Biblia Todo Logo
Bìoball air-loidhne

- Sanasan -

མཛད་པ། 22 - གློ་བ།

1 སྤུན་ཀྱ་དང་རྒན་པ་ཀྱ་བོ། ང་རི་ཕྱོགས་ནས་ངའི་སྐོར་ལ་སྨྲ་དགོས་ཀྱིན་ལབ་ཁྱེད་རང་ཀྱ་ཉན་རོགས་གནང་།

2 པའུ་ལུ་ཡིས་ཨིབ་རི་པ་སྐད་ལ་ལབ་བཏང་གིན་གོ་གོ་སྟེ་མི་གི་རི་ཁ་པ་བསྡད་པ་ལགས། དེ་ནས་པའུ་ལུ་ཡིས་སྨྲས་བ་ལགས།

3 ང་ཀི་ལི་ཀི་ཡཱ་ཡི་ཏྲར་སོ་རྒྱལ་ས་རུ་སྐྱེས་ཀྱ་ཡ་ཧུ་དཱ་པ་གཅིག་ཡིན། ཡིན་ནའང་ང་དུ་རུ་ཡེ་རུ་ཤ་ལེམ་རྒྱལ་ས་རུ་གཱ་མ་ལི་ཨེལ་གྱི་སློབ་ཕྲུག་བྱས་རེ་འཚར་པ་ལགས། འོ་རི་དང་པོའི་ཕ་མ་ཀྱ་ནས་རང་བརྩིས་རེ་འོངས་བ་ཆོས་ཁྲིམས་ཀྱི་བསླབ་བྱ་ཀྱ་ངས་ག་མོ་མ་སྦྱངས་འོད། དི་རིང་ཁྱེད་རང་ཀྱ་ཡིས་དཀོན་མཆོག་ལ་དམི་ཅིག་གི་རྩི་གིན་ཅོག་རེ་ངས་འང་འོ་བྱས་རེ་རང་བརྩིས་འོད།

4 གཙོ་བོའི་ལམ་ལ་འགྲོ་མཁན་མི་ཀྱ་ལ་ཤི་ཡས་ཐུག་པའི་ངས་སྡུག་པོ་བཏང་བའི། སྐྱེས་བའི་ཁྱོ་ག་དང་སྐྱེས་དམན་ཀྱ་ལ་ཟིམ་ཏེ་ངས་བཙོན་ཁང་ལ་འདགས་དུ་བཅུག་པའི།

5 ངས་སྨྲ་གིན་དེ་ལབ་ཀྱ་བདེན་པ་ལགས་སྨྲས་རེ་གཙོ་མཆོད་དཔོན་དང་ཚོགས་འདུ་གྱི་འགོ་ཁྲིད་ཀྱའང་དཔང་པོ་ལགས། ཁོང་པ་ཀྱ་ཡིས་རང་ང་ལ་དཱ་མ་སེག་ཀོ་རུ་འོད་མཁན་ཡ་ཧུ་དཱ་པ་སྤུན་ཀྱ་ཡི་མིང་ལ་ཡིག་བསྐུར་པ་ལགས། དེ་ནས་འོ་དེ་ཡིག་དེ་ལ་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་ཀྱ་ལ་ཟིམ་ཡས་ཀྱི་དབང་ཆ་ང་ལ་གནང་འོད་ད་ལགས། འོ་བྱས་རེ་འོ་དེ་ཀྱ་ལ་ཡེ་རུ་ཤ་ལེམ་དུ་འཁྲིད་དེ་ཆད་པ་བཀལ་ཡས་ལ་ང་དཱ་མ་སེག་ཀོ་རུ་སོང་བའི།


པའུ་ལུ་འགྱུར་གྱིན་གྱི་སྐོར་ལ་བཤད་པ།
( མཛད་པ། ༩:༡-༡༩ ; ༢༦:༡༢-༡༨ )

6 ང་དཱ་མ་སེག་ཀོ་རུ་ཉིན་གུང་སླེབས་གུ་བྱེད་འདིག་གང་ལ། ཧ་ཏག་པ་ལ་གནམ་ནས་དམི་ཅིག་གི་གསལ་ལ་འོད་གཅིག་ངའི་གཡས་གཡོན་ལ་ཤར་སོང་།

7 དེ་ནས་ང་ས་ལ་འགྱེལ་སོང་། དེ་ནས་སྐད་དེ་རེ་གཅིག་གོ་སོང་། ཤ་ཨུལ། ཤ་ཨུལ། ཁྱོད་གི་བྱས་རེ་ང་ལ་སྡུག་པོ་བཏང་ང་ལེ།

8 དེ་ནས་ངས་དྲིས་བའི། གཙོ་བོ། ཁྱེད་རང་སུ་ཡོན་ནོ། དེ་ནས་ཁོང་པ་ཡིས་ང་ལ་གསུངས་སོང་། ཁྱོས་སྡུག་པོ་བཏང་གིན་ན་ཙ་རེད་ཀྱི་ཡེ་ཤུ་ང་ཡིན།

9 ངའི་མུ་ལ་འོད་མཁན་ཀྱ་ཡིས་འོད་དེ་མཐོང་སོང་། ཡིན་ནའང་སྐད་གོ་གོ་སྟེའང་དོན་དག་གོ་ཧ་མ་གོ་སོང་།

10 ངས་སྨྲས་བའི། གཙོ་བོ། ད་ང་གི་བྱེད་ཡས། དེ་ནས་གཙོ་བོ་ཡིས་ང་ལ་གསུངས་སོང་། ལངས་རེ་དཱ་མ་སེག་ཀོ་རུ་སོང་། དེ་ནས་ཁྱོས་གི་བྱེད་དགོས་ཀྱིན་ལས་ཀ་ཀྱ་ཡི་སྐོར་ལ་ཁྱོད་ལ་འོ་དུ་རུ་རང་སྨྲ་གི་ལགས།

11 འོ་དེ་འོད་དམི་ཅིག་གི་གསལ་ལ་བྱས་རེ་ང་མིག་མཐོང་མ་ཐུབ་ཀྱིན་བྱུང་སོང་། འོ་བྱས་རེ་ངའི་རོགས་བ་ཀྱ་ཡིས་ང་ལ་ལག་སྟེ་འཁྲིད་དེ་དཱ་མ་སེག་ཀོ་རུ་ཁྲིད་པ་ལགས།

12 དེ་ནས་འོ་དེ་རྒྱལ་ས་རུ་ཨ་ནན་ཡཱ་སྨྲ་མཁན་མི་གཅིག་བསྡད་ད་ལགས། ཁོ་ཆོས་ཁྲིམས་ལ་བརྩིས་མཁན་མི་དྲང་པོ་དང་། འོ་དུ་རུ་བསྡད་མཁན་ཡ་ཧུ་དཱ་པ་ཀྱ་གི་རི་ཡིས་བརྩིས་མཁན་མི་གཅིག་ལགས།

13 ཁོ་ང་རྩ་རུ་འོངས་རེ་དེ་ནས་ངའི་བོ་ལོག་ཏུ་ལངས་རེ་སྨྲས་བ་ལགས། ཤ་ཨུལ། ཁྱོད་མཐོང་བར་ཤོག། ཁོས་དེ་རེ་སྨྲ་ལུང་མེད་ད་ལ་ང་མིག་མཐོང་གིན་བྱུང་རེ་ཁོ་ལ་མཐོང་སོང་།

14 དེ་ནས་ཁོས་ང་ལ་སྨྲས་སོང་། འོ་རི་དང་པའི་ཕ་མ་ཀྱ་ཡིས་བརྩིས་མཁན་དཀོན་མཆོག་གིས་ཁོང་པ་རང་གི་འདོད་པ་ཁྱོས་ཧ་གོ་ཡས་ལ་དང་། འོ་དེ་མི་དྲང་པོ་ལ་མཐོང་ཡས་དང་། ཁོང་པ་ཡི་གསུང་སྐད་ཉན་ཡས་ལ་ཁྱེད་རང་ལ་བསྐོས་མཛད་པ་ལགས།

15 གི་བྱས་རེ་སྨྲ་ན་ཁོང་པ་ཡི་ཕྱིར་ལ་ཁྱེད་རང་གིས་མཐོང་གིན་དང་། མཉན་གྱིན་གྱི་དཔང་པོ་བྱུང་རེ་མི་གི་རི་ལ་བཤད་ཀྱིན་ཁྱོད་འབྱུང་གི་ལགས།

16 འོ་བྱས་རེ་ད་ཁྱོད་གི་ལ་སྒུག་སྟེ་བསྡད་ད། ལོངས། དེ་ནས་ཁྲུས་གསོལ་ལེན། དེ་ནས་ཁྱོད་རི་སྡིག་པ་ཀྱ་གཙང་མ་བཟོ་ཡས་ལ་གཙོ་བོ་ཡེ་ཤུ་ཡི་མཚན་འབོད།

17 འོ་དེ་ནས་ང་ཡེ་རུ་ཤ་ལེམ་དུ་ལོག་པའི། དེ་ནས་མཆོད་ཁང་ནང་དུ་གསོལ་བ་བརྒྱབ་བའི་གང་ལ་ངས་མཐོང་སྣང་གཅིག་མཐོང་སོང་།

18 མཐོང་སྣང་ལ་གཙོ་བོ་ཡེ་ཤུ་མཇལ་སོང་། དེ་ནས་ང་ལ་གསུངས་སོང་། མགྱོགས་སེ་ཡེ་རུ་ཤ་ལེམ་འབོར་ཏེ་སོང་། གི་བྱས་རེ་སྨྲ་ན་ངའི་སྐོར་ལ་བཤད་ཀྱིན་ཁྱོའི་དཔང་པོ་ཀྱ་ལ་དེ་མི་ཀྱ་ཡིས་ཁས་ལེན་གྱི་མ་ལགས།

19 ངས་སྨྲས་བའི། གཙོ་བོ་ལགས། ཚོགས་ཁང་གཅིག་ནས་གཞན་མ་ལ་སོང་རེ་ངས་ཁྱེད་རང་ལ་དད་པ་བྱེད་མཁན་ཀྱ་ལ་ཟིམ་ཏེ། ཨ་ཏྲ་ལ་འདགས་ཀྱིན་དང་། བཞུས་གིན་ལབ་ཀྱ་དེ་མི་ཀྱ་གི་རི་ལ་ཆ་འོད་ད་ལགས།

20 དེ་ནས་ཁྱེད་རང་གི་དཔང་པོ་སྟེར་མཁན་སེ་ཏེ་ཕཱན་ལ་ཁྲག་རྨ་ཟིང་བའི་བསད་དེ་གང་ལ། ང་འོ་དུ་རུ་རང་འོད་ད་ལགས། དེ་ནས་ཁོ་ལ་བསད་མཁན་ཀྱ་མུ་ལ་ང་མཐུན་ཏེ་ཁོང་ཀྱ་ཡི་གོས་ལག་བསྲུངས་རེ་བསྡད་པའི།

21 ཡིན་ནའང་གཙོ་བོ་ཡིས་ང་ལ་གསུངས་སོང་། ཁྱོད་སོང་། ང་ཁྱེད་ལ་དམི་ཅིག་གི་ཐག་རིང་ང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་རྩ་རུ་བརྫངས་ཡས་ཡིན།

22 ཁོང་ཀྱ་ཡིས་པའུ་ལུ་ཡི་ལབ་དེ་ཚོད་ཐུག་པའི་རང་མཉན་པ་ལགས། དེ་ནས་ཁོང་ཀྱ་ཡིས་དེ་རེ་ཕེ་ར་བརྒྱབ་པ་ལགས། དེ་རེ་མི་ལ་བསད་དགོས་ཀྱི་ལགས། དེ་ནས་འདི་ལ་གསོན་པོ་བསྡད་ད་བཅུག་ཡས་མེད་ད་ལགས།

23 ཁོང་ཀྱ་ཁོ་རི་གཟན་ཀྱ་གཡུགས་ཏེ། དེ་ནས་གནམ་ལ་ཐལ་ལ་གཏོར་ཏེ་ཕེ་ར་བརྒྱབ་པ་ལགས།

24 དེ་ནས་གི་བྱས་རེ་ཡ་ཧུ་དཱ་པ་ཀྱ་ཁོས་དགྲ་ལ་ཕེ་ར་བརྒྱབ་བ་ལེ་སྨྲས་རེ་ཧ་གོ་ཡས་ལ། རོ་མཱ་པ་དམག་དཔོན་གྱིས་ཁོ་ལ་ནང་དུ་འཁྲིད་དེ་རྟ་ལྕག་གཞུ་ཡས་བཀའ་སྟེར་པ་ལགས།

25 དམག་མི་ཀྱ་ཡིས་ཁོ་ལ་གཞུ་ཡས་ལ་འདམ་ཡས་བྱེད་འདིག་གང་ལ། པའུ་ལུ་ཡིས་ཁོ་རི་བོ་ལོག་ཏུ་འོད་མཁན་བརྒྱ་དཔོན་ལ་སྨྲས་བ་ལགས། རོ་མཱ་པ་ཁྲིམས་ལ་རོ་མཱ་པ་གཅིག་གིས་ནོར་འཁྲུལ་བྱེད། མ་བྱེད། ཧ་མ་གོ་རའང་ཁོ་ལ་རྟ་ལྕག་བཞུས་ཆོག་བ་ལེ།

26 འདི་བརྒྱ་དཔོན་གྱིས་དེ་ཧ་གོ་སྟེ་ཁོ་དམག་དཔོན་རྩ་རུ་སོང་རེ་སྨྲས་བ་ལགས། ཁྱེད་རང་གིས་གི་བྱེད་ཡས་བྱེད་ད། འོ་དེ་མི་ནས་རོ་མཱ་པ་འདུག

27 དེ་ལབ་ཧ་གོ་སྟེ་དམག་དཔོན་གོ་ནང་དུ་སོང་རེ་པའུ་ལུ་ལ་དྲིས་བ་ལགས། ཁྱོད་དངོས་གནས་རང་རོ་མཱ་པ་ལེ། པའུ་ལུ་ཡིས་སྨྲས་བ་ལགས། ང་ཡིན།

28 དེ་ནས་དམག་དཔོན་གྱིས་སྨྲས་བ་ལགས། ང་ནི་དམི་ཅིག་གི་ཨ་ལེ་ཇང་རེ་རོ་མཱ་པ་བྱུང་བྱ་ཡིན། ཡིན་ནའང་པའུ་ལུ་ཡིས་སྨྲས་བ་ལགས། ང་ནི་སྐྱེས་ནས་ཧ་ལ་རང་རོ་མཱ་པ་ཡིན།

29 དེ་རེ་གོ་ལུང་མེད་ད་ལ་ཁོ་ལ་དྲི་བ་བྱེད་ཡས་ལ་འོངས་མཁན་གི་རི་ཨུ་ཀུ་ར་རྒྱབ་ལོག་པ་ལགས། དེ་ནས་པའུ་ལུ་རོ་མཱ་པ་བྱེད་རེའང་འོ་དེ་རེ་བྱས་རེ་ལྕག་ཐག་གིས་བསྡམ་དུ་བཅུག་སྟེ་དམག་དཔོན་གོའང་འཇིགས་པ་ལགས།


པའུ་ལུ་ཚོགས་འདུ་ཆེའི་གདོང་དུ།

30 ཡ་ཧུ་དཱ་པ་ཀྱ་ཡིས་པའུ་ལུ་ལ་གི་བྱས་རེ་སྐྱོན་བཙུགས་པ་ལེ་སྨྲས་རེ་དམག་དཔོན་གྱིས་གོ་ཉིད་འདོད་པ་ལགས། འོ་བྱས་རེ་ཉེ་དྲོ་གོ་ཁོས་མཆོད་དཔོན་ཆེ་ཀྱ་དང་ཚོགས་འདུ་ཆེའི་མི་གི་རི་ལ་སྐད་བཏང་རེ་འཛོམས་ཡས་ལ་བཀའ་གནང་བ་ལགས། དེ་ནས་པའུ་ལུ་ལ་ཁྲིད་དེ་ཁོང་ཀྱ་གདོང་དུ་བསླངས་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan