Biblia Todo Logo
Bìoball air-loidhne

- Sanasan -

མཛད་པ། 21 - གློ་བ།


པའུ་ལུ་ཡེ་རུ་ཤ་ལེམ་དུ་སོང་བ།

1 ཨེ་ཕེ་སུ་ཡི་ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་ནས་དགོངས་པ་ཞུས་རེ། འེ་ཀྱ་གྲུ་བཞོན་ཏེ་ཤ་རེ་ཀོཟ་སྨྲ་གིན་གླིང་ཕྲན་དུ་སླེབས་པ་ལགས། དེ་ནས་ཉེ་དྲོ་གོ་འེ་ཀྱ་རོ་དཱོས་སྨྲ་གིན་ས་ཆ་རུ་སླེབས་ཏེ་འོ་དེ་ནས་པ་ཏ་རཱ་སྨྲ་གིན་རྒྱལ་ས་ལ་སླེབས་པ་ལགས།

2 འོ་དུ་རུ་འེ་ཀྱ་ལ་ཕོ་ནི་ཀེ་ཕྱོགས་ལ་འགྲོ་གིན་གྲུ་རྙེད་དེ། འོ་དེ་ལ་རང་བཞོན་ཏེ་སོང་བའི།

3 འེ་ཀྱ་ས་ཡིབ་པུ་རུས་ས་ཆའི་བོ་ལོག་ནས་བྱུང་རེ། འོ་དེའི་ལྷོ་ཕྱོགས་ལ་འོད་ཀྱིན་སི་རི་ཡཱ་ཕྱོགས་ལ་སོང་བའི། དེ་ནས་ཏཱ་ཨར་རྒྱལ་ས་རུ་གྲུ་ནས་ཅ་ལག་ཀྱ་བཏོན་དགོས་ཡས་བྱས་རེ་འོ་དུ་རུ་སྒུག་པ་ལགས། འོ་བྱས་རེ་འེ་ཀྱ་འོ་དུ་རུ་བབ་པའི།

4 དེ་ནས་འོ་དུ་རུ་འོད་མཁན་དད་པ་བྱེད་མཁན་ཀྱ་ལ་འེ་ཀྱ་ཐུག་ཏུ་སོང་རེ་ཁོང་ཀྱ་མུ་ལ་བདུན་ཕྲག་གཅིག་བསྡད་པའི། དེ་ནས་དམ་པའི་ཐུགས་ཉིད་ནས་མངོན་མཁྱེན་ཏེ། འོ་དེ་ཀྱ་ཡིས་པའུ་ལུ་ལ་ཡེ་རུ་ཤ་ལེམ་དུ་མ་འགྲོ་སྨྲས་རེ་ཞུ་བ་ཕུལ་བ་ལགས།

5 གི་ཡིན་ན་བདུན་ཕྲག་གཅིག་རྫོགས་ཏེ་འེ་ཀྱ་ཁོང་ཀྱ་ནས་དགོངས་པ་ཞུས་རེ་འགྲོ་ཡས་བྱས་བའི། དེ་ནས་དད་པ་བྱེད་མཁན་ཨ་ཇོ་ནུ་བོ་དང་། ཨི་ཇི་ནུ་མུ་དང་། ཕྲུ་བ་གི་རི་འེ་ཀྱ་ལ་རྒྱལ་ས་ཕི་ཐུག་པའི་བསྐྱལ་དུ་འོངས་བ་ལགས། དེ་ནས་འེ་ཀྱ་གི་རི་རྒྱ་མཚོའི་མཐའ་མ་རུ་པུས་མོ་བཙུགས་ཏེ་སྨོན་ལམ་བརྒྱབ་པའི།

6 འོ་དེ་གཤམ་ནས་གཅིག་གཅིག་ལ་དགོངས་པ་ཞུས་རེ་འེ་ཀྱ་གྲུ་ཁར་ལ་བཞོན་པའི། དེ་ནས་ཁོང་ཀྱ་གོ་ཁོ་རི་ཁང་པ་ཕྱོགས་ལ་ལོག་པ་ལགས།

7 ཏཱ་ཨར་རྒྱལ་ས་ནས་འེ་ཀྱ་ཏོ་ལེ་མཱ་ཨིས་རྒྱལ་ས་རུ་སླེབས་ཏེ་གྲུ་ནས་བབ་པའི། དེ་ནས་འོ་དུ་རུ་འོད་མཁན་དད་པ་བྱེད་མཁན་ཨ་ཇོ་ནུ་བོ་ཀྱ་ཐུག་ཏུ་སོང་བའི། དེ་ནས་ཉིན་མ་གཅིག་ཁོང་ཀྱ་མུ་ལ་རང་བསྡད་པའི།

8 ཉེ་དྲོ་གོ་འོ་དེ་ནས་དགོངས་པ་ཞུས་རེ་འེ་ཀྱ་ཀེ་སར་ཡཱ་རུ་སླེབས་པ་ལགས། དེ་ནས་འོ་དུ་རུ་འེ་ཀྱ་ཆོས་བཤད་མཁན་ཕི་ལིབ་ཀྱི་ནང་དུ་བསྡད་པའི། ཕི་ལིབ་གོ་ཡེ་རུ་ཤ་ལེམ་དུ་ཞབས་ཏོག་འབུལ་ཡས་ལ་བདམས་ད་མི་བདུན་ནས་གཅིག་ལགས།

9 ཁོ་ལ་མནའ་མ་ལ་མ་སོང་ས་བུ་མོ་བཞི་འོད་ད་ལགས། ཁོང་ཀྱ་མངོན་ཤེས་མཁྱེན་ད་ལགས།

10 འེ་ཀྱ་ཀེ་སར་ཡཱ་དུ་ཉིན་མ་ཨ་རུང་མང་ང་བསྡད་དེ་གང་ལ། ཨ་ག་བུ་སྨྲ་མཁན་མངོན་ཤེས་མཁན་གཅིག་ཡུ་དེ་ཡཱ་ནས་འེ་ཀྱ་རྩ་རུ་འོངས་སོང་།

11 ཁོས་པའུ་ལུ་ཡི་སྐེད་རགས་འཁྱེར་ཏེ་ཁོ་རི་ལག་པ་དང་རྐང་པ་ཀྱ་བསྡམས་ཏེ་སྨྲས་བ་ལགས། དམ་པའི་ཐུགས་ཉིད་ཀྱིས་དེ་རེ་གསུངས་བའི། ཡེ་རུ་ཤ་ལེམ་ལ་འགྲོ་ན་ཡ་ཧུ་དཱ་པ་ཀྱ་ཡིས་དེ་སྐ་བུ་ཡི་བདག་པོ་ལ་དེ་རེ་བྱས་རེ་རང་བསྡམ་གྱི་ལགས། དེ་ནས་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་ལག་པ་ལ་རྩི་བརྒྱབ་ཀྱི་ལགས།

12 དེ་ལབ་ཧ་གོ་སྟེ་འེ་ཀྱ་དང་འོ་དུ་རུ་འོད་མཁན་མི་གི་རི་ཡིས་པའུ་ལུ་ལ་ཡེ་རུ་ཤ་ལེམ་ལ་མ་འགྲོ་སྨྲས་རེ་ཞུ་བ་ཕུལ་བའི།

13 ཡིན་ནའང་པའུ་ལུ་ཡིས་སྨྲས་བ་ལགས། གི་བྱས་རེ་ཁྱེད་ཀྱ་ངུས་རེ་ངའི་སེམས་མི་སྐྱིད་ད་ཟོ་བ་ལེ། ང་ཡེ་རུ་ཤ་ལེམ་དུ་བཙོན་ཁང་དུ་འདགས་ཡས་ལ་གཅིག་ཀ་མིན་ད། ང་རི་གཙོ་བོ་ཡེ་ཤུ་ཡི་ཕྱིར་ལ་ཤི་ཡས་ལ་གྲ་སྒྲིག་འོད།

14 དེ་ནས་པའུ་ལུ་ལ་བཀག་མ་ཐུབ་སྟེ་འེ་ཀྱ་ཡིས་ཁོ་ལ་གཙོ་བོ་ཡི་མཐོ་དགོངས་འགྲུབ་པར་ཤོག་སྨྲས་རེ་ཁ་པ་བསྡད་པའི།

15 འོ་དེ་གཤམ་ནས་འེ་ཀྱ་འཆོམས་ཏེ་ཡེ་རུ་ཤ་ལེམ་ཕྱོགས་ལ་སོང་བ་ལགས།

16 ཀེ་སར་ཡཱ་ཡི་དད་པ་བྱེད་མཁན་རིང་འགའ་འི་ཀི་མུ་ལ་འོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་འེ་ཀྱ་ལ་མཱ་ན་སོན་སྨྲ་མཁན་དད་པ་བྱེད་མཁན་རྙིང་པ་གཅིག་གི་ནང་དུ་བསྡད་ཡས་ལ་བསྐྱལ་བ་ལགས། མཱ་ན་སོན་གོ་ས་ཡིབ་པུ་རུས་རྒྱལ་ས་ནས་ལགས།


ཡེ་རུ་ཤ་ལེམ་དུ་པའུ་ལུ་ཡིས་ཡ་ཀོབ་ལ་ཐུག་པ།

17 འེ་ཀྱ་ཡེ་རུ་ཤ་ལེམ་དུ་སླེབས་ཏེ་འོ་དུ་རུ་འོད་མཁན་སྤུན་ཀྱ་ཡིས་འེ་ཀྱ་ལ་དམི་ཅིག་གི་ཉམ་མོ་དགྱེས་རེ་ཕེབས་བསུ་ཞུས་སོང་།

18 ཉེ་དྲོ་གོ་པའུ་ལུ་ཡིས་འེ་ཀྱ་ལ་ཡ་ཀོབ་རྩ་རུ་འཁྲིད་དེ་ལ་སོང་། ཡ་ཀོབ་ཀྱི་ནང་ལ་ཆོས་ཚོགས་ཀྱི་འགོ་ཁྲིད་གི་རི་འཛོམས་ཏེ་བསྡད་འདུག

19 དེ་ནས་པའུ་ལུ་ཡིས་ཁོང་ཀྱ་ལ་དགའ་བསུ་ཞུས་རེ་ཁོང་ཀྱ་ལ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་གུང་དུ་གཏམ་བཟང་བཤད་དེ་གང་ལ། དཀོན་མཆོག་གིས་མཛད་ཛ་ལས་ཀ་ཀྱ་ཡི་སྐོར་ལ་གི་རི་བཤད་པ་ལགས།

20 པའུ་ལུ་ཡི་ལབ་ལ་མཉན་ཏེ་ཁོང་ཀྱ་ཡིས་དཀོན་མཆོག་ལ་བསྟོད་སྒྲ་ཕུལ་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་སྨྲས་བ་ལགས། སྤུན་ཀྱ་བོ། འདི་རུའང་ཡ་ཧུ་དཱ་པ་ཀྱ་ནས་མི་སྟོང་ཕྲག་གིས་གཙོ་བོ་ལ་དད་པ་བྱས་རེ། མོ་ཤེ་ཡིས་གནང་ན་ཆོས་ཁྲིམས་ལ་དམི་ཅིག་གི་ཧུ་ར་བྱས་རེ་བརྩིས་རེ་བསྡད་འདུག

21 ད་མོ་ཤེ་ཡིས་ཆོས་ཁྲིམས་ལ་རྩི་དགོས་ཀྱི་མ་ལགས། དེ་ནས་ཕྲུ་བ་ཀྱ་ཡི་ལྤགས་བོ་བཅད་ཀྱིན་སྲོལ་བྱེད་དགོས་ཀྱི་མ་ལགས། དེ་ནས་ཡ་ཧུ་དཱ་པ་ཡི་སྲོལ་ལ་རྩི་དགོས་ཀྱི་མ་ལགས་སྨྲས་རེ། ཁྱེད་རང་གིས་ཡ་ཧུ་དཱ་པ་མིན་མཁན་མི་ཀྱ་ཁོག་ཏུ་བསྡད་མཁན་ཡ་ཧུ་དཱ་པ་གི་རི་ལ་བསླབ་བའི་སྨྲས་རེ་ཁོང་ཀྱ་ཡིས་ཧ་གོ་འདུག

22 ད་འེ་ཀྱ་གི་བྱེད་ཡས། ད་ཁོང་ཀྱ་ཡིས་ཁྱེད་རང་དུ་རུ་སླེབས་འདུག་སྨྲས་རེ་དངོས་གནས་ཧ་གོ་གི་ལགས།

23 འོ་བྱས་རེ་འི་ཀིས་སྨྲ་གིན་གོ་ཉན་རོགས་བྱེད། ད་ལྟ་དུ་རུ་འེ་ཀྱ་མུ་ལ་དཀོན་མཆོག་གི་དྲུང་དུ་མནའ་བསྐྱལ་ཀྱ་མི་བཞི་འོད།

24 དེ་ནས་ཁྱེད་རང་ཁོང་ཀྱ་མུ་ལ་མཆོད་ཁང་དུ་ཕེབས། དེ་ནས་ཁོང་ཀྱ་མུ་ལ་གཙང་མ་བཟོ་གིན་སྲོལ་གོ་མཛད། དེ་ནས་ཁོང་ཀྱ་གི་རིའི་སྐྲ་བཅད་ཀྱིན་གྱི་ཨ་ལེ་གོ་གནང་ང་མཛད། དེ་རེ་བྱས་རེ་ཁྱེད་རང་གི་ཆོས་ཁྲིམས་རྩི་གིན་གོ་མཐོང་ན། མི་གི་རི་ཡིས་ཁྱེད་རང་གི་སྐོར་ལ་སྨྲས་ན་ལབ་ཀྱ་ཟོག་པོ་ལགས་སྨྲས་རེ་ཧ་གོ་གི་ལགས།

25 ཡིན་ནའང་ཡ་ཧུ་དཱ་པ་མིན་གྱིན་མི་རིགས་ཀྱི་དད་པ་བྱེད་མཁན་ཀྱ་ལ་སྐུ་འདྲ་ལ་ཕུལ་པ་ཟ་མ་མ་ཟ། ཁྲག་མ་འཐུང་། དེ་ནས་མིག་པ་བཙིར་ཏེ་བསད་ས་དུད་འགྲོ་གི་ཤ་མ་ཟ། དེ་ནས་ལོག་གཡེམ་བྱེད་ཀྱིན་ལས་ཀ་ནས་ཐག་རིང་པོ་སྡོད་སྨྲས་རེ་འེ་ཀྱ་ཡིས་གྲོས་བྱས་རེ་ཡིག་བྲིས་ཏེ་བསྐུར་ཚར་འོད།

26 ཉེ་དྲོ་གོ་པའུ་ལུ་ཡིས་འོ་དེ་མི་བཞི་ལ་འཁྲིད་དེ་མཆོད་ཁང་དུ་གཙང་མ་འབྱུང་ཡས་ལས་ཀ་བྱེད་རུ་སོང་བ་ལགས། པའུ་ལུ་ཁོང་ཀྱ་མུ་ལ་གཙང་མ་བྱུང་གིན་སྲོལ་འདི་བྱས་བ་ལགས། དེ་ནས་ཁོ་མཆོད་ཁང་ནང་དུ་འཛུལ་རེ་འོ་དེ་སྲོལ་རྫོགས་ཀྱིན་དུས་ཚོད་དང་། ཁོང་རེ་རེ་ཀྱི་ཕྱིར་ལ་དམར་མཆོད་འབུལ་གྱིན་དུས་ཚོད་ཀྱི་སྐོར་ལ་མི་མང་ཀྱ་ལ་བཤད་པ་ལགས།


པའུ་ལུ་ལ་མཆོད་ཁང་ནང་དུ་ཟིམ་པ།

27 དེ་ནས་ཉིན་མ་བདུན་པ་གོ་རྫོགས་གུ་བྱེད་འདིག་གང་ལ། ཨེ་ཞི་ཡཱ་ཕྱོགས་ནས་འོངས་བ་ཡ་ཧུ་དཱ་པ་ཀྱ་ཡིས་པའུ་ལུ་ལ་མཆོད་ཁང་དུ་མཐོང་བ་ལགས། ཁོང་ཀྱ་ཡིས་མི་དམི་ཅིག་གི་མང་ང་ལ་པའུ་ལུ་ཡི་དགྲ་ལ་བསླངས་རེ་ཁོ་ལ་ཟིམ་ཏེ།

28 ཕེ་ར་བརྒྱབ་པ་ལགས། ཡིས་ར་ཨེལ་པ་ཀྱ་བོ། འེ་ཀྱ་ལ་རོགས་བ་བྱེད་རོགས་བྱེད། ག་རུ་ག་རུ་སོང་རེ་འོ་རང་ཡིས་ར་ཨིལ་པ་ཀྱ་དང་། མོ་ཤེའི་ཆོས་ཁྲིམས་དང་། མཆོད་ཁང་འདིའི་སྐོར་ལ་སྨད་སྤྲ་པབ་མཁན་མི་གོ་འདི་རང་ལགས། དེ་ནས་དེ་ཚོད་གཅིག་ཀ་མིན་ད། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ལ་འདི་མཆོད་ཁང་ནང་དུ་ཁྲིད་དེ་འོང་རེ། དེ་དམ་པའི་ས་ཆ་ལ་ཁོས་མེད་གཙང་ང་བཟོས་སོང་།

29 ཁོང་ཀྱ་ཡིས་ཨེ་ཕེ་སུ་ནས་འོངས་བ་ཏོ་རོ་ཕི་མོས་ལ་པའུ་ལུ་མུ་ལ་རང་རྒྱལ་ས་རུ་མཐོང་བ་ལགས། དེ་ནས་པའུ་ལུ་ཡིས་ཁོ་ལ་མཆོད་ཁང་ནང་དུ་ཁྲིད་དེ་འོང་བ་ལགས་སྨྲས་རེ་བསམས་ཏེ་དེ་སྨྲས་བ་ལགས།

30 དེ་ལབ་ཀྱིས་རྒྱལ་ས་ནང་གི་རི་འཁྲུགས་པ་ལགས། དེ་ནས་མི་ཀྱ་ཕྱོགས་གི་རི་ནས་བང་བཏང་རེ་འོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་པའུ་ལུ་ལ་ཟིམ་ཏེ། མཆོད་ཁང་ནས་དྲུད་དེ་ཕི་ལ་བཏོན་པ་ལགས། དེ་ནས་མཆོད་ཁང་གི་སྒོ་བརྒྱབ་པ་ལགས།

31 ཁོང་ཀྱ་ཡིས་པའུ་ལུ་ལ་བསད་གུ་བྱེད་འདིག་གང་ལ་རང་། རོ་མཱ་པ་དམག་དཔོན་གཅིག་གིས་ཡེ་རུ་ཤ་ལེམ་རྒྱལ་ས་གི་རི་འཁྲུགས་ཏེ་བསྡད་ཀྱིན་ལབ་ཧ་གོ་པ་ལགས།

32 དེ་ནས་ཁོ་ཨུ་ཀུ་ར་དམག་མི་ཀྱ་དང་བརྒྱ་དཔོན་ཀྱ་ཁྲིད་དེ་བང་བཏང་རེ་མི་ཀྱ་རྩ་རུ་སོང་བ་ལགས། ཁོང་ཀྱ་འོངས་ཀྱིན་མཐོང་རེ་མི་ཀྱ་ཡིས་པའུ་ལུ་ལ་གཞུ་ཡས་གོ་བོར་པ་ལགས།

33 དེ་ནས་འོ་དེ་དམག་དཔོན་གྱིས་པའུ་ལུ་ལ་ཟིམ་ཏེ་ལྕགས་ཐག་གཉིས་ཀྱི་ཁོ་ལ་སྡོམས་སྨྲས་རེ་བཀའ་སྟེར་ཏེ་མི་ཀྱ་ལ་དྲིས་བ་ལགས། མི་འདི་སུ་ལེ། དེ་ནས་ཁོས་གི་བྱས་སོ།

34 ཡིན་ནའང་མི་མང་ཀྱ་ནས་རིང་འགའ་ཡིས་ལབ་གཅིག། རིང་འགའ་ཡིས་གཞན་མ་བཏང་རེ་སྐད་བརྒྱབ་པ་ལགས། དེ་རེ་བྱས་རེ་དམག་དཔོན་གྱིས་འོ་དེ་འཁྲུགས་ཀྱིན་གྱི་དོན་གོ་ཆ་མ་བྱུང་བ་ལགས། འོ་བྱས་རེ་ཁོས་པའུ་ལུ་ལ་དམག་མི་ཀྱ་ཡི་བསྡད་ས་རུ་འཁྲིད་ཡས་ལ་བཀའ་སྟེར་པ་ལགས།

35 ཁོང་ཀྱ་ཐེམ་པ་ལ་འཛགས་ཡས་བྱེད་འདིག་གང་ལ། མི་ཀྱ་ཡིས་པའུ་ལུ་ལ་བསད་ཡས་བྱས་བ་ལགས། འོ་བྱས་རེ་མི་ཀྱ་ནས་སྐྱོབ་ཡས་ལ་དམག་མི་ཀྱ་ཡིས་ཁོ་ལ་ཁུར་ཏེ་སོང་བ་ལགས།

36 ཁོ་ལ་གསོད། ཁོ་ལ་གསོད། སྨྲས་རེ་མི་ཀྱ་ཕེ་ར་བརྒྱབ་སྟེ་ཁོང་ཀྱ་གཤམ་པ་ལ་འོངས་བ་ལགས།


པའུ་ལུ་ཡིས་ཁོ་རི་སྐོར་ལ་བཤད་པ།

37 ད་དམག་མི་བསྡད་ས་ནང་དུ་འཛུལ་ཡས་བྱེད་འདིག་གང་ལ། པའུ་ལུ་ཡིས་དམག་དཔོན་ལ་སྨྲས་བ་ལགས། ཁྱེད་རང་ལ་ཞུ་བ་གཅིག་འབུལ་ན་འགྲིག་གུ་ལེ། དེ་ནས་དམག་དཔོན་གྱིས་སྨྲས་བ་ལགས། ཁྱོད་གྷི་རིག་སྐད་བརྒྱབ་ཐུབ་བ་ལེ།

38 ཞག་མོ་ཏི་ཏེ་ཨེན་ལ་དེ་རྒྱལ་ས་ལ་འཁྲུགས་དུ་བཅུག་ཏེ། འོ་དེ་མི་ངན་པ་སྟོང་བཞི་ལ་རི་སྟོང་དུ་འཁྲིད་དེ་འགྲོ་མཁན་ཨེ་ཇེབ་པ་གོ་ཁྱོད་མ་ལེ།

39 པའུ་ལུ་ཡིས་ལན་བརྒྱབ་པ་ལགས། ང་འོ་དེ་མིན། ང་ནི་ཀི་ལི་ཀི་ཡཱ་ཡུལ་གྱི་ཏྲར་སོ་སྨྲ་གིན་རྒྱལ་ས་སྐད་གྲགས་ཆེ་རུ་སྐྱེས་ཀྱ་ཡ་ཧུ་དཱ་པ་གཅིག་ཡིན། འདི་མི་ཀྱ་ལ་ལབ་བཏང་དུ་བཅུག་རོགས་གནང་སྨྲས་རེ་ང་ཁྱེད་རང་ལ་ཞུ་བ་འབུལ་ལ་ཡིན།

40 དེ་ནས་དམག་དཔོན་གྱིས་ཁོ་ལ་ལབ་བཏང་དུ་བཅུག་པ་ལགས། དེ་ནས་པའུ་ལུ་ཐེམ་པ་ཁར་ལ་འཛགས་ཏེ་མི་ཀྱ་ལ་གཏིང་ཅོག་བའི་སྡོད་སྨྲས་རེ་ལག་བརྡ་བྱས་བ་ལགས། དེ་ནས་མི་ཀྱ་ཁ་པ་བསྡད་དེ་པའུ་ལུ་ཡིས་ཨིབ་རི་པ་སྐད་ལ་སྨྲས་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan