩེ་བ་དེ་ཁྱེད་ཀྱི་དོན་དུ་ནམ་མཁའི་ཞིང་ཁམས་དུ་བཞག་ཞ་རེ་བ་ཡིས་བྱས་རེ་ལགས། འདིའི་སྐོར་ལ་ཁྱེད་ཀྱ་ཡིས་བདེན་པའི་བཀའ་ཡི་གཏམ་བཟང་ནས་ཨེན་དུ་རུ་གོ་འོད་ད་ལགས།

6 གཏམ་བཟང་དེ་ཁྱེད་ཀྱི་གུང་དུ་སླེབས་ས་ལགས། དེ་ནས་འཇིག་རྟེན་གི་རི་རུ་འབྲས་བུ་སྐྱེས་རེ་འཕེལ་ལི། འོ་བྱས་རེ་རང་ཁྱེད་ཀྱི་གུང་དུའང་ཁྱེད་ཀྱ་ཡི་གཏམ་བཟང་གོ་གིན་དང་། དཀོན་མཆོག་གི་ཐུགས་རྗེའི་སྐོར་ལ་དངོས་གནས་ཧ་གོ་གིན་ཉིན་མ་ནས་རང་དེ་འཕེལ་རེ་འགྲོའི།

7 འདིའི་སྐོར་ལ་འི་ཀི་གཅེས་བའི་ལས་རོགས་ཨེ་པབ་རཱ་ནས་ཁྱེད་ཀྱིས་མཇལ་བ་ལགས། ཁོ་འི་ཀི་ཚབ་ལ་མཱ་ཤི་ཀའི་ཞབས་ཏོག་པ་བློ་བཀལ་ཐུབ་ཀྱིན་གཅིག་ལགས།

8 དེ་ནས་དམ་པའི་ཐུགས་ཉིད་ནས་བྱུང་བྱ་ཁྱེད་ཀྱ་ཡི་བརྩེ་བའི་སྐོར་ལ་ཁོས་འེ་ཀྱ་ལ་བཤད་སོང་།

9 འོ་བྱས་རེ་འེ་ཀྱ་ཡིས་ཁྱེད་ཀྱི་སྐོར་ལ་གོ་ག་ཉིན་མ་ནས་ཁྱེད་ཀྱི་ཕྱིར་ལ་མེད་ཆད་ད་སྨོན་ལམ་བརྒྱབ་བའི་འོད། དེ་ནས་དཀོན་མཆོག་གིས་ཁྱེད་ཀྱ་ལ་ཁོང་པ་རང་གི་ཐུགས་དགོངས་ཀྱི་ཤེས་རབ་ཚང་གོ་དང་། སེམས་ཉིད་ནས་ཐོབ་ཀྱིན་ཤེས་རབ་དང་། ཤེས་ཡོན་གནང་བར་ཤོག་སྨྲས་རེ་འེ་ཀྱ་ཁོང་ལ་ཞུ་བ་ཡིན།

10 དེ་ནས་གཙོ་བོ་ལ་བཀུར་སྟི་འོང་གིན་མི་ཚེ་པུད་ཡས་དང་། ཁོང་པ་ལ་གི་རི་ནས་ཐུགས་དགྱེས་རུ་བཅུག་ཡས། དེ་ནས་ལས་བཟང་ང་གི་རི་ལ་འབྲས་བུ་སྐྱེས་ཡས་དང་། དཀོན་མཆོག་གི་ཤེས་ཡོན་ལ་ཁྱེད་ཀྱ་ཚར་ཏེ་འགྲོ་ཡས་ཀྱི་ཕྱིར་ལ། འེ་ཀྱ་སྨོན་ལམ་བརྒྱབ་བའི་འོད།

11 དེ་ནས་དཀོན་མཆོག་གི་གཟི་བརྗིད་དང་བདེན་པའི་ནུས་མཐུའི་སྟོབས་གི་རི་ནས་བཟོད་པ་ཆེ་དང་། སྣ་རིང་ང་འབྱུང་རེ་ཁྱེད་ཀྱ་ཤུགས་ཆེ་འབྱུང་ཡས་ཀྱི་ཕྱིར་ལ། འེ་ཀྱ་སྨོན་ལམ་བརྒྱབ་བའི་འོད། དེ་ནས་ཁྱེད་ཀྱ་དགའ་སྤྲོ་ཡིས་ཁངས་བར་ཤོག།

12 དེ་ནས་འོད་ཀྱི་རྒྱལ་སྲིད་ནང་དུ་དམ་པའི་མི་ཀྱ་ཡི་ནོར་སྐལ་ལ་ཐོབ་ཐང་འཐོབ་ཡས་ཀྱི་འདྲ་འདྲ་མཛད་ཀྱིན་ཡབ་ལ་ཁྱེད་ཀྱ་ཡིས་བཀའ་དྲིན་ཆེ་ཞུ་བར་ཤོག་སྨྲས་རེ་འེ་ཀྱ་སྨོན་ལམ་བརྒྱབ་བའི་འོད།

13 དཀོན་མཆོག་གིས་འོ་རང་ལ་མུན་ནག་གི་དབང་ནས་ཐར་པ་མཛད་དེ། རང་གི་གཅེས་བའི་སྲས་ཀྱི་རྒྱལ་སྲིད་ནང་དུ་འོ་རང་ལ་ཁྲིད་བ་མཛད་པ་ལགས།

14 སྲས་ཀྱི་ཐོག་ནས་འོ་རང་ལ་ཐར་པ་དང་སྡིག་པའི་དགོངས་ཡངས་འོད་ད་ལགས།


བླ་ན་མེད་པའི་མཱ་ཤི་ཀ།

15 མཱ་ཤི་ཀ་ནི་མིག་གིས་མཐོང་མི་ཐུབ་ཀྱིན་དཀོན་མཆོག་གི་སྐུ་དབྱིབས་ལགས། དེ་ནས་བཀོད་པ་གི་རི་ནས་ཨེན་ལ་ཁོང་འཁྲུངས་བ་ལགས།

16 གི་བྱས་རེ་སྨྲ་ན་ཁོང་པ་ཡི་སྒོ་ནས་རང་གི་རི་བཀོད་བ་ལགས། ནམ་མཁའི་ཞིང་ཁམས་དང་ས་གཞི་དུ་འོད་མཁན་མིག་གིས་མཐོང་ཐུབ་ཀྱིན་དང་མཐོང་མི་ཐུབ་ཀྱིན་རྒྱལ་སྲིད་ཀྱ། ཡང་ན་ནུས་མཐུ་ཀྱ། ཡང་ན་དཔོན་པོ་ཀྱ། ཡང་ན་དབང་བསྒྱུར་བྱེད་མཁན་ཀྱ། གི་རི་ཁོང་པ་ཡི་ཐོག་ནས་དང་ཁོང་གི་ཕྱིར་ལ་བཀོད་བ་ལགས།

17 ཁོང་ནི་བཀོད་པ་གི་རི་ནས་ཨེན་ལ་བཞུགས་འོད་ད་ལགས། དེ་ནས་བཀོད་པ་གི་རི་ཁོང་གི་ནང་གནས་འོད་ད་ལགས།

18 ཁོང་རང་གི་སྐུ་སྲོག་ཡིན་གྱིན་ཆོས་ཚོགས་ཀྱི་དབུ་ལགས། ཁོང་ཐོག་མ་གོ་ལགས། དེ་ནས་གི་རིའི་ཐོག་ལ་ཁོང་མཐོ་ཤོས་འབྱུང་ཡས་ལ་ཁོང་འཆི་བ་ནས་གསོན་གྱིན་འགོ་མ་གོ་ལགས།

19 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཕུན་སུམ་ཚོགས་པ་གི་རི་ཁོང་གི་ནང་གནས་ཡས་ལ་དཀོན་མཆོག་ཐུགས་དགྱེས་བ་ལགས།

20 དེ་ནས་དཀོན་མཆོག་གིས་ཁོང་གི་རྒྱང་ཤིང་གི་སྐུ་ཁྲག་གི་ཐོག་ནས་ཞི་བདེ་མཛད་དེ། ས་གཞི་ཡང་ན་ནམ་མཁའི་ཞིང་ཁམས་ཀྱི་གི་རི་ཁོང་གི་ཐོག་ནས་རང་མུ་ལ་སྡུམ་མ་མཛད་པ་ལགས།

21 ཨེན་མ་ཁྱེད་ཀྱ་ལས་ངན་པ་བྱས་རེ་དཀོན་མཆོག་ནས་ཁ་བྲལ་རེ། རྒྱང་དུ་སོང་རེ་རང་གི་སེམས་ནས་ཁོང་ལ་དགྲ་ཟིམ་པ་ལགས།

22 ཡིན་ནའང་ཁོང་གི་དྲུང་དུ་ཁྱེད་ཀྱ་དམ་པ་དང་། སྐྱོན་མེད་ཀྱིན་དང་། སྐྱོན་བརྗོད་མེད་ཀྱིན་སྟོན་ཡས་ཀྱི་ཕྱིར་ལ། ད་ལྟ་མཱ་ཤི་ཀའི་སྐུ་གྲོངས་ཀྱིན་གྱི་སྒོ་ནས་དཀོན་མཆོག་གིས་ཁྱེད་ཀྱ་ལ་རང་མུ་ལ་སྡུམ་མ་མཛད་པ་ལགས།

23 འོ་བྱས་རེ་ཁྱེད་ཀྱ་ཡིས་གོ་གིན་གཏམ་བཟང་ནས་ཐོབ་ཐ་རེ་བ་གོ་མེད་སྤོང་ང་མུ་མཐུད་ནས་དད་པ་ལ་བརྟན་པོ་གནས་དགོས། གཏམ་བཟང་དེ་ནམ་མཁའི་ཞིང་ཁམས་ཀྱི་འོག་ཏུ་འཇིག་རྟེན་དུ་འོད་མཁན་གི་རི་ལ་བཤད་འོད་ད་ལགས། དེ་ནས་ང་པའུ་ལུ་དེའི་ཞབས་ཏོག་པ་གཅིག་ཡིན།


ཆོས་ཚོགས་ཀྱི་ཕྱིར་ལ་པའུ་ལུ་ཡིས་དཀའ་ལས་མྱངས་བ།

24 ད་ངས་ཁྱེད་ཀྱ་ཡི་དོན་ལ་མྱངས་ཀྱིན་དཀའ་བསྔལ་ལ་ང་དགའ་སྤྲོ་བྱེད་འདིག་འོད། མཱ་ཤི་ཀའི་སྐུ་སྲོག་ཡིན་གྱིན་ཆོས་ཚོགས་ཀྱི་ཆེད་དུ་ཁོང་གི་སྡུག་བསྔལ་ལྷག་མ་དེ་ངའི་ལུས་ལ་རྫོགས་བ་བྱེད་ད་ཡིན།

25 ཁྱེད་ཀྱ་ཡི་ཆེད་དུ་ང་ལ་དཀོན་མཆོག་གིས་གནང་གིན་ལས་འགན་ལ་བརྟན་ཏེ་ཁོང་གི་བཀའ་ཚང་པོ་བྱས་རེ་བཤད་ཡས་ལ། ང་ཆོས་ཚོགས་ཀྱི་ཞབས་ཏོག་པ་གཅིག་བྱུང་འོད།

26 དུས་རབས་ནས་དུས་རབས། དེ་ནས་མི་རབས་ནས་མི་རབས་ཐུག་པའི་འོད་ཀྱིན་གསང་བ་གོ། ད་ལྟ་ཁོང་པ་ཡིས་དམ་པའི་མི་ཀྱ་ལ་མངོན་འོད་ད་ལགས།

27 དཀོན་མཆོག་གི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་གསང་བ་དེ། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་ཕྱིར་ལ་དམི་ཅིག་གི་རྩ་ཆེ་ཡིན་གྱིན་གོ། རང་གི་དམ་པའི་མི་ཀྱ་ལ་མངོན་དུ་མཛད་ཡས་གོ། དཀོན་མཆོག་གི་ཐུགས་དགྱེས་བ་ལགས། གསང་བ་དེ་ནི་མཱ་ཤི་ཀ་ཁྱེད་ཀྱ་ཡི་ནང་འོད་ད་ལགས། དེ་ནས་ཁོང་ནི་གཟི་བརྗིད་ཀྱི་རེ་བ་གོ་ལགས།

28 འོ་བྱས་རེ་ཁོང་པ་ལ་འེ་ཀྱ་གསལ་བསྒྲགས་བྱེད་ད་ཡིན། དེ་ནས་མི་གི་རི་ལ་མཱ་ཤི་ཀའི་ནང་བརྟན་པོ་བཟོ་ཡས་ལ་འེ་ཀྱ་གི་རི་ལ་ཉེན་བརྡ་བཏང་རེ། ཤེས་རབ་གི་རི་ནས་བསླབ་བྱ་བསླབས་བའི་འོད།

29 དོན་དེའི་ཕྱིར་ལ་མཱ་ཤི་ཀ་ཡིས་ངའི་ནང་དུ་ཤུགས་མཛད་ཀྱིན་ནུས་མཐུ་ཆེའི་ཐོག་ནས་རང་། ང་དམི་ཅིག་གི་དཀའ་ལས་བརྒྱབ་བ་ཡིན།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan