Biblia Todo Logo
Bìoball air-loidhne

- Sanasan -

མཛད་པ། 23 - གློ་བ།

1 པའུ་ལུ་ཡིས་ཚོགས་འདུ་ཕྱོགས་ལ་ཤ་རེ་བལྟས་རེ་སྨྲས་བ་ལགས། སྤུན་ཀྱ་བོ། ད་ལྟ་ཐུག་པའི་དཀོན་མཆོག་གི་གདོང་དུ་ངས་ཤེས་བཟང་གཙང་མའི་སྒོ་ནས་མི་ཚེ་པུད་འོད།

2 དེ་སྨྲ་གིན་གོ་ཧ་གོ་སྟེ་གཙོ་མཆོད་དཔོན་ཨ་ནན་ཡཱ་ཡིས་པའུ་ལུ་ཡི་བོ་ལོག་ཏུ་འོད་མཁན་ཀྱ་ལ་ཁོའི་ཁ་ལ་གཞུ་ཡས་བཀའ་སྟེར་པ་ལགས།

3 ཡིན་ནའང་པའུ་ལུ་ཡིས་ཨ་ནན་ཡཱ་ལ་སྨྲས་བ་ལགས། ཡེ་ཟོག་པོ་ཀྱ་བོ། དཀོན་མཆོག་གིས་ཁྱེད་ཀྱ་ལ་སྡུང་གི་ལགས། ཁྱེད་ཀྱ་མོ་ཤེའི་ཆོས་ཁྲིམས་ནས་ངའི་ཁྲིམས་བཅད་ཡས་ལ་འོ་དུ་རུ་བསྡད་དེའང་། ཆོས་ཁྲིམས་ལ་མི་མཐུན་ད་ང་ལ་སྡུང་ཡས་བཀའ་གི་བྱས་རེ་གནང་ང་ལེ།

4 པའུ་ལུ་བོ་ལོག་ཏུ་འོད་མཁན་ཀྱ་ཡིས་སྨྲས་བ་ལགས། ཁྱོད་དཀོན་མཆོག་གི་གཙོ་མཆོད་དཔོན་ལའང་སྨད་སྤྲ་པབ་བ་ལེ།

5 དེ་ནས་པའུ་ལུ་ཡིས་སྨྲས་བ་ལགས། སྤུན་ཀྱ་བོ། ཁོང་པ་རང་གཙོ་མཆོད་དཔོན་ལགས་སྨྲས་རེ་ང་ལ་ཤེས་ཡས་མེད། རང་གི་དཔོན་པོ་ཀྱ་ཡི་སྐོར་ལ་ལབ་ཨ་མ་བཏང་སྨྲས་རེ་གསུང་རབ་ལ་བྲིས་འོད་ད་ལགས།

6 ད་པའུ་ལུ་ཡིས་འོ་དུ་རུ་འོད་མཁན་རིང་འགའ་སཱ་དུ་ཀི་པ་དང་། རིང་འགའ་ཕཱ་རུ་ཤི་པ་ཡིན་མཁན་གོ་ཧ་གོ་སྟེ་སྐད་ཆེ་ལ་སྨྲས་བ་ལགས། སྤུན་ཀྱ་བོ། ང་ཕཱ་རུ་ཤི་པ་ཡིན། ཕཱ་རུ་ཤི་པ་ཡི་བི་ཛ་ཡིན། ངའི་རེ་བ་གོ་འཆི་བ་ནས་གསོན་པོ་ལངས་ཀྱིན་ལབ་ལ་བྱས་རེ་ང་དུ་རུ་ཁྲིམས་འབུལ་ཡས་ལ་ལངས་ང་ཡིན།

7 པའུ་ལུ་ཡིས་དེ་ལབ་སྨྲ་ལུང་མེད་ད་ལ་ཕཱ་རུ་ཤི་པ་དང་སཱ་དུ་ཀི་པ་ཀྱ་ཁོག་ཏུ་སྡུག་ཀ་ཤོར་པ་ལགས། དེ་ནས་མི་ཀྱ་ཕྱོགས་གཉིས་ལ་ཁ་བྲལ་བ་ལགས།

8 གི་བྱས་རེ་སྨྲ་ན་སཱ་དུ་ཀི་པ་ཀྱ་མི་འཆི་བ་ནས་གསོན་པོ་ལངས་ཀྱིན་དང་། ནམ་མཁའི་བང་ཆེན་ཀྱ་དང་། སེམས་ཉིད་ཀྱ་ལ་ཡིད་ཆེས་མི་བྱེད་ད་ལགས། ཡིན་ནའང་ཕཱ་རུ་ཤི་པ་ཀྱ་དེ་ལ་དད་པ་བྱེད་ད་ལགས།

9 འོ་བྱས་རེ་འོ་དུ་རུ་དམི་ཅིག་གི་ཆེ་ཕེ་ར་བྱུང་བ་ལགས། དེ་ནས་ཕཱ་རུ་ཤི་པ་ཡི་ཁོག་ནས་ཆོས་ཁྲིམས་ཀྱི་སློབ་དཔོན་རིང་འགའ་ལངས་རེ་སཱ་དུ་ཀི་པ་ཀྱ་ལ་སྨད་སྤྲ་པབ་ཏེ་སྨྲས་བ་ལགས། འེ་ཀྱ་ཡིས་འདི་མི་དེའི་ནོར་འཁྲུལ་གིན་ད་མེད་མཐོང་བ། འདི་མི་ལ་སེམས་ཉིད་ཡང་མེད་ན་ནམ་མཁའི་བང་ཆེན་གྱི་ལབ་བཏང་ང་མིན་གྲོ་བའི།

10 ཁོང་ཀྱ་ཡི་སྡུག་ཀ་དམི་ཅིག་གི་ཆེ་རུ་སོང་བ་ལགས། དེ་ནས་འོ་དུ་རུ་པའུ་ལུ་ལ་དུམ་བུ་དུམ་བུ་ལ་བཏང་རེ་བསད་ཀྱི་ལགས་སྨྲས་རེ་འཇིགས་ཏེ། དམག་དཔོན་ཀྱ་ཡིས་ཁོ་ལ་འོ་དེ་ནས་ཁྲིད་དེ་དམག་ཁང་དུ་འཁྲིད་དེ་འགྲོ་ཡས་ལ་དམག་མི་ཀྱ་ལ་བཀའ་གནང་བ་ལགས།

11 འོ་དེ་དགོང་མོ་རང་གཙོ་བོ་པའུ་ལུ་ཡིས་འགྲམ་ལ་ཕེབས་ཏེ་གསུངས་བ་ལགས། སེམས་ཤུགས་ཆེ་བཟོས། དུ་རུ་ཡེ་རུ་ཤ་ལེམ་དུ་ངའི་སྐོར་ལ་དཔང་པོ་སྟེར་གྱིན་ཅོག་རེ་རོམ་དུའང་ཁྱོས་སྟེར་དགོས་ཀྱི་ལགས།


པའུ་ལུ་ལ་བསད་ཡས་གྲོས།

12 ཉེ་དྲོ་སྔ་རོག་སྔ་ཏི་ཡ་ཧུ་དཱ་པ་ཀྱ་འཛོམས་ཏེ་པའུ་ལུ་བསད་ཡས་ཀྱི་གྲོས་བྱས་བ་ལགས། དེ་ནས་པའུ་ལུ་མ་བསད་ཀྱིན་ཐུག་པའི་ཁོང་ཀྱ་གིན་ད་མེད་ཟ་ཡས་དང་མི་འཐུང་ཡས་མནའ་བསྐྱལ་བ་ལགས།

13 དེ་རེ་མནའ་བསྐྱལ་མཁན་ཀྱ་མི་བཞི་བཅུ་ནས་མང་ང་འོད་ད་ལགས།

14 དེ་ནས་ཁོང་ཀྱ་གཞན་མ་མཆོད་དཔོན་ཆེ་ཀྱ་དང་འགོ་ཁྲིད་ཀྱ་རྩ་རུ་སོང་རེ་སྨྲས་བ་ལགས། འེ་ཀྱ་ཡིས་པའུ་ལུ་ལ་མ་བསད་ཀྱིན་ཐུག་པའི་གིན་ད་མེད་ཟ་སྨྲས་རེ་མནའ་བསྐྱལ་འོད།

15 འོ་བྱས་རེ་ཁྱེད་རང་ཀྱ་དང་ཚོགས་འདུ་མཐུན་ཏེ་པའུ་ལུ་ཡི་སྐོར་ལ་དོ་རང་འང་ག་མོ་མ་ཞིབ་ལྟ་བྱེད་དོག་དོག་བྱེད་ཡས་ལ། ཁོ་ལ་འོ་དེ་ནས་འཁྲིད་དེ་འོངས་ཡས་ལ་དམག་དཔོན་ཀྱ་ལ་ཞུ་རོགས་གནང་། དེ་ནས་ཚོགས་འདུ་ལ་འོངས་བའི་གང་ལ་འེ་ཀྱ་ཁོ་ལ་ལམ་ཁ་ལ་རང་བསད་ཡས་གྲ་སྒྲིག་བྱས་རེ་བསྡད་དོ།

16 ཡིན་ནའང་འོ་དེ་ཡ་ཧུ་དཱ་པ་ཀྱ་ཡིས་པའུ་ལུ་ལ་བསད་ཡས་གྲོས་གོ་པའུ་ལུ་ཡི་ཨི་ཇིའི་བི་ཛ་ཡིས་ཧ་གོ་པ་ལགས། དེ་ནས་ཁོ་དམག་ཁང་དུ་སོང་རེ་པའུ་ལུ་ལ་འོ་དེ་ལབ་བཤད་པ་ལགས།

17 དེ་ནས་པའུ་ལུ་ཡིས་བརྒྱ་དཔོན་གཅིག་ལ་སྐད་བཏང་རེ་སྨྲས་བ་ལགས། འདི་ཁྱོག་ཐོང་ལ་དམག་དཔོན་རྩ་རུ་འཁྲིད་དེ་སོང་། ཁོ་དམག་དཔོན་ལ་ལབ་གཅིག་བཤད་ཡས་འོད་ད་ལགས།

18 དེ་ནས་འོ་དེ་བརྒྱ་དཔོན་གྱིས་ཁོ་ལ་དམག་དཔོན་རྩ་རུ་ཁྲིད་དེ་སྨྲས་བ་ལགས། བཙོན་པ་པའུ་ལུ་ཡིས་ང་ལ་འདི་ཁྱོག་ཐོང་ལ་ཁྱེད་རང་རྩ་རུ་འཁྲིད་དེ་སོང་སྨྲས་སོང་། གི་བྱས་རེ་སྨྲ་ན་འདི་ཁྱོག་ཐོང་གིས་ཁྱེད་རང་ལ་ལབ་གཅིག་ཞུ་ཡས་འོད་སྨྲིས།

19 དེ་ནས་དམག་དཔོན་གྱིས་འོ་དེ་བི་ཛ་ཡི་ལག་པ་ནས་ཧ་ལ་ཁྲིད་དེ་དྲིས་བ་ལགས། ང་ལ་གི་སྨྲ་ཡས་འོད་དོ། སྨྲོས།

20 ཁྱོག་ཐོང་གིས་སྨྲས་བ་ལགས། ཉེ་དྲོ་ཡ་ཧུ་དཱ་པ་ཀྱ་ཡིས་པའུ་ལུ་ཡི་སྐོར་ལ་དོ་རང་འང་རྩད་གཅོད་བྱེད་དོག་དོག་བྱེད་ཡས་ལ། ཚོགས་འདུ་དུ་ཁྱེད་རང་གིས་ཁོ་ལ་འཁྲིད་དེ་འོངས་རོགས་བྱེད་སྨྲས་རེ་ཞུ་བ་འབུལ་རུ་འོངས་ཡས་གྲོས་བྱས་འདུག

21 ཡིན་ནའང་ཁྱེད་རང་ཁོང་ཀྱ་ཡི་ཁ་ལ་མ་ཉན་རོགས་གནང་། གི་བྱས་རེ་སྨྲ་ན་འོ་དུ་རུ་མི་བཞི་བཅུ་ནས་མང་ང་པའུ་ལུ་བསད་ཡས་ལ་བསྡད་འདུག ཁོང་ཀྱ་ཡིས་ཁོ་ལ་མ་བསད་ཀྱིན་ཐུག་པའི་གིན་ད་མེད་ཟ་ཡས་དང་མི་འཐུང་ཡས་སྨྲས་རེ་མནའ་བསྐྱལ་འདུག དེ་ནས་ཁོང་ཀྱ་གྲ་སྒྲིག་བྱས་རེ་ཁྱེད་རང་གི་ལོན་ལ་སྒུག་སྟེ་བསྡད་འདུག

22 དེ་གོ་སྟེ་དམག་དཔོན་གྱིས་འོ་དེ་ཁྱོག་ཐོང་ལ། ཁྱོས་ང་ལ་དེ་ལབ་སྨྲས་བའི་སྨྲས་རེ་སུ་ལའང་མ་སྨྲ་ཨ་སྨྲས་རེ་འོ་དེ་ནས་བརྫངས་བ་ལགས།


པའུ་ལུ་ལ་དཔོན་པོ་ཕེ་ལིག་རྩ་རུ་བརྫངས་བ།

23 འོ་དེ་གཤམ་ནས་དམག་དཔོན་གྱིས་དམག་མི་གཉིས་ལ་སྐད་བཏང་རེ་བཀའ་གནང་བ་ལགས། ཀེ་སར་ཡཱ་རུ་དི་རིང་དགོང་མོ་ཆུ་ཚོད་དགུ་བ་ལ་འགྲོ་ཡས་ལ་དམག་མི་ཉི་བརྒྱ་དང་། རྟ་ལ་བཞོན་གྱིན་དམག་མི་བདུན་བཅུ་དང་། མདུང་འཁྱེར་མཁན་དམག་མི་ཉི་བརྒྱ་གྲ་སྒྲིག་བྱེད།

24 དེ་ནས་པའུ་ལུ་ལ་བཞོན་ཡས་རྟ་ཀྱ་གྲ་སྒྲིག་བྱེད། དེ་ནས་ཁོ་ལ་དཔོན་པོ་ཕེ་ལིག་རྩ་རུ་གིན་ད་སྐྱོན་མ་བྱེད་ད་འཁྲིད་དེ་སོང་།

25 དེ་ནས་ཁོས་དཔོན་པོ་ལ་དེ་རེ་ཡིག་གཅིག་བྲིས་ཏེ་བསྐུར་པ་ལགས།

26 དཔོན་པོ་ཕེ་ལིག་ལགས། ང་ཀཱ་ལོ་དེའུ་ལུ་སི་ཡཱ་ནས་ཕྱག་ཕུལ་ལོ།

27 པའུ་ལུ་སྨྲ་མཁན་མི་འདི་ལ་ཡ་ཧུ་དཱ་པ་ཀྱ་ཡིས་བསད་ཡས་ལ་ཟིམ་འདུག ཡིན་ནའང་འདི་རོམ་གྱི་མི་ལགས་སྨྲས་རེ་ངས་ཧ་གོ་སྟེ། ངས་དམག་མི་ཀྱ་འཁྲིད་དེ་ཁོ་ལ་འོ་དེ་ཀྱ་ནས་ངས་སྐྱོབ་པའི།

28 ཁོའི་ནོར་འཁྲུལ་གི་ལེ་སྨྲས་རེ་གོ་ཡས་ལ། ངས་ཁོ་ལ་ཡ་ཧུ་དཱ་པ་ཀྱ་ཡི་ཚོགས་འདུ་དུ་ཁྲིད་དེ་སོང་བའི།

29 ཡིན་ནའང་ཁོ་ལ་བསད་དགོས་ཀྱིན། ཡང་མེད་ན་བཙོན་ཁང་ལ་འདགས་དགོས་ཀྱིན། ལས་ཀ་ངན་པ་ཁོས་མ་བྱས་འདུག་སྨྲས་རེ་ངས་ཧ་གོ་སོང་། ཁོའི་སྐྱོན་འཛུགས་གོ་ཁོང་ཀྱ་ཡི་ཆོས་ཁྲིམས་ཀྱི་དྲི་བ་ཀྱ་ཡི་སྐོར་ལ་འདུག།

30 དེ་ནས་ཡ་ཧུ་དཱ་པ་ཀྱ་ཡིས་ཁོ་ལ་བསད་ཡས་གྲོས་བྱེད་ཀྱིན་གོ་ངས་ཧ་གོ་ལུང་མེད་ད་ལ། ངས་ཁོ་ལ་ཁྱེད་རང་རྩ་རུ་བརྫངས་བ་ཡིན། དེ་ནས་ཁོ་ལ་སྐྱོན་འཛུགས་མཁན་མི་ཀྱ་ལའང་ཁྱེད་རང་རྩ་རུ་རང་ཞུ་བ་ཕུལ་སྨྲས་རེ་ངས་བཀའ་སྟེར་འོད།

31 དེ་ནས་དམག་དཔོན་གྱིས་བཀའ་གནང་གིན་ཅོག་རེ་དམག་མི་ཀྱ་ཡིས་པའུ་ལུ་ལ་འོ་དེ་དགོང་མོ་རང་ཁྲིད་དེ་ཨན་ཏི་པ་ཏྲི་རིས་རྒྱལ་ས་རུ་སླེབས་པ་ལགས།

32 ཉེ་དྲོ་གོ་དམག་མི་ཀྱ་གོ་པའུ་ལུ་ལ་རྟ་ལ་བཞོན་གྱིན་དམག་མི་ཀྱ་ཡི་ལག་ཀ་ལ་རྩིས་བརྒྱབ་སྟེ་ཁོ་རང་ཀྱ་ཡེ་རུ་ཤ་ལེམ་ལ་ལོག་པ་ལགས།

33 དེ་ནས་རྟ་ལ་བཞོན་གྱིན་དམག་མི་ཀྱ་ཡིས་པའུ་ལུ་ལ་ཀེ་སར་ཡཱ་རུ་ཁྲིད་དེ་དཔོན་པོ་ཀྱ་ལ་ཡིག་སྟེར་ཏེ་ཁོ་རྩིས་བརྒྱབ་པ་ལགས།

34 འོ་དེ་ཡིག་སྒྲོག་ཚར་ཏེ་དཔོན་པོ་ཡིས་པའུ་ལུ་ལ་དྲིས་བ་ལགས། ཁྱོད་ལུང་པ་ག་ནས་ལེ། དེ་ནས་པའུ་ལུ་ཡིས་སྨྲས་བ་ལགས། ང་ཀི་ལི་ཀི་ཡཱ་ནས་ཡིན།

35 དེ་ནས་དཔོན་པོ་ཡིས་སྨྲས་བ་ལགས། ཁྱོད་ལ་སྐྱོན་འཛུགས་མཁན་ཀྱ་དུ་རུ་སླེབས་ན་དེ་ནས་ང་ཁྱོའི་ཁམ་མཆུ་ལྟ་ཡས་ཡིན། འོ་དེ་གཤམ་ནས་དཔོན་པོ་ཡིས་པའུ་ལུ་ལ་ཧེ་རོ་དཱེའི་ཕོ་བྲང་དུ་ཁོ་ལ་སྲུང་མཁན་བཞག་སྟེ་ཤོག་སྨྲས་རེ་བཀའ་གནང་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan