མཛད་པ། 25 - གློ་བ།པའུ་ལུ་ཡིས་རོ་མཱི་རྒྱལ་བོ་ལ་ཞུ་བ་ཕུལ་བ། 1 ཉིན་མ་གསུམ་གཤམ་ནས་ཕེས་ཏུ་ཀེ་སར་ཡཱ་ཡི་ལུང་པ་རུ་སླེབས་ཏེ། འོ་དེ་ནས་ཡེ་རུ་ཤ་ལེམ་ལ་སོང་བ་ལགས། 2 འོ་དུ་རུ་འོད་དེ་གང་ལ་མཆོད་དཔོན་ཆེ་ཀྱ་དང་ཡ་ཧུ་དཱ་པ་འགོ་ཁྲིད་ཀྱ་ཡིས་ཁོ་ལ་པའུ་ལུ་ཡི་སྐོར་ལ་སྐྱོན་བཙུགས་པ་ལགས། 3 དེ་ནས་པའུ་ལུ་ལ་ལམ་ཁ་ལ་རང་བསད་ཡས་བསམས་ཏེ། པའུ་ལུ་ལ་ཡེ་རུ་ཤ་ལེམ་དུ་བརྫངས་རོགས་གནང་སྨྲས་རེ་ཞུ་བ་ཕུལ་བ་ལགས། 4 ཡིན་ནའང་ཕེས་ཏུ་ཡིས་ཁོང་ཀྱ་ལ་དེ་རེ་ལན་སྟེར་པ་ལགས། པའུ་ལུ་ལ་ཀེ་སར་ཡཱ་རུ་རང་འདགས་ཏེ་བཞག་འོད་ད་ལགས། དེ་ནས་ངའང་མགྱོགས་སེ་འོ་དུ་རུ་འགྲོ་ཡས་ཡིན། 5 ཁྱེད་ཀྱ་ནས་དཔོན་པོ་རིང་འགའ་ང་མུ་ལ་འགྲོ་ཉིད་འདོད་ན་འགྲོ། དེ་ནས་པའུ་ལུ་ཡིས་ལས་ཀ་ནོར་འཁྲུལ་བྱས་འོད་ན། འོ་དེས་འོ་དུ་རུ་རང་སྐྱོན་འཛུགས་ཐུབ་ཀྱི་ལགས། 6 ཕེས་ཏུ་ཡེ་རུ་ཤ་ལེམ་དུ་ཉིན་མ་བརྒྱད་བཅུ་ཚོད་བསྡད་དེ་ཀེ་སར་ཡཱ་ལ་ལོག་པ་ལགས། དེ་ནས་ཉེ་དྲོ་རང་ཁོའི་ཁྲིམས་གཅོད་ཀྱི་ཁྲི་ལ་བསྡད་དེ། པའུ་ལུ་ལ་འཁྱེར་ཏེ་འོངས་ཡས་བཀའ་གནང་བ་ལགས། 7 པའུ་ལུ་སླེབས་ཏེ་ཡེ་རུ་ཤ་ལེམ་ནས་འོངས་བ་ཡ་ཧུ་དཱ་པ་ཀྱ་ཁོའི་གཡས་གཡོན་ལ་ལངས་རེ། ཁོའི་སྐོར་ལ་འདྲ་མི་འདྲ་སྐྱོན་ཆབ་ཆེ་ཀྱ་བཀལ་བ་ལགས། ཡིན་ནའང་འོ་དེ་ཀྱ་ཡིས་དཔང་པོ་གོ་སྟེར་མ་ཐུབ་པ་ལགས། 8 དེ་ནས་པའུ་ལུ་ཡིས་ཁོ་རི་ཕྱོགས་ལ་དེ་རེ་ལན་སྟེར་པ་ལགས། ངའི་ཡ་ཧུ་དཱ་པ་ཡི་ཆོས་ཁྲིམས་དང་། མཆོད་ཁང་། ཡང་མེད་ན་རོ་མཱ་པ་རྒྱལ་བོའི་རྒྱབ་ལ་ལས་ཀ་ངན་པ་གིན་ད་མ་བྱས་འོད། 9 ཡིན་ནའང་ཡ་ཧུ་དཱ་པ་ཀྱ་ལ་ཉམ་མོ་དགའ་རུ་བཅུག་ཡས་ལ་ཕེས་ཏུ་ཡིས་པའུ་ལུ་ལ་སྨྲས་བ་ལགས། ཁྱོད་ཡེ་རུ་ཤ་ལེམ་དུ་སོང་རེ་དེ་ལབ་ཀྱི་སྐོར་ལ་ཁྲིམས་འོ་དུ་རུ་རང་ངའི་གདོང་ལ་བཅད་ཡས་ལ་འདོད་འདིག་འོད་དེ། 10 ཡིན་ནའང་པའུ་ལུ་ཡིས་སྨྲས་བ་ལགས། ང་རོ་མཱ་པ་རྒྱལ་བོ་ཡིས་ཁྲིམས་ཁང་གི་གདོང་དུ་ལངས་རེ་བསྡད་འོད། དུ་རུ་རང་ངའི་ཁྲིམས་གོ་བཅད་དགོས་ཀྱི་ལགས། དེ་ནས་ངས་ཡ་ཧུ་དཱ་པ་ཀྱ་ཡི་རྒྱབ་ལ་ལས་ཀ་ཨ་གིན་ད་མ་བྱས་འོད་ད་ལགས་སྨྲས་རེ་ཁོང་པ་རང་ལའང་ཆ་འོད་ད་ལགས། 11 ངས་ལས་ཀ་ངན་པ་བྱས་འོད་ན། དེ་ནས་བསད་དགོས་ཀྱིན་ཆད་པ་ཕོག་གིན་ལས་ཀ་བྱས་འོད་ན། ང་ཤི་ཡས་ལ་གྲ་སྒྲིག་འོད། ཡིན་ནའང་ཡ་ཧུ་དཱ་པ་ཀྱ་ཡིས་ངའི་ཁར་ལ་བཙུགས་ཀྱིན་སྐྱོན་གོ་བདེན་པ་མེད་ན། ང་ལ་ཁོང་ཀྱ་ཡི་ལག་ཀ་ལ་སུས་འང་རྩི་རྒྱབ་ཡས་མེད་ད་ལགས། ང་འདི་ལབ་དེ་རོ་མཱ་པ་རྒྱལ་བོའི་དྲུང་དུ་ཞུ་བ་འབུལ་ཡས་ཡིན། 12 དེ་ནས་ཕེས་ཏུ་ཡིས་ཁོ་རི་གྲོས་དཔོན་ཀྱ་མུ་ལ་གྲོས་བྱས་རེ་པའུ་ལུ་ལ་སྨྲས་བ་ལགས། ཁྱོས་རོ་མཱ་པ་རྒྱལ་བོའི་དྲུང་དུ་རང་ཞུ་བ་ཕུལ་རེ་ཁྱོད་རོ་མཱ་པ་རྒྱལ་བོ་རྩ་རུ་རང་འགྲོ་གི་ལགས། ཕེས་ཏུ་ཡིས་རྒྱལ་བོ་ཨག་རི་པཱ་ནས་གྲོས་ལེན་པ། 13 ཞག་མོ་ག་ཞིང་གཤམ་ནས་རྒྱལ་བོ་ཨག་རི་པཱ་ཁོ་རི་ནུ་མུ་བེར་ནི་ཀེ་མུ་ལ་ཀེ་སར་ཡཱ་དུ་ཕེས་ཏུ་ལ་ཕེབས་བསུ་ཞུ་ཡས་ལ་འོངས་བ་ལགས། 14 ཁོང་ཀྱ་ཀེ་སར་ཡཱ་རུ་ཉིན་མ་མང་ང་བསྡད་དེ་གང་ལ། ཕེས་ཏུ་ཡིས་རྒྱལ་བོ་མུ་ལ་པའུ་ལུ་ཡི་སྐོར་ལ་དེ་ལབ་བཤད་པ་ལགས། ཕེ་ལིག་གིས་འབོར་ཏེ་བཞག་ཞ་བཙོན་པ་མི་གཅིག་དུ་རུ་འདུག 15 ང་ཡེ་རུ་ཤ་ལེམ་ལ་འོད་དེ་གང་ལ་མཆོད་དཔོན་ཆེ་དང་། ཡ་ཧུ་དཱ་པ་ཀྱ་ཡི་འགོ་ཁྲིད་ཀྱ་ཡིས་ཁོའི་སྐོར་ལ་ཁྲིམས་ཞུས་རེ་ཁོ་ལ་ཆད་པ་བཀོལ་སྨྲས་རེ་ཞུས་སོང་། 16 སྐྱོན་ཕོག་པ་མི་གོ་སྐྱོན་འཛུགས་མཁན་ཀྱ་ཡི་གདོང་དུ་མ་ལངས་ཐུག་པའི། དེ་ནས་ཁོ་རི་སྐྱོན་ཀྱ་ཡི་ཆེད་དུ་སྲུང་སྐྱོབ་བྱེད་ཡས་ཀྱི་གོ་སྐབས་མ་འབྱོར་ཐུག་པའི། རོ་མཱ་པ་ཁྲིམས་ལ་འོ་དེ་མི་གོ་ལ་ཁྲིམས་གཅོད་ཀྱི་ཆེད་དུ་རྩི་བརྒྱབ་ཡས་མེད་རག་ལགས་སྨྲས་རེ་ངས་ཁོང་ཀྱ་ལ་སྨྲས་བའི། 17 དེ་ནས་ཁོང་ཀྱ་དུ་རུ་སླེབས་ཏེ་ངས་དལ་ལ་མ་བྱས་བ། ཉེ་དྲོ་གོ་རང་པའུ་ལུ་ལ་ཁྲིམས་བཅད་ས་རུ་འཁྲིད་དེ་འོངས་ཡས་བཀའ་སྟེར་པའི། 18 དེ་ནས་ཁོ་ལ་ཁྲིམས་བཀལ་མཁན་ཀྱ་ཡིས་ལབ་བཏང་ཡས་ལ་ལངས་རེ། ཁོའི་ལས་ཀ་ངན་པ་བྱས་སོང་སྨྲས་རེ་སྐྱོན་སྟོན་ཏེ་འོད་གྲོ་སྨྲས་རེ་ངས་བསམས་པའི། ཡིན་ནའང་ཁོང་ཀྱ་ཡིས་ངས་བསམས་ཀྱིན་ཅོག་རེ་སྐྱོན་འཛུགས་མ་བཀལ་སོང་། 19 ཡིན་ནའང་ཁོང་ཀྱ་ཡིས་ཆོས་དང་གྲོངས་ཚར་གྱིན་ཡེ་ཤུ་སྨྲ་གིན་མི་གཅིག་གི་སྐོར་ལ་གཅིག་ཀ་ཁོང་ཀྱ་ཡིས་པའུ་ལུ་མུ་ལ་འཁྲུགས་ཤོར་འདུག པའུ་ལུ་གོ་གྲོངས་གྲ་ཡེ་ཤུ་གསོན་པོ་འདུག་སྨྲས་རེ་ཐ་པུད་དེ་བསྡད་འདུག 20 དེ་ལབ་ཀྱི་སྐོར་ལ་རྩད་གཅོད་གི་བྱེད་ཡས་སྨྲས་རེ་ངས་མ་ཤེས་སོང། འོ་བྱས་རེ་ངས་ཁོ་ལ་ཡེ་རུ་ཤ་ལེམ་དུ་རང་སོང་རེ། ཁོ་རི་ཁྲིམས་འོ་དུ་རུ་རང་བཅད་ན་འགྲིག་གུ་ལེ་སྨྲས་རེ་ཁོ་ལ་དྲིས་བའི། 21 ཡིན་ནའང་ཁོས་རོ་མཱ་པ་རྒྱལ་བོ་ནས་ཁོ་ལ་ཁྲིམས་རག་བར་ཤོག་སྨྲས་རེ་ཞུ་བ་ཕུལ་སོང་། དེ་ནས་ངས་ཁོ་ལ་རྒྱལ་བོ་རྩ་རུ་མ་བརྫངས་ཀྱིན་ཐུག་པའི། ཁོ་ལ་ག་མོ་མ་སྲུང་མཁན་བཞག་སྟེ་དུ་རུ་རང་བཞག་ཡས་བཀའ་སྟེར་འོད། 22 དེ་ལབ་ཧ་གོ་སྟེ་ཨག་རི་པཱ་ཡིས་ཕེས་ཏུ་ལ་སྨྲས་བ་ལགས། ང་ང་རང་འོ་དེ་མི་ཡི་ལབ་མཉན་ཉིད་འདོད་འདིག ཕེས་ཏུ་ཡིས་སྨྲས་བ་ལགས། ཉེ་དྲོ་ཁོང་པ་རང་གིས་ཉན་ཡས་རག་གི་ལགས། པའུ་ལུ་རྒྱལ་བོ་ཨག་རི་པཱ་ཡི་གདོང་དུ། 23 ཉེ་དྲོ་གོ་ཨག་རི་པཱ་དང་བེར་ནི་ཀེ་དམི་ཅིག་གི་ལྟད་མོ་ཆེ་བྱས་རེ་དམག་དཔོན་ཀྱ་དང་། རྒྱལ་ས་ཡི་མི་ཁག་ཆེ་ཀྱ་མུ་ལ་འཛོམས་ཁང་ནང་དུ་འོངས་བ་ལགས། དེ་ནས་ཕེས་ཏུ་ཡིས་པའུ་ལུ་ལ་འོ་དུ་རུ་འཁྲིད་དེ་ཤོག་སྨྲས་རེ་བཀའ་གནང་བ་ལགས། 24 དེ་ནས་ཕེས་ཏུ་ཡིས་སྨྲས་བ་ལགས། རྒྱལ་བོ་ཨག་རི་པཱ་དང་དུ་རུ་ཚོགས་འདུ་དུ་འོད་མཁན་ཀྱ་བོ། ཡ་ཧུ་དཱ་པ་གི་རི་ཡིས་ང་རྩ་རུ་ཁྲིམས་ཞུ་མཁན་མི་གོ་འདི་རང་ལགས། འདི་མི་ལ་བསད་དགོས་ཀྱི་ལགས་སྨྲས་རེ་ཡ་ཧུ་དཱ་པ་གི་རི་ཡིས་ཡེ་རུ་ཤ་ལེམ་དང་དུ་རུ་ཀེ་སར་ཡཱ་རུའང་སྨྲིས། 25 ཡིན་ནའང་འདི་མི་ལ་བསད་ཡས་ཀྱི་ཆད་པ་རག་གིན་ལས་ཀ་ངན་པ་བྱས་བྱ་ངས་གིན་ད་མ་མཐོང་སོང་། དེ་ནས་ཁོ་ཁོ་རང་གིས་རོ་མཱ་པ་རྒྱལ་བོ་རྩ་རུ་ཁྲིམས་ཞུ་ཡས་སྨྲས་རེ་ང་ལ་ཞུ་བ་ཕུལ་རེ། ངས་ཁོ་ལ་རོམ་དུ་བརྫངས་ཡས་གྲོས་བྱས་བའི། 26 ཡིན་ནའང་ཁོའི་སྐོར་ལ་བྲིས་ཏེ་རྒྱལ་བོ་ལ་བསྐུར་ཡས་ང་ལ་གིའང་མེད། འོ་བྱས་རེ་ངས་ཁོ་ལ་ཁྱེད་རང་ཀྱ་གདོང་དུ་དང་། དངོས་གནས་བྱེད་ན་རྒྱལ་བོ་ཨག་རི་པཱ་ཁྱེད་རང་གི་གདོང་དུ་འཁྲིད་དེ་འོངས་ཡས་འཐད་བའི། དེ་ནས་ཁྱེད་རང་གིས་ཁོ་ལ་དྲི་བ་སྐུལ་བྱེད་ན་ང་ལ་འབྲི་ཡས་ཀྱི་ཚིག་རེ་རག་བའི་འོད་གྲོ་སྨྲས་རེ་ང་ལ་རེ་བ་འོད། 27 གི་བྱས་རེ་སྨྲ་ན་བཙོན་པ་ཡི་སྐྱོན་འཛུགས་དངོས་གནས་གོ་མ་སྟོན་ད། རོ་མཱ་པ་རྒྱལ་བོ་རྩ་རུ་བརྫངས་ཡས་ཀྱི་ལས་ཀ་དེ་ང་ལ་དགའ་མ་ཤེས་སོང་།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.