Biblia Todo Logo
Bìoball air-loidhne

- Sanasan -

མཛད་པ། 17 - གློ་བ།


ཐེ་ས་ལོ་ནི་ཀེ་རུ་པའུ་ལུ་དང་སིལ་བ་ནུ།

1 པའུ་ལུ་དང་སིལ་བ་ནུ་ཨམ་ཕི་པོ་ལི་དང་ཨ་པོལ་ལོན་ཡཱ་རྒྱལ་ས་ནས་བྱུང་རེ་ཐེ་ས་ལོ་ནི་ཀེ་རུ་འོངས་བ་ལགས། འོ་དེ་རུ་ཡ་ཧུ་དཱ་པ་ཚོགས་ཁང་གཅིག་འོད་ད་ལགས།

2 ཙོག་བའི་ཅོག་རེ་པའུ་ལུ་འོ་དེ་ཚོགས་ཁང་དུའང་སོང་བ་ལགས། དེ་ནས་བདུན་ཕྲག་གསུམ་གྱི་ངལ་གསོ་གིན་ཉིན་མ་གསུམ་ཀ་ར་ལ། ཁོས་གསུང་རབ་ལ་བརྟེན་ཏེ་ཁོང་ཀྱ་མུ་ལ་རྩོད་གླེང་བྱས་བ་ལགས།

3 མཱ་ཤི་ཀ་ལ་སྡུག་པོ་རག་དགོས་ཀྱི་ལགས། དེ་ནས་འཆི་བ་ནས་ཡང་གསོན་པོ་འབྱུང་དགོས་ཀྱི་ལགས་སྨྲ་གིན་ལབ་དེ་ལ་ཁོས་ཁོང་ཀྱ་ལ་འགྲེལ་བཤད་བརྒྱབ། དེ་ནས་དཔང་པོ་སྟེར་བྱས་བ་ལགས། དེ་ནས་ངས་ཁྱེད་ཀྱ་ལ་སྨྲ་གིན་ཡེ་ཤུ་ཁོང་པ་རང་མཱ་ཤི་ཀ་ལགས་སྨྲས་རེ་ཁོས་སྨྲས་བ་ལགས།

4 དེ་ནས་འོ་དེ་ནས་ཡ་ཧུ་དཱ་པ་མི་རིང་འགའ་དང་། དཀོན་མཆོག་ལ་འཇིགས་སྐྲག་བྱེད་མཁན་གྷི་རིག་མི་མང་ཆེ་དང་། གཙོ་སྐྱེས་དམན་མང་ཆེ་ཡིས་འང་པའུ་ལུ་ཡི་ལབ་ལ་དད་པ་བྱས་བ་ལགས། དེ་ནས་ཁོང་ཀྱ་པའུ་ལུ་དང་སིལ་བ་ནུ་མུ་ལ་སོང་བ་ལགས།

5 ཡིན་ནའང་ཡ་ཧུ་དཱ་པ་རིང་འགའ་ཕྲག་དོག་ལངས་རེ། སྲང་གག་གི་མི་ངན་པ་ཀྱ་ཁྲིད་དེ་རྒྱལ་ས་རུ་དཀྲུག་གིན་ལས་ཀ་བྱས་བ་ལགས། དེ་ནས་པའུ་ལུ་དང་སིལ་བ་ནུ་ལ་མི་ཀྱ་གདོང་དུ་འཁྲིད་དེ་འོངས་ཡས་ལ་ཁོང་ཀྱ་ཡཱ་སོན་གྱི་ནང་ལ་རུབས་ཏེ་བཙལ་རུ་སོང་བ་ལགས།

6 དེ་ནས་འོ་དུ་རུ་ཁོང་གཉིས་བོ་མ་རྙེད་པ། ཁོང་ཀྱ་ཡིས་ཡཱ་སོན་དང་གཞན་མ་སྤུན་ཟླ་རིང་འགའ་ལ་རྒྱལ་ས་ཡི་དཔོན་པོ་ཀྱ་གདོང་དུ་དྲུད་དེ་འོངས་རེ་དེ་རེ་སྐད་བརྒྱབ་པ་ལགས། ག་རུ་ཡིན་ན་གི་རི་ལ་དཀྲུག་དུ་བཅུག་མཁན་ཀྱ་ད་འདི་རུའང་འོངས་འདུག

7 དེ་ནས་ཡཱ་སོན་གྱིས་ཁོང་ཀྱ་ལ་ཁོ་རི་ནང་དུ་བཞག་འདུག དེ་ནས་དེ་ཀྱ་གི་རི་ཡིས་ཡེ་ཤུ་སྨྲ་གིན་རྒྱལ་བོ་གཞན་མ་གཅིག་འདུག་སྨྲས་རེ་རོ་མཱ་པ་རྒྱལ་བོ་ཡི་བཀའ་ཁྲིམས་ལ་མི་རྩི་ལ་ལགས།

8 དེ་ཧ་གོ་སྟེ་རྒྱལ་ས་ཡི་མི་ཀྱ་དང་དཔོན་པོ་ཀྱ་འཁྲུགས་པ་ལགས།

9 ཞུག་ལ་འོ་དེ་དཔོན་པོ་ཀྱ་ཡིས་ཡཱ་སོན་དང་གཞན་མ་ཀྱ་ལ་ཨ་ལེ་སྟེར་དུ་བཅུག་སྟེ་ཁོང་ཀྱ་ལ་འགྲོ་རུ་བཅུག་པ་ལགས།


པའུ་ལུ་དང་སིལ་བ་ནུ་བེ་རོ་ཡཱ་རྒྱལ་ས་རུ།

10 མཚན་མོ་བྱུང་ལུང་མེད་ད་ལ་དད་པ་བྱེད་མཁན་སྤུན་ཀྱ་ཡིས་པའུ་ལུ་དང་སིལ་བ་ནུ་ལ་བེ་རོ་ཡཱ་རྒྱལ་ས་རུ་བརྫངས་བ་ལགས། དེ་ནས་ཁོང་ཀྱ་འོ་དུ་རུ་སླེབས་ཏེ་ཡ་ཧུ་དཱ་པ་ཀྱ་ཡི་ཚོགས་ཁང་ནང་དུ་སོང་བ་ལགས།

11 འོ་དེ་རྒྱལ་ས་ཡི་ཡ་ཧུ་དཱ་པ་ཀྱ་ཐེ་ས་ལོ་ནི་ཀེ་ཡ་ཧ་དཱ་པ་ཀྱ་ནས་སྣང་བ་ཡང་ང་འོད་ད་ལགས། ཁོང་ཀྱ་ཡིས་པའུ་ལུ་ཡི་ཆོས་ལ་དམི་ཅིག་གི་དོ་སྣང་བྱས་རེ་མཉན་པ་ལགས། དེ་ནས་ཁོས་སྨྲ་གིན་ལབ་ཀྱ་བདེན་པ་ལགས་ཡང་ན་མ་ལགས་སྨྲས་རེ་ཞག་མོ་ཞག་མོ་ལ་གསུང་རབ་སྒྲོག་སྟེ་ལྟ་ལགས།

12 དེ་ནས་དམི་ཅིག་གི་མང་ང་ཡ་ཧུ་དཱ་པ་ཀྱ་ཡིས་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་བ་ལགས། འོ་བྱས་རེ་རང་གཞན་མ་ཁག་ཆེ་གྷི་རིག་སྐྱེས་དམན་དང་ཁྱོ་ག་ཀྱ་ཡིས་འང་དད་པ་བྱས་བ་ལགས།

13 ཡིན་ནའང་པའུ་ལུ་ཡིས་བེ་རོ་ཡཱ་རུའང་དཀོན་མཆོག་གི་བཀའ་བཤད་ཀྱིན་གོ་ཐེ་ས་ལོ་ནི་ཀེ་ཡ་ཧུ་དཱ་པ་ཀྱ་ཡིས་ཧ་གོ་སྟེ། ཁོང་ཀྱ་འོ་དེ་རུའང་འོངས་རེ་མི་ཀྱ་ལ་དཀྲུགས་པ་ལགས།

14 དེ་ནས་དད་པ་བྱེད་མཁན་ཀྱ་ཡིས་པའུ་ལུ་ལ་ཨུ་ཀུ་ར་རྒྱ་མཚོ་ཕྱོགས་ལ་བརྫངས་བ་ལགས། ཡིན་ནའང་སིལ་བ་ནུ་དང་ཏི་མོ་ཐེའུ་གོ་འོ་དུ་རུ་རང་བསྡད་པ་ལགས།

15 པའུ་ལུ་ལ་བསྐྱལ་དུ་འགྲོ་གིན་དད་པ་བྱེད་མཁན་ཀྱ་ཡིས་ཁོ་ལ་ཨ་ཐེ་ནེ་རྒྱལ་ས་ཐུག་པའི་བསྐྱལ་བ་ལགས། དེ་ནས་ཁོང་ཀྱ་བེ་རོ་ཡཱ་རུ་སིལ་བ་ནུ་དང་ཏི་མོ་ཐེའུ་ལ་པའུ་ལུ་རྩ་རུ་མགྱོགས་སེ་ལོག་སྟེ་འོངས་ཡས་ཀྱི་ལོན་དེ་པའུ་ལུ་ནས་ཁྱེར་ཏེ་ལོག་པ་ལགས།


པའུ་ལུ་ཨ་ཐེ་ནེ་རུ།

16 པའུ་ལུ་ཨ་ཐེ་ནེ་རུ་སིལ་བ་ནུ་དང་ཏི་མོ་ཐེའུ་ལ་སྒུག་སྟེ་བསྡད་དེ་གང་ལ། འོ་དེ་རྒྱལ་ས་གི་རི་སྐུ་ཡིས་ཁངས་ཁ་མཐོང་རེ་དམི་ཅིག་གི་སེམས་སྡུག་པ་ལགས།

17 འོ་བྱས་རེ་ཁོ་ཡ་ཧུ་དཱ་པ་ཀྱ་དང་དཀོན་མཆོག་ལ་བརྩིས་མཁན། གྷི་རིག་མི་ཀྱ་མུ་ལ་ཚོགས་ཁང་དུ་སོང་རེ་རྩོད་གླེང་བྱེད་ད་ལགས། དེ་ནས་ཁྲོམ་ལ་རྒྱུག་མཁན་མི་ཀྱ་མུ་ལའང་ཙོག་བའི་ཡེ་ཤུ་ཡི་སྐོར་ལ་རྩོད་གླེང་བྱེད་ད་ལགས།

18 ཨེ་པི་ཀུར་དང་སི་ཏོ་ཡཱི་ཀོས་ཀྱི་མི་མཁས་བ་ཀྱ་ནས་རིང་འགའ་ཡིས་འང་པའུ་ལུ་མུ་ལ་རྩོད་གླེང་བྱས་བ་ལགས། འོ་དེ་ཀྱ་ནས་རིང་འགའ་ཡིས་འདི་ཁ་དིག་གིན་མི་དེ་གི་སྨྲ་ལེ་སྨྲས་རེ་སྨྲས་བ་ལགས། དེ་ནས་རིང་འགའ་ཡིས་འདི་མི་དེ་ནི་ཕྱི་རྒྱལ་གྱི་ལྷ་ཀྱ་ཡི་སྐོར་ལ་བཤད་འདིག་སྨྲས་རེ་སྨྲས་བ་ལགས། གི་བྱས་རེ་སྨྲ་ན་པའུ་ལུ་ཡིས་ཡེ་ཤུ་དང་། ཁོང་པ་འཆི་བ་ནས་ཡང་གསོན་པོ་བྱུང་གིན་གྱི་སྐོར་ལ་གཏམ་བཟང་བཤད་པ་ལགས།

19 འོ་བྱས་རེ་ཁོང་ཀྱ་ཡིས་པའུ་ལུ་ལ་ཨ་རེ་ཨོ་པ་གུ་ཡི་ཚོགས་འདུ་ལ་འཁྲིད་དེ་དྲིས་བ་ལགས། ཁྱེད་རང་གིས་གསུངས་ཀྱིན་དེ་ཆོས་གསར་པ་དེ་གི་ལེ་སྨྲས་རེ་འེ་ཀྱ་ཡིས་ཤེས་ཡས་རག་གི་ལེ།

20 གི་བྱས་རེ་སྨྲ་ན་ཁྱེད་རང་གིས་འེ་ཀྱ་ལ་ལབ་གོ་གྲོ་མོ་རེ་སྨྲིས། དེ་ནས་འདིའི་དོན་དག་གོ་གི་ལེ་སྨྲས་རེ་འེ་ཀྱ་ཤེས་ཉིད་འདོད་འདིག།

21 ཨ་ཐེ་ནེའི་མི་ཀྱ་གི་རི་དང་འོ་དུ་རུ་བསྡད་མཁན་ཕྱི་རྒྱལ་གྱི་མི་ཀྱ་ལས་ཀ་གིན་ད་མི་བྱེད་ད་ལབ་གསར་པ་ཀྱ་ཉན་ཡས་དང་བཏང་ཡས་གཅིག་ཀ་བྱེད་ད་ལགས།

22 དེ་ནས་པའུ་ལུ་ཨ་རེ་ཨོ་པ་གུ་ཡི་གུང་དུ་ལངས་རེ་སྨྲས་བ་ལགས། ཨ་ཐེ་ནེའི་མི་ཀྱ་བོ། ཁྱེད་རང་ཀྱ་ཆོས་ལ་དམི་ཅིག་གི་འཐད་ད་བྱས་ཀྱིན་ངས་མཐོང་བའི།

23 ཁྱེད་ཀྱི་རྒྱལ་ས་ནས་འགྲོའི་གང་ལ་ངས་ཁྱེད་ཀྱ་ཡི་ཆོས་བྱེད་ས་ཅ་ལག་ཀྱ་ལ་བལྟས་བའི། འོ་དུ་རུ་ངས་མཆོད་ཁྲི་གཅིག་ལ་དེ་རེ་བྲིས་བྲ་གཅིག་མཐོང་སོང་། ངོ་མེད་ཤེས་མཁན་ལྷ་ཡི་ཕྱིར་ལ། ད་ཁྱེད་ཀྱ་ཡིས་ངོ་མེད་ཤེས་ལ་ལ་རྩི་གིན་ལྷ་གོ་སུ་ལགས་སྨྲས་རེ་ངས་ཁྱེད་ཀྱ་ལ་སྨྲ་བོ།

24 འཛམ་བུ་གླིང་དང་དེ་ལ་འོད་ཀྱིན་གི་རི་བཀོད་གནང་མཁན་དཀོན་མཆོག་རང་ནམ་མཁའི་ཞིང་ཁམས་དང་འཛམ་བུ་གླིང་གི་གཙོ་བོ་ལགས། ཁོང་པ་མི་ཀྱ་ཡི་བཟོས་ས་ལྷ་ཁང་དུ་མི་བཞུགས་བ་ལགས།

25 དེ་ནས་མིའི་ལག་ཀ་ཡིས་ཕུལ་པ་ཅ་ལག་གིན་ད་ཁོང་པ་ལ་མེད་དགོས་ལ་ལགས། ཡིན་ནའང་ཁོང་པ་ཡིས་རང་མི་ཀྱ་ལ་དགོས་ཀྱིན་མི་ཚེ་དང་། དབུགས་དང་། གཞན་མ་དགོས་ཀྱིན་གི་རི་གནང་ང་ལགས།

26 ཁོང་པ་ཡིས་མི་གཅིག་ནས་འཛམ་བུ་གླིང་ནང་གི་མི་རིགས་གི་རི་བཀོད་གནང་སོང་། ཁོང་པ་ཡིས་རང་འོ་དེ་མི་ཀྱ་ཡིས་པུད་དགོས་ཀྱིན་མི་ཚེའི་དུས་ཚོད་དང་བསྡད་དགོས་ཀྱིན་ས་ཆ་ཨེན་མ་ནས་རང་བསྐོས་མཛད་འོད་ད་ལགས།

27 མི་ཀྱ་ཡིས་ཁོང་པ་ཉིད་དེ་འོད་གྲོ་སྨྲས་རེ་ཧ་ལ་ཚུར་ལ་ཡངས་ཡས་ལ་དཀོན་མཆོག་གིས་དེ་རེ་མཛད་པ་ལགས། ཡིན་ནའང་ཁོང་པ་འོ་རང་ནས་ཐག་རིང་ང་མེད་ད་ལགས།

28 གི་བྱས་རེ་སྨྲ་ན་ཁོང་པ་ཡིས་འོ་རང་ལ་མི་ཚེ་པུད་ཡས་དང་། རྒྱུག་ཡས་དང་། འོ་རང་སུ་ཡིན་གྱིན་གོ་འབྱུང་ཡས་ཀྱི་དབང་གནང་ང་ལགས། དེའི་སྐོར་ལ་ཁྱེད་རང་ཀྱ་ཡིས་ཡིག་རྩོམ་གྱིན་རིང་འགའ་ཡིས་སྨྲས་བ་ལགས། འོ་རང་ཀྱ་ཁོང་པ་ཡི་གདུང་བརྒྱུད་ལགས།

29 འོ་བྱས་རེ་འོ་རང་དཀོན་མཆོག་གི་གདུང་བརྒྱུད་བྱས་རེ་དཀོན་མཆོག་ལ་མི་ཀྱ་ཡི་རིག་པ་དང་། ལག་ཀ་ཡི་རྡོ་གོང་དང་། གསེར་དང་། དངུལ་ནས་བཟོས་ས་སྐུ་སྨྲས་རེ་བསམས་ཡས་མེད་ད་ལགས།

30 ཨེན་མ་ཨེན་མ་མི་ཀྱ་ཡིས་དཀོན་མཆོག་ལ་ངོ་མེད་ཤེས་ཀྱིན་དུས་ཚོད་གོ་དཀོན་མཆོག་གིས་ཡ་མ་བྱས་བ་ལགས། ཡིན་ནའང་ད་ལྟ་ཁོང་པ་ཡིས་མི་གི་རི་ལ་རང་རང་གི་སྡིག་པ་ལ་འགྱོད་པ་བྱས་རེ་ཁོང་པ་ཕྱོགས་ལ་ལོག་སྨྲས་རེ་བཀའ་གནང་བ་ལགས།

31 གི་བྱས་རེ་སྨྲ་ན་ཁོང་པ་ཡིས་བསྐོས་གནང་མཁན་མི་དེའི་ཕྱིར་ནས་འཛམ་བུ་གླིང་གི་མི་གི་རི་ཡིས་ཁྲིམས་གོ་དྲང་པོ་གཅོད་ཡས་སྨྲས་རེ་ཁོང་པ་ཡིས་ཁྲིམས་རྩི་གིན་ཉིན་མ་དེ་བསྐོས་མཛད་འོད་ད་ལགས། དེའི་དཔང་པོ་གོ་ཁོང་པ་ཡིས་ཁོང་ལ་འཆི་བ་ནས་ཡང་གསོན་པོ་བཞེངས་ང་མཛད་དེ་མི་གི་རི་ལ་སྟོན་མཛད་འོད་ད་ལགས།

32 ད་མི་ཤི་ཤ་ཡང་གསོན་པོ་བསླངས་ཀྱི་ལགས་སྨྲས་རེ་གོ་སྟེ་མི་རིང་འགའ་ཡིས་པའུ་ལུ་ལ་གད་ཤོར་ཏེ་སྨད་ཇུ་བཏང་བ་ལགས། ཡིན་ནའང་མི་གཞན་མ་ཀྱ་ཡིས་སྨྲས་བ་ལགས། འེ་ཀྱ་དེའི་སྐོར་ལ་དོ་རང་འང་ཉན་ཉིད་འདོད་འདིག།

33 དེ་ནས་པའུ་ལུ་ཁོང་ཀྱ་ཁོག་ནས་སོང་བ་ལགས།

34 ཁོང་ཀྱ་ནས་མི་རིང་འགའ་ཡིས་དད་པ་བྱས་རེ་པའུ་ལུ་མུ་ལ་སོང་བ་ལགས། འོ་དེ་ཀྱ་ནས་གཅིག་ཨ་རེ་ཨོ་པ་གུའི་དི་ཨོ་ནུ་སིའུ་སྨྲ་མཁན་མི་དང་། གཞན་མ་དཱ་མ་རཱི་སྨྲ་མཁན་སྐྱེས་དམན་ལགས། དེ་ནས་མི་གཞན་མ་ཀྱ་ཡིས་འང་གཙོ་བོ་ལ་དད་པ་བྱས་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan