མཛད་པ། 28 - གློ་བ།པའུ་ལུ་མལ་ཏ་རུ། 1 ས་སྐམ་པོ་རུ་ག་མོ་མ་སླེབས་ཏེ་འོ་དེ་གླིང་ཕྲན་གོ་མལ་ཏ་སྨྲ་ལགས་སྨྲས་རེ་འི་ཀིས་ཤེས་སོང་། 2 འོ་དེ་གླིང་ཕྲན་གྱི་མི་ཀྱ་ཡིས་འེ་ཀྱ་ལ་དམི་ཅིག་གི་དགའ་བྱས་སོང་། འོ་དུ་རུ་ཚར་པ་བབ་སྟེ་གནམ་གྲང་བ་བྱུང་རི་འོ་དེ་མི་ཀྱ་ཡིས་མེ་བཏང་རི་འེ་ཀྱ་ལ་བསུ་ཡངས་བྱས་སོང་། 3 པའུ་ལུ་ཡིས་ཤིང་པང་པོ་གང་འདུས་རེ་མེ་ལ་བཅུག་པ་ལགས། དེ་ནས་དྲོད་ཀྱི་སྐྱོན་གྱིས་བྱས་རེ་སྦྲུལ་གཅིག་ཐོན་ཏེ་ཁོའི་ལག་པ་ལ་འཁྲིལ་བ་ལགས། 4 གླིང་ཕྲན་གྱི་མི་ཀྱ་ཡིས་པའུ་ལུ་ཡི་ལག་པ་ལ་སྦྲུལ་འཁྲིལ་རེ་བསྡད་ཀྱིན་གོ་མཐོང་རེ་གཅིག་གིས་གཅིག་ལ་སྨྲས་བ་ལགས། མི་འདི་ནི་མི་བསད་མཁན་ཡིན་ད་རགས། རྒྱ་མཚོ་ནས་འཐར་ཏེ་འོངས་བ་ཡིན་ན་ལས་ཀྱིས་བསྐོས་ཐང་གིས་ཁོ་ལ་བསྡད་དུ་བཅུག་གི་མ་ལགས། 5 ཡིན་ནའང་པའུ་ལུ་ཡིས་སྦྲུལ་དེ་མེ་ནང་དུ་སྤྲུགས་ཏེ་ཁོ་རང་ལ་སྐྱོན་གཅིག་འང་མ་བྱུང་བ་ལགས། 6 མི་ཀྱ་ཡིས་ཁོ་སྦོས་རེ་ཡང་མིན་ན་ལམ་སང་ས་ལ་རིལ་རེ་ཤི་གྲོ་སྨྲས་རེ་བསམས་པ་ལགས། ཡིན་ནའང་དམི་ཅིག་གི་མང་ང་སྒུག་སྟེའང་ཁོ་ལ་གིན་ད་སྐྱོན་མ་མཐོང་བ། ཁོང་ཀྱ་ཡི་བསམ་བློ་བསྒྱུར་ཏེ་ཁོ་ནི་ལྷ་གཅིག་ལགས་སྨྲས་རེ་སྨྲས་བ་ལགས། 7 འོ་དེ་ས་ཆ་འགྲམ་དུ་འོ་དེ་གླིང་ཕྲན་གྱི་དཔོན་པོ་པུབ་ལིའུ་ཡི་ས་འོད་ད་ལགས། ཁོས་འེ་ཀྱ་ལ་སྙིང་རྗེ་བྱས་རེ་ཁོ་རི་ནང་དུ་བོས་རེ་ཞག་མོ་གསུམ་ཐུག་པའི་མགྲོན་བཀང་སོང་། 8 པུབ་ལིའུ་ཡི་ཨ་རྒས་ཚ་བ་དང་ཁྲག་བཤལ་གྱིན་ནད་རེ་ཉལ་ས་རུ་འོད་ད་ལགས། པའུ་ལུ་ཁོའི་ཉལ་ས་རུ་སོང་རེ་སྨོན་ལམ་བརྒྱབ་སྟེ་ལག་པ་བཞག་སྟེ་ཁོ་ལ་བཅོས་ག་བྱས་བ་ལགས། 9 དེ་རེ་བྱུང་རེ་འོ་དེ་གླིང་ཕྲན་གྱི་མི་ནད་པ་གཞན་མ་ཀྱའང་འོངས་བ་ལགས། དེ་ནས་བཅོས་ག་བྱུང་བ་ལགས། 10 འོ་དེ་མི་ཀྱ་ཡིས་འེ་ཀྱ་ལ་གུས་ཞབས་བྱས་རེ། དེ་ནས་འེ་ཀྱ་འགྲོའི་གང་ལ་འི་ཀི་འགྲུལ་ལ་དགོས་ཀྱིན་གི་རི་སྟེར་སོང་། པའུ་ལུ་རོམ་ལ་སླེབས་པ། 11 ཟླ་བ་གསུམ་གཤམ་ནས་འེ་ཀྱ་ཚིབ་རུ་ལྷ་སྨྲ་མཁན་ཨ་ལེག་སན་དྲི་ཡཱའི་གྲུ་གཟིངས་ལ་བཞོན་ཏེ་མལ་ཏ་ནས་སོང་བའི། འོ་དེ་གྲུ་གཟིངས་དགུན་ཁར་ཟླ་བ་གསུམ་མལ་ཏ་རུ་རང་བསྡད་པ་ལགས། 12 འེ་ཀྱ་སུ་ར་ཀུ་ས་ཡཱི་རུ་སླེབས་ཏེ་ཞག་མོ་གསུམ་འོ་དུ་རུ་བསྡད་པ་ལགས། 13 འོ་དེ་ནས་སོང་རེ་འེ་ཀྱ་རི་གི་ཨུན་དུ་སླེབས་པ་ལགས། དེ་ནས་ཉིན་མ་གཤམ་མ་གོ་ལ་ལྷོ་ཕྱོགས་ནས་རླུང་བུ་ལངས་བ་ལགས། དེ་ནས་ཞག་མོ་གཉིས་བ་གོ་ལ་འེ་ཀྱ་པོ་ཏི་ཨོ་ལི་རུ་སླེབས་པ་ལགས། 14 འོ་དུ་རུ་དད་པ་བྱེད་མཁན་སྤུན་རིང་འགའ་འེ་ལ་ཐུག་སོང་། དེ་ནས་ཁོང་ཀྱ་ཡིས་འེ་ལ་བདུན་ཕྲག་གཅིག་བསྡད་ཡས་ལ་བོས་སོང་། དེ་ནས་འེ་ཀྱ་རོམ་ལ་སླེབས་སོང་། 15 འེ་ཀྱ་འོངས་ཀྱིན་གོ་ཚོར་ཏེ་འོ་དུ་རུ་དད་པ་བྱེད་མཁན་སྤུན་ཀྱ་ཨབ་པིའུ་ཡི་ཁྲོམ་དང་། མགྲོན་ཁང་གསུམ་སྨྲ་གིན་ཐུག་པའི་འེ་ལ་ཐུག་ཏུ་འོངས་སོང་། ཁོང་ཀྱ་ལ་མཐོང་རེ་པའུ་ལུ་ཡིས་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུས་བ་ལགས། དེ་ནས་སེམས་ཤུགས་ཕར་པ་ལགས། པའུ་ལུ་རོམ་དུ། 16 འེ་ཀྱ་རོམ་དུ་སླེབས་ཏེ་པའུ་ལུ་ལ་དམག་མི་སྲུང་མཁན་གཅིག་བཞག་སྟེ་ཁོ་རང་གཅིག་ཀ་བསྡད་དུ་བཅུག་པ་ལགས། 17 ཞག་མོ་གསུམ་གྱི་གཤམ་ལ་པའུ་ལུ་ཡིས་ཡ་ཧུ་དཱ་པའི་འགོ་ཁྲིད་ཀྱ་ལ་བོས་རེ་འཛོམས་དུ་བཅུག་པ་ལགས། དེ་ནས་ཁོས་ཁོང་ཀྱ་ལ་སྨྲས་བ་ལགས། སྤུན་ཀྱ་བོ། ངས་འོ་རི་མི་ཀྱ་དང་འོ་རི་དང་པའི་ཕ་མའི་ལུགས་སྲོལ་ལ་རྒྱབ་ལོག་ཡས་ལས་ཀ་གིན་ད་མ་བྱས་བ་ལའང་། ང་ལ་ཡེ་རུ་ཤ་ལེམ་གྱི་བཙོན་ཁང་དུ་འདགས་ཏེ། དེ་ནས་རོ་མཱ་པ་ཀྱ་ཡི་ལག་པ་ལ་རྩིས་བརྒྱབ་སོང་། 18 རོ་མཱ་པ་ཀྱ་ཡིས་ང་ལ་བརྟག་དཔྱད་བྱེད་སོང་། དེ་ནས་བསད་དགོས་ཀྱིན་རྒྱུ་མཚན་གིན་ད་མ་རྙེད་པ་ང་ལ་བཏང་ཡས་འདོད་པ་བྱས་སོང་། 19 ཡ་ཧུ་དཱ་པ་འགོ་ཁྲིད་ཀྱ་ཡིས་འོ་དེ་གྲོས་གོ་ལ་ངོ་ལོག་བྱས་རེ་ང་ཀེ་སར་རྩ་རུ་ཞུ་བ་མི་འབུལ་ཀ་མེད་བྱུང་སོང་། རང་གི་མི་རིགས་ལ་སྐྱོན་འཛུགས་གིན་ད་སྨྲ་ཡས་ང་ལ་མེད། 20 འོ་བྱས་རེ་ངས་ཁྱེད་རང་ཀྱ་ལ་ཐུག་སྟེ་ལབ་བྱེད་ཡས་ལ་བོས་བའི། ཡིས་ར་ཨེལ་གྱི་རེ་བ་བྱེད་ཀྱིན་གྱི་ཕྱིར་ལ་ང་དེ་རེ་བྱས་རེ་ལྕགས་ཐག་ལ་བསྡམས་གུ་ཐུབ་སོང་། 21 ཁོང་ཀྱ་ཡིས་སྨྲས་བ་ལགས། འེ་ལ་ཁྱོའི་སྐོར་ལ་ཡུ་དེ་ཡཱ་ནས་ཡིག་མ་སླེབས་སོང་། དུ་རུ་འོངས་མཁན་སྤུན་སུས་འང་ཁྱོའི་སྐོར་ལ་གཏམ་ངན་བཤད་ཀྱིན་མ་བྱུང་། 22 ཡིན་ནའང་འེ་ཀྱ་ཁྱོའི་ལྟ་བ་ག་རེ་ཡིན་གྱིན་གོ་གོ་ཉིད་འདོད་འདིག གི་བྱས་རེ་སྨྲ་ན་ག་རུ་ཡིན་ན་ཆོས་ལུག་དེ་ལ་ངོ་ལོག་བྱེད་ཀྱིན་གོ་འེ་ལ་ཤེས་ཡས་འོད། 23 འོ་བྱས་རེ་དུས་ཚོད་གཅིག་སྒྲིག་པ་ལགས། དེ་ནས་འོ་དེ་ཉིན་མ་གོ་ལ་མི་དམི་ཅིག་གི་མང་ང་པའུ་ལུ་བསྡད་ས་རུ་འོངས་བ་ལགས། ང་རོག་ནས་དགོང་མོ་ཐུག་པའི་ཁོས་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལ་དཔང་པོ་སྟེར་པ་ལགས། དེ་ནས་མོ་ཤེའི་ཆོས་ཁྲིམས་དང་མངོན་ཤེས་མཁན་ཀྱ་ཡི་དེབ་ཀྱ་ནས་དཔེ་སྟོན་ཏེ་ཡེ་ཤུའི་སྐོར་ལ་མི་ཀྱ་ལ་ཡིད་ཆེས་སྟེར་པ་ལགས། 24 ཁོས་བཤད་ཀྱིན་ལབ་ལ་རིང་འགའ་ཡིས་དད་པ་བྱས་བ་ལགས། ཡིན་ནའང་མི་རིང་འགའ་ཡིས་མ་བྱས་བ་ལགས། 25 ཁོང་ཀྱ་ཁ་མ་འཆམས་པ་འགྲོ་ཡས་བྱེད་འདིག་གང་ལ་པའུ་ལུ་ཡིས་མཐའ་མ་ལ་འདི་སྨྲས་བ་ལགས། ཡེ་ཤ་ཡཱ་མངོན་ཤེས་མཁན་ནས་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ཡི་དང་པོའི་ཕ་མ་ཀྱ་ལ་གསུངས་ཀྱིན་ལབ་དེ་བདེན་པ་འདུག 26 འདི་མི་ཀྱ་རྩ་རུ་སོང་། དེ་ནས་ཤོད། ཁྱེད་ཀྱ་ཡིས་ཉན་གྱི་ལགས་ཡིན་ནའང་ཧ་གོ་གི་མ་ལགས། དེ་ནས་ཁྱེད་ཀྱ་ཡིས་ལྟ་གི་ལགས་ཡིན་ནའང་མཐོང་གི་མ་ལགས། 27 གི་བྱས་རེ་སྨྲ་ན། འདི་མི་ཀྱ་ཡི་སེམས་སྲ་བྱུང་འདུག དེ་ནས་དེ་ཀྱ་ཡི་ཨམ་མཆོག་བཀག་འདུག དེ་ནས་ཁོང་ཀྱ་ཁོ་རི་མིག་བཙུམ་འདུག འོ་བྱས་རེ་ཁོང་ཀྱ་ཡི་མིག་གིས་མཐོང་ཐུབ་ཀྱི་མ་ལགས། ཨམ་མཆོག་གིས་ཉན་ཐུབ་ཀྱི་མ་ལགས། དེ་ནས་ཁོང་ཀྱ་ཡི་སེམས་ཀྱིས་ཧ་གོ་ཐུབ་ཀྱི་མ་ལགས། དེ་ནས་ངའི་ཕྱོགས་ལ་ལོག་ཐུབ་ཀྱི་མ་ལགས། དེ་ནས་ཁོང་ཀྱ་ལ་བཅོས་ག་བྱེད་དུ་བཅུག་གི་མ་ལགས། 28 འོ་བྱས་རེ་དཀོན་མཆོག་ནས་ཐོབ་ཀྱིན་ཐར་པ་དེ་ཡ་ཧུ་དཱ་པ་མིན་གྱིན་མི་རིགས་ཀྱ་ལ་གནང་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་འོ་དེ་མཉན་གྱི་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་བྱེད་སྨྲས་རེ་ང་འདོད་འདིག་འོད། 29 [ཁོས་དེ་ལབ་སྨྲས་ཚར་ཏེ་ཡ་ཧུ་དཱ་པ་ཀྱ་ཁོ་རང་ནང་ནང་དུ་འཐབ་བའི་འཐབ་བའི་ལོག་པ་ལགས།] 30 ལོ་གཉིས་ཐུག་པའི་པའུ་ལུ་རོམ་དུ་ཁང་པ་གཡར་ཏེ་བསྡད་ཏེ་སུ་ཐུག་ཏུ་འོང་ན་གི་རི་ལ་ཕེབས་བསུ་བྱས་རེ་བསྡད་པ་ལགས། 31 ཁོས་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལ་གསལ་བསྒྲགས་དང་། གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐོར་ལ་ཆོས་སྙིང་ཆེ་བྱས་རེ་བཤད་པ་ལགས། དེ་ནས་སུས་འང་ཁོ་ལ་བཀག་ཡས་ཐབ་ཤེས་མ་བྱས་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.