མཛད་པ། 18 - གློ་བ།པའུ་ལུ་ཀོ་རིན་ཐུ་སྨྲ་གིན་རྒྱལ་ས་རུ། 1 འོ་དེ་གཤམ་ནས་པའུ་ལུ་ཨ་ཐེ་ནེ་ནས་དགོངས་པ་ཞུས་རེ་ཀོ་རིན་ཐུ་རྒྱལ་ས་རུ་སོང་བ་ལགས། 2 འོ་དུ་རུ་ཁོས་ཨ་ཀུ་ལཱ་སྨྲ་མཁན་ཡ་ཧུ་དཱ་པ་གཅིག་ལ་ཐུག་པ་ལགས། ཨ་ཀུ་ལཱ་གོ་པོན་ཏུར་ས་ཆ་ལ་སྐྱེས་བ་ལགས། དེ་ནས་ཁོ་རི་སྐྱེས་དམན་པི་རིས་ཀིལ་ལ་མུ་ལ་ཨི་ཏྲ་ལི་ནས་འོངས་རེ་མང་ང་མེད་འགྲོ་བ་ལགས། གི་བྱས་རེ་སྨྲ་ན་རོ་མཱ་པ་རྒྱལ་བོ་ཀཱ་ལོ་དེའུ་ཡིས་ཡ་ཧུ་དཱ་པ་གི་རི་ལ། རོམ་རྒྱལ་ཁབ་ནས་ཐོན་ཏེ་འགྲོ་ཡས་ལ་བཀའ་གནང་བ་ལགས། དེ་ནས་པའུ་ལུ་ཁོང་ཀྱ་ལ་ཐུག་ཏུ་སོང་བ་ལགས། 3 འོ་དེ་མི་ཀྱ་གུར་བཟོ་གིན་ལས་ཀ་བྱས་རེ་མི་ཚེ་པུད་ལ་ལགས། དེ་ནས་པའུ་ལུ་ཁོ་རང་གུར་བཟོ་མཁན་མི་བྱས་རེ་ཁོའང་ཁོང་ཀྱ་མུ་ལ་བསྡད་དེ་ལས་ཀ་བྱས་བ་ལགས། 4 དེ་ནས་ངལ་གསོ་གིན་ཉིན་མ་གི་རི་ལ་པའུ་ལུ་ཙོག་བའི་ཚོགས་ཁང་ལ་སོང་རེ། ཡ་ཧུ་དཱ་པ་ཀྱ་དང་གྷི་རིག་ཀྱ་གཉིས་ཀ་ར་ལ་རྩོད་གླེང་བྱས་རེ་ཁས་ལེན་དུ་བཅུག་ཡས་ལ་ཤུགས་བརྒྱབ་པ་ལགས། 5 སིལ་བ་ནུ་དང་ཏི་མོ་ཐེའུ་མ་ཀེ་དོན་ཡཱ་ནས་སླེབས་ཏེ། པའུ་ལུ་ཡིས་ཁོ་རི་དུས་ཚོད་གི་རི་ཡ་ཧུ་དཱ་པ་ཀྱ་མུ་ལ་ཡེ་ཤུ་རང་མཱ་ཤི་ཀ་ལགས་སྨྲ་གིན་ལབ་ཀྱི་དཔང་པོ་སྟེར་ཡས་དང་། གཏམ་བཟང་བཤད་ཡས་ལ་བསྐྱལ་ལ་ལགས། 6 ཡིན་ནའང་ཁོང་ཀྱ་ཡིས་པའུ་ལུ་ལ་ཁས་མེད་ལེན་ད་སྨད་སྤྲ་བཏང་བ་ལགས། དེ་ནས་པའུ་ལུ་ཡིས་ཁོ་རི་གོས་བུད་དེ་འོ་དེའི་ཐལ་ལ་སྤྲུགས་ཏེ་སྨྲས་བ་ལགས། ཁྱེད་ཀྱ་ལ་ཆད་པ་ཕོག་ན་ཁྱེད་རི་མགོ་བ་ལ་རང་ཕོག་གི་ལགས། ངའི་སྐྱོན་གིའང་མེད། ད་དེ་ནས་ཧ་ལ་ང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་རྩ་རུ་འགྲོ་ཡས་ཡིན། 7 འོ་དེ་གཤམ་ནས་པའུ་ལུ་ཡ་ཧུ་དཱ་པ་ཀྱ་ཡི་ཚོགས་ཁང་ནས་ཐོན་ཏེ། དཀོན་མཆོག་ལ་བརྩིས་མཁན་ཏི་ཏེ་ཨུས་ཡུ་སི་ཏཱས་སྨྲ་མཁན་ཡ་ཧུ་དཱ་པ་མིན་མཁན་མིའི་ནང་ལ་སོང་བ་ལགས། ཁོའི་ཁང་པ་ཚོགས་ཁང་བོ་ལོག་ཏུ་འོད་ད་ལགས། 8 ཡ་ཧུ་དཱ་པ་ཚོགས་ཁང་གི་གཙོ་ཀི་རིས་པུ་སྨྲ་མཁན་མི་དང་ཁོའི་ནང་མི་གི་རི་ཡིས་གཙོ་བོ་ལ་དད་པ་བྱས་བ་ལགས། དེ་ནས་ཀོ་རིན་ཐུ་ཡིས་མི་གཞན་མ་དམི་ཅིག་གི་མང་ང་ཡིས་འང་། པའུ་ལུ་ཡི་བསླབ་བྱ་མཉན་ཏེ་དད་པ་བྱས་རེ་ཁྲུས་གསོལ་ལེན་པ་ལགས། 9 མཚན་མོ་གཅིག་གཙོ་བོ་ཡིས་པའུ་ལུ་ལ་མཐོང་སྣང་གཅིག་ལ་གསུངས་བ་ལགས། མ་འཇིགས། དེ་ནས་ཁ་པ་མ་བསྡད། དེ་ནས་གཏམ་བཟང་དེ་མི་ཀྱ་ལ་བཤད་དེ་སོང་། 10 ང་ཁོའི་མུ་ལ་འོད། དེ་ནས་མི་སུས་འང་ཁྱོད་ལ་གིའང་མི་བྱེད་ཀྱི་ལགས། གི་བྱས་རེ་སྨྲ་ན་དེ་རྒྱལ་ས་ལ་ངའི་མི་མང་ང་འོད། 11 དེ་རེ་བྱས་རེ་པའུ་ལུ་ཀོ་རིན་ཐུ་རྒྱལ་ས་རུ་དཀོན་མཆོག་གི་བཀའ་བསླབས་ཏེ་ལོ་གཅིག་དང་ཟླ་བ་དྲུག་བསྡད་པ་ལགས། 12 ཡིན་ནའང་གལ་ཡོན་སྨྲ་མཁན་མི་ཨ་ཀ་ཡི་ཡཱ་ས་ཆ་ཡི་དཔོན་པོ་བྱུང་བའི་གང་ལ། ཡ་ཧུ་དཱ་པ་རིང་འགའ་འཆམས་ཏེ་པའུ་ལུ་ལ་ཟིམ་པ་ལགས། དེ་ནས་ཁོ་ལ་དཔོན་པོ་རྩ་རུ་ཁྲིད་དེ། 13 སྨྲས་བ་ལགས། འདི་མི་དེས་འོ་རི་ཆོས་ཁྲིམས་ལ་མི་མཐུན་གྱིན་དཀོན་མཆོག་ལ་བསྟོད་པ་བཏང་ཡས་མི་ཀྱ་ལ་བསླབས་བའི། 14 དེ་ནས་པའུ་ལུ་ཡིས་ལབ་བཏང་ཡས་བྱེད་འདིག་གང་ལ་རང་། གལ་ཡོན་གྱིས་ཡ་ཧུ་དཱ་པ་ཀྱ་ལ་སྨྲས་བ་ལགས། ཡ་ཧུ་དཱ་པ་ཀྱ་བོ། འདི་ལས་ཀ་དེ་ལས་ཀ་ཨ་དང་དམི་ཅིག་གི་ཆེ་ནོར་འཁྲུལ་གཅིག་ཡིན་ན། ང་ཁྱེད་ཀྱ་ཡིས་ཞུ་བ་འབུལ་གྱིན་དེ་ལ་མཉན་ཏེ་ཁྲིམས་བཅད་ན་འགྲིག་ཡས་འོད་ད་ལགས། 15 ཡིན་ནའང་འདི་ལབ་དེའི་ཚིག་ཀྱ་དང་། མིང་ཀྱ་དང་། ཁྱེད་རང་ཀྱ་ཡི་ཆོས་ཁྲིམས་སྐོར་ལ་གཅིག་ཀ་འདུག འོ་བྱས་རེ་ཁྱེད་རང་ཀྱ་རང་དེའི་ཁྲིམས་གཅོད། ང་ནི་ལབ་དེ་རེ་ཀྱ་ཡི་ཁྲིམས་དཔོན་འབྱུང་ཡས་མིན། 16 དེ་སྨྲས་རེ་ཁོང་ཀྱ་ལ་འོ་དེ་ནས་བཏོན་ཏེ་བརྫངས་བ་ལགས། 17 དེ་ནས་དེ་ཀྱ་གི་རི་ཡིས་ཚོགས་ཁང་གི་དཔོན་པོ་སོ་ཐེ་ནཱེ་ལ་ཟིམ་ཏེ། འོ་དེ་ཁྲིམས་བཅད་ས་ས་ཆ་ཡི་གདོང་ལ་རང་ཁོ་ལ་བརྡུངས་བ་ལགས། ཡིན་ནའང་གལ་ཡོན་གྱིས་གིའང་ཡ་མ་བྱས་བ་ལགས། པའུ་ལུ་ཨན་ཏི་ཡོག་རྒྱལ་ས་ལ་ལོག་པ། 18 པའུ་ལུ་ཞག་མོ་ཨ་རུང་མང་ང་ཀོ་རིན་ཐུ་རུ་དད་པ་བྱེད་མཁན་ཀྱ་མུ་ལ་བསྡད་པ་ལགས། དེ་ནས་ཁོང་ཀྱ་ནས་དགོངས་པ་ཞུས་རེ་ཁོ་པི་རིས་ཀིལ་ལ་དང་། ཨ་ཀུ་ལཱ་མུ་ལ་རྒྱ་མཚོའི་ལམ་ཁ་ནས་བྱུང་རེ་སི་རི་ཡཱ་རུ་སོང་བ་ལགས། དེ་ནས་ཁོས་དམ་བཅའ་གཅིག་བཞག་ཞ་བྱས་རེ། ཁོ་ཀེན་ཀི་རི་ཡཱ་ནས་འགྲོ་ཡས་ཨེན་ལ་ཁོ་རི་སྐྲ་གི་རི་བཅད་དེ་མགོ་དོག་བཟོས་བ་ལགས། 19 དེ་ནས་ཨེ་ཕེ་སུ་རུ་སླེབས་ཏེ་པི་རིས་ཀིལ་ལ་དང་ཨ་ཀུ་ལ་འོ་དུ་རུ་རང་བསྡད་པ་ལགས། པའུ་ལུ་གོ་ཨེ་ཕེ་སུ་ཡི་ཚོགས་ཁང་དུ་སོང་རེ་ཡ་ཧུ་དཱ་པ་ཀྱ་མུ་ལ་རྩོད་གླེང་བྱས་བ་ལགས། 20 དེ་ནས་ཁོང་ཀྱ་ཡིས་ཁོ་ལ་ཉིན་མ་ཏི་ཏེ་ཁོང་ཀྱ་མུ་ལ་རང་བཞུགས་སྨྲས་རེ་ཞུ་བ་ཕུལ་བ་ལགས། ཡིན་ནའང་ཁོས་མ་མཉན་པ་ལགས། 21 དེ་ནས་པའུ་ལུ་ཡིས་འགྲོའི་གང་ལ་དེ་རེ་སྨྲས་བ་ལགས། དཀོན་མཆོག་གི་ཐུགས་དགོངས་འོད་ན། ང་ཡང་ཁྱེད་ཀྱ་རྩ་རུ་ལོག་སྟེ་འོངས་ཡས་ཡིན། དེ་ནས་ཁོ་ཨེ་ཕེ་སུ་ནས་རྒྱ་མཚོའི་ལམ་ཁ་ནས་སོང་བ་ལགས། 22 ཀེ་སར་ཡཱ་རྒྱལ་ས་རུ་སླེབས་ཚར་ཏེ་པའུ་ལུ་ཡེ་རུ་ཤ་ལེམ་ལ་སོང་བ་ལགས། དེ་ནས་འོ་དེའི་ཆོས་ཚོགས་ཀྱི་མི་ཀྱ་ཐུག་པ་ལགས། དེ་ནས་ཁོ་ཨན་ཏི་ཡོག་རྒྱལ་ས་ལ་སོང་རེ་བསྡད་པ་ལགས། 23 ཉིན་མ་ཨ་རུང་མང་ང་འོ་དུ་རུ་བསྡད་ཚར་ཏེ་ཁོ་ག་ལ་ཏི་ཡཱ་དང་ཕ་རུག་ཡཱ་ལུང་པ་ཡི་ས་ཆ་ཀྱ་བྱུང་རེ་སོང་བ་ལགས། དེ་ནས་འོ་དེ་ས་ཆ་ཀྱ་ལ་འོད་ཀྱིན་དད་པ་བྱེད་མཁན་ཀྱ་དད་པ་ལ་ཤུགས་ཆེ་རུ་བཏང་རེ་སོང་བ་ལགས། ཨ་པོལ་ལོས་ཨེ་ཕེ་སུ་རྒྱལ་ས་རུ། 24 འོ་དེ་གུང་ལ་ཨ་ལེག་སན་དྲི་ཡཱ་ཡི་མི་ཨ་པོལ་ལོས་སྨྲ་མཁན་ཡ་ཧུ་དཱ་པ་གཅིག་ཨེ་ཕེ་སུ་རུ་སླེབས་པ་ལགས། ཁོ་དམི་ཅིག་གི་དགའ་ལབ་བཏང་ཐུབ་མཁན་དང་། ཆོས་ཁྲིམས་ཀྱི་སྐོར་ལ་དམི་ཅིག་གི་མཁས་བ་འོད་ད་ལགས། 25 ཁོ་ལ་གཙོ་བོའི་ལམ་གྱི་བསླབ་བྱ་འབྱོར་འོད་ད་ལགས། དེ་ནས་སྙིང་ཆེ་བྱས་རེ་ཡེ་ཤུ་ཡི་སྐོར་ལ་མི་ཀྱ་ལ་ཏག་བའི་ཏག་བའི་བསླབ་བྱ་སྟེར་ར་ལགས། ཡིན་ནའང་ཁོ་ལ་ཡོ་ཧ་ནན་གྱི་གནང་གིན་ཁྲུས་གསོལ་གྱི་སྐོར་ལ་གཅིག་ཀ་ཆ་འོད་ད་ལགས། 26 ཁོ་ཡ་ཧུ་དཱ་པ་ཀྱ་ཡི་ཚོགས་ཁང་ལ་དམི་ཅིག་གི་སྙིང་ཆེ་བྱས་རེ་བསླབ་བྱ་སྟེར་ར་ལགས། ཡིན་ནའང་ཁོས་བསླབ་བྱ་མཉན་ཏེ་པི་རིས་ཀིལ་ལ་དང་ཨ་ཀུ་ལཱ་ཡིས་ཁོ་ལ་ནང་དུ་ཁྲིད་དེ། ཁོ་ལ་དཀོན་མཆོག་གི་ལམ་གྱི་སྐོར་ལ་བཤད་དེ། དོ་རང་འང་གསལ་ལ་ཧ་གོ་ཏུ་བཅུག་པ་ལགས། 27 འོ་དེ་གཤམ་ནས་ཨ་པོལ་ལོས་ཀྱིས་ཨ་ཀ་ཡི་ཡཱ་རུ་འགྲོ་ཡས་བསམ་བློ་བཏང་བ་ལགས། དེ་ནས་ཨེ་ཕེ་སུ་རུ་འོད་མཁན་དད་པ་བྱེད་མཁན་ཀྱ་ཡིས་ཁོ་ལ་འོ་དུ་རུ་སོང་། དེ་ནས་ཁོ་ལ་ག་མོ་མ་ཕེབས་བསུ་ཞུས་སྨྲས་རེ་ཨ་ཀ་ཡི་ཡཱ་ཡིས་ཉེ་གནས་ཀྱ་ལ་ཡིག་བྲིས་ཏེ་བསྐུར་པ་ལགས། ཨ་ཀ་ཡི་ཡཱ་རུ་སླེབས་ཏེ་གཙོ་བོའི་ཐུགས་རྗེ་ཡིས་བྱས་རེ་འོངས་བ་དད་པ་བྱེད་མཁན་ཀྱ་ལ་ཨ་པོལ་ལོས་ཀྱིས་དམི་ཅིག་གི་དགའ་རོགས་བ་བྱས་བ་ལགས། 28 གི་བྱས་རེ་སྨྲ་ན་ཁོས་གསུང་རབ་ནས་ཡེ་ཤུ་རང་མཱ་ཤི་ཀ་ལགས་སྨྲས་རེ་དཔང་པོ་སྟེར་ཏེ། ཡ་ཧུ་དཱ་པ་ཀྱ་ལ་མི་མང་ཀྱ་གདོང་དུ་དམི་ཅིག་གི་དབང་ཆེ་ལབ་བཏང་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.