མཛད་པ། 20 - གློ་བ།པའུ་ལུ་མ་ཀེ་དོན་ཡཱ་དང་གྷི་རིས་རུ། 1 འོ་དེ་ཕེ་ར་གི་རི་གཏིང་ཅོག་བའི་བྱུང་ཚར་ཏེ། པའུ་ལུ་ཡིས་དད་པ་བྱེད་མཁན་ཀྱ་ལ་མུ་ལ་རུབས་ཏེ་ཁོང་ཀྱ་ལ་སེམས་ཤུགས་སྤར་གྱིན་ལབ་བཤད་པ་ལགས། དེ་ནས་དགོངས་པ་ཞུས་རེ་མ་ཀེ་དོན་ཡཱ་ཕྱོགས་ལ་སོང་བ་ལགས། 2 འོ་དུ་རུ་སླེབས་ཏེ་ས་ཆ་ས་ཆ་ལ་སོང་རེ་དད་པ་བྱེད་མཁན་ཀྱ་ལ་སེམས་ཤུགས་སྤར་པ་ལགས། དེ་ནས་ཁོ་གྷི་རིས་ལ་སོང་བ་ལགས། 3 འོ་དུ་རུ་ཟླ་བ་གསུམ་ཐུག་པའི་བསྡད་པ་ལགས། འོ་དེ་གཤམ་ནས་པའུ་ལུ་ཡིས་སི་རི་ཡཱ་ལ་རྒྱ་མཚོ་ནས་འགྲོ་ཡས་བསམ་བློ་བཏང་བ་ལགས། དེ་རེ་འགྲོ་ཡས་བྱེད་འདིག་གང་ལ། ཡ་ཧུ་དཱ་པ་ཀྱ་ཡིས་ཁོའི་ཕྱིར་ལ་གྲོས་ངན་པ་བྱས་ཀྱིན་གོ་ཁོས་ཧ་གོ་སྟེ། ཁོ་ལྡབ་ལེ་མ་ཀེ་དོན་ཡཱ་ནས་གོམ་པ་བཙུགས་ཏེ་འགྲོ་ཡས་གྲོས་བྱས་བ་ལགས། 4 འོ་དེ་འགྲུལ་བརྒྱབ་ཡས་ལ་ཁོ་མུ་ལ་གཞན་མ་མི་ཀྱའང་འོད་ད་ལགས། འོ་དེ་ཀྱ་བེ་རོ་ཡཱ་རྒྱལ་ས་ཡི་པུར་རུས་ཀྱི་བི་ཛ་སོ་པ་ཏེར་དང་། ཐེ་ས་ལོ་ནི་ཀེ་རྒྱལ་ས་ཡི་ཨ་རིས་སྟར་ཀུ་དང་། སེ་ཀུན་དུ་དང་། དེར་བེ་རྒྱལ་ས་ཡི་ག་ཡུ་དང་། དེ་ནས་ཏི་མོ་ཐེའུ་དང་། ཨེ་ཞི་ཡཱ་ཕྱོགས་ནས་འོངས་བ་ཏུ་ཁི་ཀོས་དང་། ཏོ་རོ་ཕི་མོས་ལགས། 5 ཁོང་ཀྱ་ཏོ་རོ་ཨཱས་རུ་ཨེན་ལ་སོང་རེ་འོ་དུ་རུ་འེ་ཀྱ་ལ་བསྒུགས་ཏེ་བསྡད་པ་ལགས། 6 འེ་ཀྱ་གོ་སྐྱུར་རྩི་མེད་ཀྱིན་གྱང་ག་ཟ་གིན་དུས་ཆེན་གོ་བཏང་རེ། ཕི་ལིབ་པཱི་རྒྱལ་ས་ནས་རྒྱ་མཚོའི་ལམ་ཁ་བྱུང་རེ་ཉིན་མ་ལྔ་གཤམ་ནས་ཁོང་ཀྱ་ལ་ཏོ་རོ་ཨཱས་རུ་ཐུག་པ་ལགས། འོ་དུ་རུ་འེ་ཀྱ་ཉིན་མ་བདུན་བསྡད་པ་ལགས། ཏོ་རོ་ཨཱས་རུ་པའུ་ལུ་ཡིས་ཐུག་འཕྲད་མཐའ་གོ། 7 བདུན་ཕྲག་གི་ཞག་མོ་དང་པོའི་དགོང་མོ་གོ་འེ་ཀྱ་འོ་དུ་རུ་འོད་ཀྱིན་དད་པ་བྱེད་མཁན་ཀྱ་མུ་ལ་ཟ་མ་ཟ་ཡས་ལ་འཛོམས་པ་ལགས། པའུ་ལུ་ཡིས་ཁོང་ཀྱ་ལ་བསླབ་བྱ་སྟེར་ཏེ་བསྡད་པ་ལགས། དེ་ནས་ཉེ་དྲོ་གོ་འོ་དེ་ནས་ལོག་ཡས་བྱས་རེ་ཁོ་མཚན་ཕད་ཙམ་ཐུག་པའི་ལབ་བཏང་རེ་བསྡད་པ་ལགས། 8 འེ་ཀྱ་འཛོམས་ཛ་ཁྱིམ་སྟོད་འདི་ལ་དམི་ཅིག་གི་མང་ང་ཀྱུང་སྦར་འོད་ད་ལགས། 9 དེ་ནས་པའུ་ལུ་ལབ་རིང་ང་བཏང་རེ་བསྡད་དེ་གང་ལ། ཨེའུ་ཏི་ཀུ་སྨྲ་མཁན་བི་ཛ་ཁྱོག་ཐོང་གཅིག་ཁུང་གི་ཁར་ལ་གུ་གཉིད་ལོག་སྟེ་བསྡད་འོད་ད་ལགས། དེ་ནས་ཁོ་གཉིད་ལ་ཤོར་ཏེ་ཐོག་ས་གསུམ་གྱི་འོག་ལ་ལྷིམ་ཏེ་ཤི་བ་ལགས། 10 པའུ་ལུ་འོག་ལ་སོང་རེ་ཁོའི་ཁར་ལ་གུག་བྱས་རེ་ཁོ་ལ་འཐམས་ཏེ་སྨྲས་བ་ལགས། སྡུག་ང་མ་བྱེད། ཁོ་གསོན་པོ་རང་འདུག 11 དེ་ནས་ཁོང་ཀྱ་གི་རི་སྟོད་ལ་སོང་རེ་ཁོང་གི་རི་མུ་ལ་གཙོ་བོའི་བཞུགས་གྲལ་གོ་བཟས་བ་ལགས། དེ་ནས་པའུ་ལུ་ཁོང་ཀྱ་མུ་ལ་སྔ་རོག་མ་འབྱུང་གིན་ཐུག་པའི་ལབ་བཏང་རེ་བསྡད་པ་ལགས། དེ་ནས་ཁོ་འོ་དེ་ནས་སོང་བ་ལགས། 12 དེ་ནས་འོ་དེའི་མི་ཀྱ་ཡིས་འོ་དེ་བི་ཛ་ལ་ཁོ་རི་ནང་དུ་གསོན་པོ་ཁྲིད་པ་ལགས། དེ་ནས་ཁོང་ཀྱ་དམི་ཅིག་གི་ཉམ་མོ་དགྱེས་བ་ལགས། ཏོ་རོ་ཨཱས་ནས་མི་ལེ་ཏུ་ཐུག་པའི། 13 ཏོ་རོ་ཨཱས་ནས་པའུ་ལུ་མ་ན་འེ་ཀྱ་གི་རི་གྲུ་གཟིངས་བཞོན་ཏེ་ཨ་སཱོ་རྒྱལ་ས་རུ་ཨེན་ལ་སོང་བའི། འོ་དེ་ནས་འི་ཀིས་པའུ་ལུ་ལ་གྲུ་གཟིངས་ཁར་ལ་བསྐྱོན་ཡས་བྱས་བ་ལགས། གི་བྱས་རེ་སྨྲ་ན་ཁོ་ཨ་སཱོ་ཐུག་པའི་གོམ་པ་བཙུགས་ཏེ་འགྲོ་ཡས་ལ་འདོད་པ་བྱས་བ་ལགས། 14 དེ་ནས་འེ་ཀྱ་ཨ་སཱོ་རུ་སླེབས་ཏེ་ཁོའང་འི་ཀི་མུ་ལ་གྲུ་གཟིངས་ལ་བཞོན་པ་ལགས། དེ་ནས་འེ་ཀྱ་གི་རི་མུ་ལ་མི་ཏི་ལེ་ནེ་རྒྱལ་ས་རུ་སོང་བ་ལགས། 15 དེ་ནས་ཉིན་མ་གཤམ་མ་གོ་འེ་ཀྱ་རྒྱ་མཚོ་ནས་བྱུང་རེ་ཀིའུ་ཡི་འགྲམ་གྱི་ས་ཆ་གཅིག་ལ་སླེབས་པ་ལགས། དེ་ནས་འོ་དེའི་ཉིན་མ་གཤམ་མ་གོ་ལ་སཱ་མོས་རུ་སླེབས་པ་ལགས། དེ་ནས་ཡང་འོ་དེའི་ཉིན་མ་གཤམ་མ་གོ་ལ་མི་ལེ་ཏུ་རུ་སླེབས་པ་ལགས། 16 ཉིན་མ་ལྔ་བཅུ་པ་ཡི་དུས་ཆེན་ལ་ཡེ་རུ་ཤ་ལེམ་དུ་སླེབས་ཡས་ལ། ཚ་དྲག་བྱུང་རེ་པའུ་ལུ་ཨེ་ཞི་ཡཱ་རུ་མ་འགོར་ར་ཨེ་ཕེ་སུ་ནས་བྱུང་རེ་འགྲོ་ཡས་ལ་ཐག་བཅད་བ་ལགས། ཨེ་ཕེ་སུ་ཡི་ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་མུ་ལ་དགོངས་པ་ཞུས་བ། 17 ད་མི་ལེ་ཏུ་རྒྱལ་ས་ནས་པའུ་ལུ་ཡིས་ཨེ་ཕེ་སུ་རྒྱལ་ས་ཡི་ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་ལ་འབོད་རུ་བརྫངས་བ་ལགས། 18 ཁོང་ཀྱ་སླེབས་ཏེ་ཁོས་སྨྲས་བ་ལགས། ཨེ་ཞི་ཡཱ་རུ་འོངས་ཀྱིན་ཉིན་མ་ནས་རང་ཁྱེད་རང་ཀྱ་མུ་ལ་བསྡད་དེ་གང་ལ། ངས་འོ་དེ་ཉིན་མ་ཀྱ་གང་བྱས་རེ་བཅད་པ་ལགས་སྨྲས་རེ་ཁྱེད་རང་ཀྱ་ལ་ཆ་འོད་ད་ལགས། 19 ཡ་ཧུ་དཱ་པ་ཀྱ་ཡིས་ང་ལ་ཁོག་པ་བྱེད་ཡས་ལ་གྲོས་སྣ་མང་ང་བྱེད་འོད་ན། ངས་དམི་ཅིག་གི་ཉམ་ཆུང་བ་བྱུང་རེ་མཆི་མ་བཏང་རེ་གཙོ་བོའི་ཞབས་ཏོག་ཞུས་བའི། 20 དེ་ནས་ཁྱེད་རང་ཀྱ་ཁོག་ཏུ་དང་ནང་ནང་ལ་འཛུལ་རེ་ངས་བསླབ་བྱ་སྟེར་རེ་གང་ལ། ཁྱེད་རང་ཀྱ་ལ་ཕན་ཐོགས་ཀྱིན་ལབ་གིན་ད་ངས་སེམས་ནང་དུ་མ་བཞག་པའི། 21 དེ་ནས་ཡ་ཧུ་དཱ་པ་ཀྱ་དང་གྷི་རིག་ཀྱ་ལ་དཀོན་མཆོག་ཕྱོགས་ལ་རང་རང་གི་སྡིག་པ་སྤངས་རེ་སེམས་བསྒྱུར་ཏེ་འོངས་ཡས་དང་། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་སྨྲས་རེ་བཤད་པའི། 22 ད་ལྟ་ང་དམ་པའི་ཐུགས་ཉིད་ཀྱིས་འཁྲིད་དེ་ཡེ་རུ་ཤ་ལེམ་ལ་འགྲོ་ཡས་ཡིན། འོ་དུ་རུ་ང་ལ་གི་འབྱུང་གི་ལགས་སྨྲས་རེ་ང་ལ་ཆ་མེད། 23 ང་ལ་བཙོན་ཁང་དུ་འདགས་ཀྱིན་དང་སྡུག་བསྔལ་འོད་ཀྱིན་ལབ་དམ་པའི་ཐུགས་ཉིད་ཀྱིས་ང་ལ་རྒྱལ་ས་རེ་རེས་ལ་སྟོན་མཛད་སོང་། 24 ཡིན་ནའང་དཀོན་མཆོག་གི་ཐུགས་རྗེའི་སྐོར་ལ་གཏམ་བཟང་གོ་བཤད་ཀྱིན་གཙོ་བོ་ཡེ་ཤུ་ནས་ང་ལ་ཐོབ་ཐ་ལས་ཀ་དེ་མ་འགྲུབ་ཀྱིན་ཐུག་པའི། ང་ང་རི་མི་ཚེ་འདིའི་དོན་གིན་ད་མི་བརྩིས་འོད། 25 ད་ང་ས་ཆ་ས་ཆ་ཀྱ་ལ་སོང་རེ་ཁྱེད་རང་ཀྱ་ལ་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལ་གཏམ་བཟང་བཤད་དེ་སོང་བའི། ཡིན་ནའང་དེ་ནས་ཧ་ལ་ཁྱེད་རང་ཀྱ་ནས་སུས་འང་ང་ལ་ལྡབ་ལེ་མཐོང་གི་མ་ལགས་སྨྲས་རེ་ང་ལ་ཆ་འོད། 26 འོ་བྱས་རེ་དི་རིང་ང་ཁྱེད་རང་ཀྱ་ལ་སྨྲ་ཡིན། ཁྱེད་རང་ཀྱ་ནས་མི་སུ་ལའང་ཉེས་པ་ཕོག་ན་འོ་འདིའི་ཁས་ང་ལ་མེད། 27 གི་བྱས་རེ་སྨྲ་ན་ངས་ཁྱེད་རང་ཀྱ་ལ་དཀོན་མཆོག་གི་ཐུགས་དགོངས་ལ་འོད་ཀྱིན་བཤད་དགོས་ཀྱིན་ལབ་གི་རི་བཤད་ཡས་ལ་རྒྱབ་མ་ལོག་འོད། 28 ད་ཁྱེད་རང་ཀྱ་རང་སྤྱང་རྫེ་བྱས་རེ་སྡོད། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ལ་རྩིས་བརྒྱབ་སྟེ་བཞག་ཞ་ལུག་ཀྱ་ལ་ག་མོ་མ་སྲུངས། དཀོན་མཆོག་གི་ཆོས་ཚོགས་ཀྱི་ལུག་རྫི་བཟང་པོ་གཅིག་འབྱུང་རེ་སྡོད། གི་བྱས་རེ་སྨྲ་ན་འོ་དེ་མི་ཀྱ་གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་གིས་བླུས་རེ་ཉོས་མཛད་པ་ལགས། 29 ང་སོང་ཚར་ཏེ་དམི་ཅིག་གི་འཇིགས་སྐྲག་ཆེ་སྤྱུང་གུ་ཅོག་རེ་མི་གཞན་མ་ཀྱ་ཁྱེད་རི་གུང་དུ་འཛུལ་གྱི་ལགས། དེ་ནས་དེ་ལུག་ཀྱ་ལ་སྡུག་པོ་སྟེར་གྱི་ལགས་སྨྲས་རེ་ང་ལ་ཆ་འོད། 30 ཁྱེད་རང་ཀྱ་ཁོག་ནས་རང་ཆོས་ཟོག་པོ་སྟེར་མཁན་མི་ཀྱ་འཐོན་ཏེ། གཙོ་བོའི་ཉེ་གནས་ཀྱ་ལ་ཁོ་རང་ཀྱ་ཕྱོགས་ལ་བསྒྱུར་དུ་བཅུག་གི་ལགས། 31 འོ་བྱས་རེ་སྤྱང་རྫེ་བྱས་རེ་སྡོད། དེ་ནས་ངས་ལོ་གསུམ་ཐུག་པའི་ཉིན་མཚན་མིག་ཆུ་བཏང་རེ་གཙོ་བོའི་ཉེ་གནས་རེ་རེས་ལ་བསླབས་ལ་བསླབ་བྱ་ཀྱ་ལ་མ་བརྗེད་ད་སྡོད། 32 ད་ང་ཁྱེད་རང་ཀྱ་ལ་དཀོན་མཆོག་གི་ཕྱག་ལ་འབུལ་ཡས་ཡིན། དེ་ནས་ཁོང་པ་ཡི་ཐུགས་རྗེ་ཡིས་ཁངས་ཁ་བཀའ་ལ་འབོར་ཡས་ཡིན། འོ་དེས་ཁྱེད་རང་ཀྱ་ལ་དད་པ་ལ་ཤུགས་ཆེ་བཟོ་ཐུབ་ཀྱི་ལགས། དེ་ནས་དཀོན་མཆོག་གིས་རང་གི་མི་ཀྱ་ལ་གནང་ན་བྱིན་རླབས་ཁྱེད་རང་ཀྱ་ལའང་འཐོབ་ཀྱི་ལགས། 33 ངས་མི་སུའི་འང་གསེར་དང་། དངུལ་དང་། གོས་ལག་གི་འདོད་པ་མ་བྱས། 34 ངས་ང་རི་རང་གི་ལག་པ་ཡིས་དཀའ་ལས་བརྒྱབ་སྟེ། ང་དང་ང་རི་རོགས་བ་ཀྱ་ལ་དགོས་ཀྱིན་གི་རི་བཙལ་གྱིན་ལབ་དེ་ཁྱེད་རང་ཀྱ་ལའང་ཆ་འོད་ད་ལགས། 35 དེ་རེ་བྱས་རེ་ལེན་མཁན་ཀྱ་ནས་སྟེར་མཁན་ཀྱ་ལ་མང་ང་བྱིན་རླབས་འོད་ད་ལགས་སྨྲས་རེ་གཙོ་བོ་ཡེ་ཤུ་ཁོང་པ་རང་གིས་གསུངས་ས་ལབ་དེ་ལ་དྲན་གསོ་བྱས་རེ། མི་སྐྱོ་བ་ཀྱ་ལ་དཀའ་ལས་བྱས་རེ་རོགས་བ་བྱེད་ཐུབ་ཀྱིན་གོ་བྱེད་དགོས་ཡས་ལབ་དེ། ངས་ལས་ཀ་གི་རི་ལ་སྟོན་འོད། 36 དེ་སྨྲས་ཚར་ཏེ་པའུ་ལུ་ཁོང་གི་རི་མུ་ལ་པུས་མོ་བཙུགས་ཏེ་སྨོན་ལམ་བརྒྱབ་པ་ལགས། 37 ཁོང་ཀྱ་གི་རི་ངུས་རེ་པའུ་ལུ་ལ་འཐམས་ཏེ་ཁོ་ལ་འོ་བྱས་རེ་བརྫངས་བ་ལགས། 38 དེ་ནས་པའུ་ལུ་ཡིས་ཁོང་ཀྱ་མུ་ལ་ཡང་ནམ་མའང་ཐུག་གུ་མ་ལགས་སྨྲ་གིན་ལབ་ལ་ཁོང་ཀྱ་དམི་ཅིག་གི་བློ་ཕམ་པ་ལགས། འོ་དེ་གཤམ་ནས་ཁོང་ཀྱ་ཡིས་པའུ་ལུ་ལ་གྲུ་གཟིངས་ཐུག་པའི་བསྐྱལ་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.