Biblia Todo Logo
Bìoball air-loidhne

- Sanasan -

མཛད་པ། 26 - གློ་བ།

1 འོ་དེ་གཤམ་ནས་ཨག་རི་པཱ་ཡིས་པའུ་ལུ་ལ་སྨྲས་བ་ལགས། ད་ཁྱོད་ཁྱོད་རི་ཕྱིར་ལ་ལབ་གཏོང་། དེ་ནས་པའུ་ལུ་ཁོ་རི་ལག་པ་བརྐྱངས་རེ་དེ་རེ་བྱས་རེ་སྨྲས་བ་ལགས།

2 རྒྱལ་བོ་ཨག་རི་པཱ། ཡ་ཧུ་དཱ་པ་ཀྱ་ཡིས་ངའི་ཁར་ལ་བཀལ་ཀ་སྐྱོན་གི་རིའི་ཕྱིར་ལ། ངའི་ལབ་ཁྱེད་རང་གི་གདོང་དུ་བཞག་ཏུ་བཅུག་སྟེ། ང་ང་རང་ལ་དམི་ཅིག་གི་བསོད་བདེ་ཆེ་རྩི་ལི་འོད།

3 གི་བྱས་རེ་སྨྲ་ན་ཁྱེད་རང་ཡ་ཧུ་དཱ་པ་ཆོས་ལུགས་དང་། རྙོག་གྲ་ཡི་སྐོར་ལ་དམི་ཅིག་གི་མཁས་བ་འོད་ད་ལགས་སྨྲས་རེ་ང་ལ་ཆ་འོད། ད་ངའི་ལབ་ལ་བཟོད་པ་སྒོམ་སྟེ་གསན་རོགས་གནང་།

4 ང་ང་རི་རྒྱལ་ཁབ་ཏུ་དེ་ནས་ཡེ་རུ་ཤ་ལེམ་རྒྱལ་ས་རུ་ཅི་མེ་ནས་ཧ་ལ་རང་། ཡ་ཧུ་དཱ་པའི་ཆོས་ལུགས་ལ་འཚར་གྱིན་གོ་ཡ་ཧུ་དཱ་པ་ཀྱ་ལ་ཆ་འོད་ད་ལགས།

5 ང་འི་ཀི་ཆོས་ཀྱི་དམི་ཅིག་གི་ཤུགས་ཆེ་དང་སྲ་འོད་ཀྱིན་ཚོགས་པ། ཕཱ་རུ་ཤི་པ་ཀྱ་ནས་གཅིག་ཡིན་སྨྲས་རེ་ཁོང་ཀྱ་ལ་ཨེན་མ་ནས་རང་ཆ་འོད་ད་ལགས། དེ་ནས་ཁོང་ཀྱ་འཐད་ན། དེའི་དཔང་པོ་སྟེར་ཐུབ་ཀྱི་ལགས།

6 དཀོན་མཆོག་གིས་འོ་རི་དང་པོའི་ཕ་མ་ཀྱ་ལ་མཛད་ཛ་དམ་བཅའ་དེ་ལ་རང་། ངས་རེ་བ་བཞག་སྟེ་དི་རིང་ཁོང་པ་ཀྱ་ཡི་གདོང་དུ་དེ་རེ་བྱས་རེ་ལངས་དགོས་ཡས་བྱུང་སོང་།

7 འོ་དེ་དམ་བཅའ་རག་ཡས་ཀྱི་རེ་བ་བྱས་རེ་འོ་རི་མི་རིགས་བཅུ་གཉིས་ཀྱ་ཡིས། ཉིན་མཚན་དཀོན་མཆོག་ལ་ཕྱག་མཆོད་པ་ཕུལ་རེ་བསྡད་པ་ལགས། རྒྱལ་བོ་ཨག་རི་པཱ། འོ་དེ་རེ་བ་དེས་བྱས་རེ་ཡ་ཧུ་དཱ་པ་ཀྱ་ཡིས་ང་ལ་སྐྱོན་སྟོན་ད་ལགས།

8 དཀོན་མཆོག་གིས་ཤི་ཤ་མི་ལ་གསོན་པོ་བསླངས་མཛད་ཀྱི་ལགས་སྨྲ་གིན་ལབ་དེ་ལ། ཁྱེད་རང་ཀྱ་གི་བྱས་རེ་དད་པ་བྱེད་མི་ཐུབ་བ་ལེ།

9 ངས་འང་ཐེངས་མ་གཅིག་ན་ཙ་རེད་ཀྱི་ཡེ་ཤུ་ཡི་མཚན་ལ་བྱེད་ཐུབ་ཐུབ་རྒྱབ་འགལ་བྱེད་ཡས་ཡིན་སྨྲས་རེ་བསམ་བློ་བཏང་བའི།

10 དེ་ནས་ངས་ཡེ་རུ་ཤ་ལེམ་ལ་དེ་རེ་བྱེད་ཡས་བྱས་བའི། ངས་མཆོད་དཔོན་ཆེ་ཀྱ་ཡི་དབང་ཆ་འབྱོར་ཏེ་དམ་པའི་མི་དམི་ཅིག་གི་མང་ང་ལ་བཙོན་ཁང་དུ་འདགས་པའི། དེ་ནས་འོ་དེ་ཀྱ་ལ་བསད་ཡས་བྱེད་ད་རང་། ངས་འང་ངོས་ལེན་བྱས་བའི།

11 དེ་ནས་ཐེངས་མ་དམི་ཅིག་གི་མང་ང་ངས་ཁོང་ཀྱ་ལ་ཡེ་ཤུ་ལ་སྨད་སྤྲ་པབ་ཏུ་བཅུག་ཡས་ལ། ཚོགས་ཁང་ཀྱ་ནང་དུ་ཆད་པ་བཀལ་རུ་བཅུག་པའི། ང་ཁོང་ཀྱ་མུ་ལ་དམི་ཅིག་ཞེ་སྡང་ལངས་རེ། ངས་གཞན་མ་རྒྱལ་ཁབ་ཀྱ་ལ་སོང་རེ་ཁོང་ཀྱ་ལ་སྡུག་པོ་བཏང་བའི།


པའུ་ལུ་ཡིས་ཁོ་རང་འགྱུར་གྱིན་གྱི་སྐོར་ལ་ལབ་བཤད་པ།
( མཛད་པ། ༩:༡༩ ; ༢༢:༦-༡༦ )

12 ཉིན་མ་གཅིག་ང་མཆོད་དཔོན་ཆེ་ཀྱ་ཡི་དབང་དང་བཀའ་འབྱོར་ཏེ། དཱ་མ་སེག་ཀོ་རྒྱལ་ས་ཕྱོགས་ལ་སོང་བའི།

13 རྒྱལ་བོ་ལགས། འོ་དེ་ཉིན་མོ་ང་ལམ་ཁ་ལ་འགྲོའི་གང་ལ། ཉི་མ་ཡི་འོད་ནས་གསལ་ལ་འོད་གཅིག་གནམ་ནས་ང་དང་ངའི་རོགས་བ་ཀྱ་ཁར་ལ་ཤར་སོང་།

14 དེ་ནས་འེ་ཀྱ་གི་རི་ས་ལ་འགྱེལ་སོང་། འོ་དེ་གང་ལ་རང་ངས་ཨིབ་རི་པ་སྐད་ལ་དེ་རེ་སྨྲ་གིན་གཅིག་གོ་སོང་། ཤ་ཨུལ། ཤ་ཨུལ། ཁྱོད་ང་ལ་གི་བྱས་རེ་སྡུག་པོ་བཏང་ང་ལེ། ངའི་འདོད་པ་ཡི་རྒྱབ་འགལ་བྱས་རེ་ཁྱོད་ལ་ཆོ་མེད་ད་ལགས།

15 གཙོ་བོ་ཁྱེད་རང་སུ་ཡིན་ནོ། སྨྲས་རེ་ངས་དྲིས་བའི། དེ་ནས་གཙོ་བོ་ཡིས་གསུངས་སོང་། ང་ཁྱོས་སྡུག་པོ་གཏང་མཁན་ཡེ་ཤུ་ཡིན།

16 ད་ལོངས། ང་ཁྱོད་ལ་ངའི་ཞབས་ཕྱི་པ་དང་ངའི་དཔང་པོ་སྟེར་མཁན་མི་བཟོ་ཡས་ལ་དུ་རུ་འོངས་བ་ཡིན། ཁྱོས་ངའི་སྐོར་ལ་ད་ལྟ་མཐོང་ཐ་དང་མ་འོངས་པ་ལ་མཐོང་གིན་ལབ་ཀྱ་གི་རི་ལ་བཤད་དགོས་ཀྱི་ལགས།

17 ང་ཁྱོད་ལ་ཡ་ཧུ་དཱ་པ་ཀྱ་དང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ནས་སྐྱོབས་ཡས་ཡིན། ང་ཁྱོད་ལ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་རྩ་རུ་བརྫངས་ང་ཡིན།

18 ང་ཁྱོད་ལ་ཁོང་ཀྱ་ཡི་མིག་པེ་རེ་ཁོང་ཀྱ་ལ་མུན་ནག་པ་ནས་འོད་ཕྱོགས་ལ་འཁྲིད་དེ་འོངས་ཡས་དང་། བདུད་ཀྱི་དབང་ཆ་ནས་དཀོན་མཆོག་རྩ་རུ་འཁྲིད་དེ་འོངས་ཡས་ལ་བརྫངས་ང་ཡིན། དེ་ནས་ང་ལ་དད་པ་བྱས་རེ་ཁོང་ཀྱ་ལ་ཁོ་རི་སྡིག་པ་ཡི་དགོངས་པ་རག་གི་ལགས། དེ་ནས་ཁོང་ཀྱ་ལའང་དཀོན་མཆོག་གི་མི་ཀྱ་མུ་ལ་བསྡད་ཡས་རག་གི་ལགས།

19 རྒྱལ་བོ་ཨག་རི་པཱ། ནམ་མཁའི་ཞིང་ཁམས་ནས་མཐོང་ཐ་འདི་མཐོང་སྣང་ལ་ངས་ཁ་ལོག་སྟེ་བསྡད་མ་ཐུབ་སོང་།

20 འོ་བྱས་རེ་ང་འགོ་མ་ལ་དཱ་མ་སེག་ཀོ་རུ། དེ་ནས་ཡེ་རུ་ཤ་ལེམ་དུ། དེ་ནས་ཡ་ཧུ་དཱ་རྒྱལ་ཁབ་གི་རི་རུ་དང་། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་རྒྱལ་ཁབ་ཀྱ་ལ་སོང་རེ། མི་ཀྱ་ལ་མི་རེ་མི་རེ་སྡིག་པ་སྤངས་རེ་སེམས་བསྒྱུར་ཏེ། དཀོན་མཆོག་ཕྱོགས་ལ་ལོག་ཡས་དང་། འོ་དེ་ཅོག་རེ་ལས་ཀ་བྱེད་ཡས་ཀྱི་བཀའ་བཤད་པའི།

21 འོ་བྱས་རེ་ཡ་ཧུ་དཱ་པ་ཀྱ་ཡིས་ང་ལ་མཆོད་ཁང་ནས་ཟིམ་ཏེ་བསད་ཡས་བྱས་སོང་།

22 ཡིན་ནའང་དི་རིང་འདི་ཉིན་མ་ཐུག་པའི་ང་ལ་དཀོན་མཆོག་ནས་རང་རོགས་རམ་འབྱོར་སོང་། འོ་བྱས་རེ་ང་དུ་རུ་འོད་མཁན་ཆེ་ཆུང་གི་རི་ལ་དཔང་པོ་སྟེར་ཏེ་ལངས་རེ་བསྡད་འོད། ངས་མངོན་ཤེས་མཁན་ཀྱ་དང་མོ་ཤེ་ཡིས་མངོན་བཤད་ཤ་མ་འོངས་པ་ཡི་ལབ་དེ་ཀྱ་མ་ན་གཞན་མ་གིན་ད་བསླབ་བྱ་མ་བསླབས་འོད།

23 མཱ་ཤི་ཀ་ཡིས་སྡུག་པོ་མྱངས་དགོས་ཀྱི་ལགས། དེ་ནས་འཆི་བ་ནས་ཡང་གསོན་པོ་ལངས་ཀྱིན་འགོ་མ་མི་འབྱུང་གི་ལགས། དེ་ནས་ཁོང་པ་ཡིས་ཡ་ཧུ་དཱ་པ་ཀྱ་དང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཁར་ལ། འོད་བཀྲམ་གྱི་ལགས་སྨྲ་གིན་དེ་ལབ་ཀྱ་ངས་བསླབས་འོད།

24 དེ་ལབ་ཀྱ་གོ་སྟེ་ཕེས་ཏུ་ཡིས་ཕེ་ར་བརྒྱབ་སྟེ་སྨྲས་བ་ལགས། པའུ་ལུ། ཁྱོད་སྨྱོས་འདུག ཆོས་མང་ང་བསླབས་ཏེ་ཁྱོད་སྨྱོན་པ་བྱུང་འདུག

25 ཡིན་ནའང་པའུ་ལུ་ཡིས་སྨྲས་བ་ལགས། ཕེས་ཏུ་ལགས། ང་མ་སྨྱོ་འོད། ངས་སྨྲ་གིན་ལབ་དེ་ཀྱ་བདེན་པ་ལགས། དེ་ནས་དོན་དག་འོད་ཀྱིན་ལགས།

26 དེ་ནས་རྒྱལ་བོ་ཨག་རི་པཱ་ལ་དེ་ལབ་ཀྱ་གི་རི་ཆ་འོད་ད་ལགས། དེ་ནས་ང་ཁོང་པ་ལ་དེ་ལབ་ཀྱ་མི་འཇིགས་བ་སྨྲ་ཐུབ་ཡས་འོད། ཁོང་པ་ལ་དེ་ལབ་ཀྱ་གསར་པ་མ་ལགས། གི་བྱས་རེ་སྨྲ་ན་དེ་གི་རི་ཟུར་ལ་མ་བྱུང་བ་ལགས།

27 རྒྱལ་བོ་ཨག་རི་པཱ། ཁྱེད་རང་མངོན་ཤེས་མཁན་ཀྱ་ལ་དད་པ་མཛད་དེ་འོད་དེ། ང་ལ་ཆ་འོད། ཁྱེད་རང་དད་པ་བྱེད་ད་ལགས།

28 དེ་ནས་ཨག་རི་པཱ་ཡིས་སྨྲས་བ་ལགས། དེ་རེ་དུས་ཚོད་ཏི་མེ་ལ་ཁྱོད་ང་ལ་མཱ་ཤི་ཀ་བ་བཟོ་ཡས་བསམས་བའི་འོད་དེ།

29 པའུ་ལུ་ཡིས་སྨྲས་བ་ལགས། མགྱོགས་བ་ཡིན་ན། དལ་ལ་ཡིན་ན། དེ་ལྕགས་ཀྱ་གཅིག་ཀ་མ་ན་གཞན་མ་ཁྱེད་རང་དང་། དི་རིང་དུ་རུ་ང་ལ་ཉན་མཁན་གི་རི་ང་ཅོག་རེ་འོང་བར་ཤོག་སྨྲས་རེ། ང་དཀོན་མཆོག་ལ་སྨོན་ལམ་བརྒྱབ་བ་ཡིན།

30 འོ་དེ་གཤམ་ནས་རྒྱལ་བོ་ཨག་རི་པཱ་དང་། དཔོན་པོ་ཕེས་ཏུ་དང་། བེར་ནི་ཀེ་དང་། ཁོང་ཀྱ་མུ་ལ་འོངས་བ་མི་ཀྱ་གི་རི་ལངས་རེ་སོང་བ་ལགས།

31 ཁོང་ཀྱ་ཕི་ལ་འགྲོའི་གང་ལ་དེ་རེ་སྨྲས་བ་ལགས། འདི་མི་ལ་བཙོན་ཁང་ནང་དུ་འདགས་དགོས་ཡས། ཡང་མེད་ན་བསད་དགོས་ཡས་ལ་གིའང་མ་བྱས་འདུག

32 དེ་ནས་ཨག་རི་པཱ་ཡིས་ཕེས་ཏུ་ལ་སྨྲས་བ་ལགས། འདི་མི་དེ་ཡིས་རོ་མཱི་རྒྱལ་བོ་རྩ་རུ་ཁྲིམས་མ་ཞུས་འོད་ན། ཁོ་ལ་ཕི་ལ་བཏོན་ན་འགྲིག་ཡས་འོད་ད་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan