Biblia Todo Logo
Bìoball air-loidhne

- Sanasan -

མཛད་པ། 24 - གློ་བ།


དཔོན་པོ་ཕེ་ལིག་གི་གདོང་དུ་པའུ་ལུ།

1 ཉིན་མ་ལྔ་གཤམ་ནས་གཙོ་མཆོད་དཔོན་ཨ་ནན་ཡཱ་དང་ཡ་ཧུ་དཱ་པ་འགོ་ཁྲིད་རིང་འགའ་ཡིས། ཏེར་ཏུ་ལུ་སྨྲ་མཁན་ཁྲིམས་དཔོན་གཅིག་ཁྲིད་དེ་ཀེ་སར་ཡཱ་རུ་འོངས་བ་ལགས། ཁོང་ཀྱ་གི་རི་ཡིས་དཔོན་པོའི་གདོང་དུ་པའུ་ལུ་ཡི་སྐོར་ལ་ཁྲིམས་ཕུལ་བ་ལགས།

2 དེ་ནས་པའུ་ལུ་དཔོན་པོའི་གདོང་དུ་ཁྲིད་དེ་ཏེར་ཏུ་ལུ་ཡིས་ཁོའི་སྐོར་ལ་དེ་རེ་ལབ་བཞག་སྟེ་སྨྲས་བ་ལགས། ཕེ་ལིག་ལགས། ཁྱེད་རང་གི་འེ་ཡ་ཧུ་དཱ་པ་ཀྱ་ལ་དུས་ཚོད་རིང་ང་ཐུག་པའི་ཞི་བདེ་གནང་སོང་། དེ་ནས་ཁྱེད་རང་གི་དབང་ཆ་འོག་ལ་བསྡད་དེ་འི་ཀི་ལུང་པ་འདི་དམི་ཅིག་གི་དགའ་རུ་སོང་བྱུང་།

3 ཁྱེད་རང་གིས་མཛད་ཛ་ཕྱག་ལས་ཀྱ་ལ་འེ་ཀྱ་གི་རི་དམི་ཅིག་གི་ཉམ་མོ་དགའ་འོད།

4 ཡིན་ནའང་ང་ཁྱེད་རང་གི་དུས་ཚོད་མང་ང་མེད་ལེན་ད་འི་ཀི་ལབ་ཉན་ཡས་ལ་ཞུ་བ་འབུལ་ལ་ཡིན།

5 མི་འདིས་དམི་ཅིག་གི་རྙོག་གྲ་ལངས་ཀྱིན་དང་། འཛམ་བུ་གླིང་གི་རི་རུ་འོད་མཁན་ཡ་ཧུ་དཱ་པ་ཀྱ་ཡི་ཁོག་ཏུ་དཀྲུག་གིན་ལས་ཀ་བྱས་རེ་རྒྱུག་གིན་འི་ཀིས་རྙེད་སོང་། དེ་ནས་ཁོ་ན་ཛ་རི་སྨྲ་གིན་ཆོས་ལུགས་ཀྱི་འགོ་ཁྲིད་གོའང་འདུག

6 འདི་མི་ཡིས་མཆོད་ཁང་གོའང་མེད་གཙང་ང་བཟོ་ཡས་བྱེད་སོང་། ཡིན་ནའང་ཁོ་ལ་འི་ཀིས་ཟིམ་པའི། [འེ་ཀྱ་ཡིས་འོ་རི་ཆོས་ཁྲིམས་ཀྱི་ཐོག་ནས་ཁོ་ལ་ཁྲིམས་བཅད་ཡས་བྱས་བའི།

7 ཡིན་ནའང་དམག་དཔོན་ལུ་སི་ཡཱ་འོངས་རེ་ཁོ་ལ་འེ་ཀྱ་ནས་ཕྲོགས་ཏེ་ལ་སོང་།

8 དེ་ནས་ཁོ་ལ་སྐྱོན་འཛུགས་མཁན་ཀྱ་ལ་ཁྱེད་རང་རྩ་རུ་སོང་སྨྲས་རེ་བཀའ་གནང་སོང་།] ཁྱེད་རང་གི་ཁོ་ལ་འདྲི་ནའང་འེ་ཀྱ་ཡིས་ཁམ་མཆུ་བརྒྱབ་ཀྱིན་ལབ་དེ་ཁོ་ནས་རང་ཧ་གོ་གི་ལགས།

9 གཞན་མ་ཡ་ཧུ་དཱ་པ་ཀྱ་ཡིས་འང་ཏེར་ཏུ་ལུ་ཡི་ལབ་དེ་བདེན་པ་ལགས་སྨྲས་རེ་དཔང་པོ་སྟེར་པ་ལགས།


པའུ་ལུ་ཡིས་ཁོ་རི་ལབ་དཔོན་པོ་ཕེ་ལིག་ལ་བཤད་པ།

10 དེ་ནས་དཔོན་པོ་ཕེ་ལིག་གིས་པའུ་ལུ་ལ་ལབ་བཏང་ཡས་ལ་ལག་བརྡ་བྱས་བ་ལགས། དེ་ནས་པའུ་ལུ་ཡིས་དེ་རེ་སྨྲས་བ་ལགས། ལོ་མང་ང་ནས་ཁྱེད་རང་འདི་རྒྱལ་ཁབ་ཀྱི་ཁྲིམས་དཔོན་བྱུང་གིན་གོ་ང་ལ་ཆ་འོད། འོ་བྱས་རེ་ཁྱེད་རང་གི་གདོང་དུ་ང་ང་རི་ཕྱོགས་ཀྱི་ལབ་བཞག་ཡས་ལ་དམི་ཅིག་གི་ཉམ་དགའ་འོད།

11 ང་ཡེ་རུ་ཤ་ལེམ་དུ་དཀོན་མཆོག་ལ་ཕྱག་མཆོད་པ་བྱེད་དུ་འོངས་རེ། ཉིན་མ་བཅུ་གཉིས་ནས་འང་མང་ང་མ་བྱུང་འོད་ད་ལགས་སྨྲས་རེ་ཁྱེད་རང་གི་ལས་སླ་མོ་མ་ཧ་གོ་ཐུབ་ཀྱི་ལགས།

12 ཡ་ཧུ་དཱ་པ་ཀྱ་ནས་སུས་འང་ང་ལ་ནམ་མའང་མཆོད་ཁང་ནང་དུ་མི་གཞན་མ་མུ་ལ་ཁ་ནས་འཐྲབས་ཏེ་བསྡད་ཀྱིན་མ་མཐོང་འོད་ད་ལགས། དེ་ནས་ཚོགས་ཁང་ཀྱ་ཡང་མེད་ན་འདི་རྒྱལ་ས་ཡི་མི་ཀྱ་ལ་དཀྲུག་གིན་ལས་ཀ་བྱས་ཀྱིན་གོའང་མ་མཐོང་འོད་ད་ལགས།

13 དེ་ནས་ད་ལྟ་ངའི་ཐོག་ལ་སྐྱོན་འཛུགས་ཀྱིན་གྱི་དཔང་པོ་གོའང་དེ་ཀྱ་ཡིས་སྟོན་ཐུབ་ཀྱི་མ་ལགས།

14 ཡིན་ནའང་དེ་ཀྱ་ཡིས་ཆོས་ལུགས་སྨྲས་རེ་བཏགས་ཀྱིན་ལམ་འདི། ངའི་དང་པོའི་ཕ་མའི་དཀོན་མཆོག་ལ་ང་ཕྱག་མཆོད་པ་འབུལ་ལ་ཡིན་སྨྲས་རེ་ངས་ཁས་ལེན་ཏེ་འོད། དེ་ནས་མོ་ཤེའི་ཆོས་ཁྲིམས་ལ་བྲིས་བྲ་དང་། མངོན་ཤེས་མཁན་ཀྱ་ཡི་དེབ་ཀྱ་ལ་བྲིས་བྲ་ཀྱ་ལ་ང་བརྩིས་ལི་འོད།

15 དེ་ནས་དེ་ཀྱ་ཡིས་ཡིད་ཆས་བྱེད་ཀྱིན་ཅོག་རེ་དཀོན་མཆོག་གིས་མི་བཟང་པོ་དང་མི་ངན་པ་གི་རི་ལ། འཆི་བ་ནས་གསོན་པོ་མཛད་ཀྱི་ལགས་སྨྲ་གིན་ལབ་དེ་ལ་ངའང་རེ་བ་བྱེད་ད་ཡིན།

16 འོ་བྱས་རེ་ང་དཀོན་མཆོག་དང་མི་ཀྱ་གདོང་དུ་ནོར་འཁྲུལ་མི་བྱེད་ད། སེམས་བཟང་པོ་བྱས་རེ་བསྡད་ཡས་ཀྱི་ཤུགས་བྱེད་འདིག་འོད།

17 ལོ་ག་ཞིང་གི་གཤམ་ནས་ང་ཡེ་རུ་ཤ་ལེམ་དུ་ང་རི་མི་ཀྱ་ལ་སྦྱིན་པ་བཏང་དུ་དང་། དཀོན་མཆོག་ལ་མཆོད་པ་འབུལ་ཡས་ལ་འོངས་བ་ཡིན།

18 དེ་ལས་ཀ་བྱེད་འདིག་གང་ལ་ཁོང་ཀྱ་ཡིས་ང་ལ་མཆོད་ཁང་ནང་དུ་ཐུག་སོང་། འོ་དེ་གང་ལ་ངས་གཙང་མ་བྱུང་གིན་སྲོལ་གོ་བྱས་ཚར་འོད་ད་ལགས། འོ་དུ་རུ་མིའི་འཚང་ཀ་ཀྱ་ངའི་གཤམ་པ་ལ་མེད་ད་ལགས། དེ་ནས་ཁྲུག་གིན་ད་མ་ཤོར་འོད་ད་ལགས།

19 ཡིན་ནའང་ཨེ་ཞི་ཡཱ་ཕྱོགས་ནས་འོངས་བ་ཡ་ཧུ་དཱ་པ་རིང་འགའ་ཡིས་ང་ལ་མཆོད་ཁང་ནང་དུ་མཐོང་བ་ལགས། ཁོང་ཀྱ་ལ་ངའི་སྐོར་ལ་སྐྱོན་རེ་སྨྲ་ཡས་འོད་ན་ཁོང་ཀྱ་རང་ཁོང་པ་རྩ་རུ་འོངས་རེ་ཞུ་བ་འབུལ་དགོས་གུ་ལེ།

20 ཡང་མེད་ན་ང་ཡ་ཧུ་དཱ་པའི་ཚོགས་འདུ་གྱི་གདོང་དུ་ལངས་བའི་གང་ལ། ངའི་ནོར་འཁྲུལ་གི་མཐོང་སོང་། འོ་དེ་གོ་དེ་མི་ཀྱ་ལ་སྨྲ་རུ་བཅུག་རོགས་གནང་།

21 མི་ཤི་ཤ་ཡང་གསོན་པོ་ལངས་ཀྱི་ལགས་སྨྲ་གིན་ལབ་ལ་ངས་དད་པ་བྱས་རེ། དི་རིང་ང་ཁྱེད་རང་ཀྱ་གདོང་དུ་ཁྲིམས་འབུལ་ཡས་ལ་ལངས་ང་ཡིན། དེ་ལབ་དེ་ངས་ཐེངས་མ་གཅིག་ཕེ་ར་བརྒྱབ་སྟེ་སྨྲས་བའི། འོ་དེ་ལ་གཅིག་ཀ་ཁོང་ཀྱ་ཡིས་ངའི་ནོར་འཁྲུལ་སྟོན་ཐུབ་ཀྱི་ལགས།

22 ཕེ་ལིག་ལ་གཙོ་བོའི་ལམ་གྱི་སྐོར་ལ་ག་མོ་མ་ཆ་འོད་ད་ལགས། འོ་བྱས་རེ་ཁོས་ཁྲིམས་གོ་ཐག་བཅད་དེ་སྨྲས་བ་ལགས། དམག་དཔོན་ལུ་སི་ཡཱ་དུ་རུ་སླེབས་བའི་གང་ལ་ལབ་དེ་ལ་ང་ཁྲིམས་བཅད་ཡས་ཡིན།

23 དེ་སྨྲས་ཚར་ཏེ་ཕེ་ལིག་གིས་བརྒྱ་དཔོན་ལ་པའུ་ལུ་ལ་བཙོན་ཁང་ནང་དུ་དོགས། ཡིན་ནའང་ཁོ་ལ་རང་དབང་ཏི་ཏེ་སྟེར། དེ་ནས་ཁོའི་རོགས་བ་ཀྱ་ཡིས་ཁོ་ལ་དགོས་ཀྱིན་ཅ་ལག་ཀྱ་འཁྱེར་ཏེ་འོངས་ན། ཁོང་ཀྱ་ལ་མ་བཀག་སྨྲས་རེ་བཀའ་གནང་བ་ལགས།


པའུ་ལུ་བཙོན་ཁང་དུ་འདགས་པ།

24 ཉིན་མ་ག་ཞིང་གཤམ་ནས་ཕེ་ལིག་ཁོ་རི་ཡ་ཧུ་དཱ་པ་སྐྱེས་དམན་དྲུ་སིལ་བ་ནུ་མུ་ལ་འོངས་བ་ལགས། དེ་ནས་པའུ་ལུ་ལ་སྐད་བཏང་རེ། ཁོས་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་ཀྱིན་གྱི་སྐོར་ལ་བཤད་ཀྱིན་གོ་ཁོང་གཉིས་བོ་ཡིས་མཉན་པ་ལགས།

25 ཡིན་ནའང་པའུ་ལུ་ཡིས་དྲང་པོ་བྱུང་ཡས་དང་། རང་ཚོད་ཟིམ་གྱིན་དང་། ཁྲིམས་བཅད་ཀྱིན་ཉིན་མ་ཡི་སྐོར་ལ་བཤད་དེ་གང་ལ་ཕེ་ལིག་འཇིགས་པ་ལགས། དེ་ནས་ཁོ་ལ་སྨྲས་བ་ལགས། དི་རིང་གི་ཆེད་དུ་འགྲིག་སོང་། ད་སོང་། དེ་ནས་གོ་སྐབས་རག་ན་ངས་ཁྱོད་ལ་ཡང་ད་སྐད་བཏང་བོ།

26 པའུ་ལུ་ཡིས་ཨ་ལེ་སྟེར་གྲོ་བསམས་ཏེ་ཕེ་ལིག་གིས་ཁོ་ལ་དུས་དུས་ལ་སྐད་བཏང་རེ་ལབ་བཏང་བ་ལགས།

27 ལོ་གཉིས་ཚར་ཏེ་ཕེ་ལིག་གི་ཚབ་ལ་པོར་ཀིའུ་ཕེས་ཏུ་འོངས་བ་ལགས། དེ་ནས་ཕེ་ལིག་གིས་ཡ་ཧུ་དཱ་པ་ཀྱ་ལ་ཉམ་མོ་དགའ་རུ་བཅུག་ཡས་ལ་པའུ་ལུ་ལ་བཙོན་ཁང་ནང་དུ་རང་བཞག་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan